Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིན་ཐང་བྲལ་བའི་རྡོ།

Posted on 2020-05-13 By ཁ་བརྡ 1 Comment on རིན་ཐང་བྲལ་བའི་རྡོ།

རྐ་སྲས་ཀྱིས་བསྒྱུར།

ཉིན་ཞིག་གཞོན་ནུ་ཞིག་གིས་རང་གི་ཨ་ཕ་ལ་རང་ཉིད་ཀྱི་མི་ཚེའི་རིན་ཐང་ཅི་འདྲ་ཞིག་ཡིན་ནམ་ཞེས་དྲི་བ་དྲིས་པ་རེད།

དྲི་བར་ལན་འདེབ་རྒྱུའི་ཚབ་ཏུ་ཁོས་རང་གི་བུ་ལ “རྡོ་འདི་ཁྱེར་ནས་ཁྲོམ་ལ་བཙོང་དུ་སོང་། གལ་ཏེ་རིན་གོང་འདྲི་མཁན་བྱུང་ན། མཛུབ་མོ་གཉིས་སྟོན་ལ་སྐད་ཆ་གཞན་ཅི་ཡང་མ་ཤོད”་ཅེས་བཤད།

བུ་ཆུང་ཁྲོམ་དུ་སོང་ནས་བུད་མེད་ཅིག་དང་ཕྲད། “འདི་ལ་ག་ཚོད་རེད། རྡོ་འདི་ངས་རང་གི་ལྡུམ་རྭའི་ནང་དུ་འཇོག་ན་འདོད”་ཅེས་དྲིས། ཁོས་ཅི་ཡང་མ་བཤད་པར་མཛུབ་མོ་གཉིས་བསྟན་པས། བུད་མེད་དེས་“ཨ་སྒོར་གཉིས། ངས་རྡོ་འདི་ཉོ་རྒྱུ་ཡིན”་ཞེས་བཤད།

དེ་ནས་བུ་ཆུང་རང་ཁྱིམ་དུ་སོང་ནས། “ཨ་ཕ་བུད་མེད་ཅིག་གིས་རྡོ་འདི་ལ་ཨ་སྒོར་གཉིས་སྟེར་གྱི་འདུག”་ཅེས་བཤད། དེ་ནས་ “ཨ་ཕས་བུ་ཆུང་། ད་རྡོ་འདི་ཁྱེར་ནས་ཁྱོད་འགྲེམ་སྟོན་ཁང་ཞིག་ཏུ་སོང་། རིན་གོང་འདྲི་མཁན་བྱུང་ཚེ་སྔར་བཞིན་ཅི་ཡང་མ་བཤད་པར་མཛུབ་མོ་གཉིས་སྟོན་ཅིག”ཅེས་མངགས་བྱ་བྱས།

དེ་ནས་བུ་དེ་འགྲོམ་སྟོན་ཁང་དུ་སོང་བ་ན། སྐྱེས་པ་ཞིག་གིས་རྡོ་དེའི་གོང་ཚད་དྲིས། ཁོས་ཨ་ཕས་བཤད་པ་བཞིན་བྱས་པས། སྐྱེས་པ་དེས་ “ཨ་སྒོར་གཉིས་སྟོང་ཡིན་ནམ། ངས་ཉོ་རྒྱུ་ཡིན་”ཟེར། བུ་ཆུང་ཧང་སང་སྟེ་རང་ཁྱིམ་དུ་རྒྱུགས་ཕྱིན་ནས། “ཨ་ཕ་མི་ཞིག་གིས་རྡོ་འདི་ལ་ཨ་སྒོར་གཉིས་སྟོང་སྟེར་གྱི་འདུག”་ཅེས་བཤད།

ཡང་ཨ་ཕས་ “བུ་ཆུང་ད་ཆེས་མཐའ་མཇུག ཁྱོད་ཀྱིས་རྡོ་འདི་ཁྱེར་ནས་འགྲོ་དགོས་ས་ནི། རིན་པོ་ཆེ་ཚོང་ཁང་ཡིན། ཚིག་གཅིག་ཀྱང་མ་བཤད་པར་རྡོ་འདི་ཚོང་བདག་ལ་སྟོན་ཅིག ཁོས་རིན་གོང་དྲིས་ན། སྔར་བཞིན་མཛུབ་མོ་གཉིས་སྟོན་”ཞེས་ལམ་སྟོན་བྱས།

དེ་ནས་བུ་ཆུང་རིན་པོ་ཆེ་ཚོང་ཁང་ཞིག་ཏུ་སོང་ནས། ཚོང་བདག་ལ་རྡོ་བ་དེ་བསྟན་པས། ཚོང་བདག་གིས་ “ཁྱོད་ལ་འདི་གང་ནས་རག་བྱུང་། འདི་ནི་འཛམ་གླིང་ན་ཆེས་དཀོན་པའི་རིན་པོ་ཆེ་ཞིག་རེད། བདག་གིས་རྡོ་འདི་ངེས་པར་དུ་ཉོ་རྒྱུ་ཡིན། ཁྱོད་ཀྱིས་འདི་ག་ཚོད་ལ་བཙོང་རྒྱུ་ཡིན”་ཞེས་དྲིས་པས། བུ་ཆུང་གིས་མཛུབ་མོ་གཉིས་བསྟན་པ་ན། ཚོང་བདག་གིས་ “ངས་འདི་ལ་ཨ་སྒོར་སྟོང་ཕྲག་གཉིས་བརྒྱ་སྟེར་”ཞེས་བཤད།

བུ་ཆུང་གིས་ཅི་ཞིག་ཤོད་དགོས་པ་ཡང་མ་ཤེས་པར་ཁྱིམ་དུ་ལོག་ནས། “ཨ་ཕ་ཚོང་བདག་ཞིག་གིས་འདི་ལ་ཨ་སྒོར་སྟོང་ཕྲག་གཉིས་བརྒྱ་སྟེར་གྱི་འདུག་”ཅེས་བཤད་པ་ན། ཨ་ཕས་ “བུ་ཆུང་། ད་ལྟ་ཁྱོད་ཀྱིས་རང་གི་མི་ཚེའི་རིན་ཐང་རྟོགས་བྱུང་ངམ། ཁྱོད་རང་གང་ནས་ཡོང་བ་དང་། གང་ནས་སྐྱེས་པ། ཁྱོད་ཀྱི་པགས་པའི་མདོག ཁྱོད་རང་ཁྱིམ་ཚང་ཅི་ཙམ་ཕྱུག་པོ་ཞིག་ཏུ་སྐྱེས་མིན་སོགས་ནི་གནད་དོན་ཞིག་མ་རེད། ཆེས་གལ་ཆེ་བའི་གནད་འགག་ནི། ཁྱོད་ཀྱིས་རང་ཉིད་གནས་ཚད་ཅི་འདྲ་ཞིག་གི་སར་འཇོག་པ་དང་། རང་ཉིད་གྲོགས་ཅི་འདྲ་ཞིག་དང་འགྲོག་མིན། རང་ཉིད་ལ་ཅི་ལྟར་བདག་གཅེས་བྱེད་མིན་བཅས་ལ་ཐུག་ཡོད།

ཁྱོད་ཀྱིས་མི་ཚེ་ཧྲིལ་པོར་རང་ཉིད་ཨ་སྒོར་གཉིས་རི་བའི་རྡོ་བ་ཞིག་ཡིན་སྙམ་ནས་མི་ཚེ་སྐྱེལ་སྲིད་ལ། ཁྱོད་ཀྱི་རིན་ཐང་ཨ་སྒོར་གཉིས་ཙམ་དུ་མཐོང་བའི་གྲོགས་པོ་དང་འགྲོག་ཀྱང་སྲིད།

འོན་ཀྱང་། མི་ཚང་མའི་བརྒྱུད་ན་རྡོ་རྗེ་ཕམ་རེ་ཡོད་པ་ཡིན་པས། ང་ཚོ་རང་ཉིད་ཀྱི་རིན་ཐང་ཤེས་མཁན་དང་། ང་ཚོའི་རྒྱུད་ཀྱི་རྡོ་རྗེ་ཕ་ལམ་མཐོང་བའི་མི་དང་འགྲོག་དགོས།

ང་ཚོས་རང་ཉིད་ཁྲོམ་དུ་འཇོག་པའི་གདམ་ག་བྱེད་ཆོག་ལ། རང་ཉིད་རིན་པོ་ཆེ་ཚོང་ཁང་དུ་ཁྱེར་བའི་གདམ་གའང་བྱས་ཆོག

དེར་མ་ཟད། ང་ཚོས་རང་ཉིད་གཞན་གྱི་རིན་ཐང་མཐོང་ཐུབ་མཁན་ཞིག་ཀྱང་བྱས་ཆོག་ལ། མི་གཞན་ལ་ཁོ་ཚོའི་རྒྱུད་ཀྱི་རྡོ་རྗེ་ཕམ་ལམ་མཐོང་དུ་བཅུག་ནའང་འཐུས།

གང་ལྟར། རང་ཉིད་ཀྱི་འཁོར་ཡུག་ཅི་འདྲ་ཞིག་འདེམ་པའི་གདམ་ག་བྱེད་མཁས་པ་བྱོས། གནད་དོན་འདིས་ཁྱོད་ཀྱི་མི་ཚེ་ཧྲིལ་པོར་ཁྱད་པར་ཆེན་པོ་བཟོ་བ་ཡིན་ཞེས་བཤད་པ་རེད།
13/5/2020

འགྱུར་རྩོམ།

Post navigation

Previous Post: རྒྱ་གར་གྱི་གློག་བརྙན་གླུ་གཞས་ཚན་པ་གཉིས།
Next Post: རྩོམ་ཉོག་རྒྱ་ནད19པ།  

Comments (1) on “རིན་ཐང་བྲལ་བའི་རྡོ།”

  1. བདེ་འཇགས་ཕོ་ཉ། says:
    2020-05-14 at 12:41 pm

    རྐ་སྲས་ཡིན་ནམ་ཁ་སྲས་ཡིན། འདི་མྱི་དམྱལ་བ་རེད་ཡ། འདིས་མཚམས་མཚམས་རྩོམ་ཡིག་ཡག་པ་རེ་བསྒྱུར་ནས་ངའི་ཀླད་པ་ལ་བྱི་དོར་རེ་བྱེད་ཀི། དམྱལ་བ་བོ། རྗེས་མ་མུ་མཐུད་དུ་ཡིན་ད། འདི་མོ་འདི་བསྒྱུར་དགོས་ནི་རེད་ཡ། རང་ཚོད་ཚོད་མེད་ར། སྙན་ངག་ཡིན་ན་གཅིག་ཡིན་ལབ་ནས་བཀླགས་ན་གོ་རྒྱུ་མེད་ནོ་དེ་མོ་དེ་བྲིས་ནས་ཅི་བྱའམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme