Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིན་ཆེན་སྒྲོན་མེའི་དབྱིན་སྒྱུར་གྱི་ལེའུ།

Posted on 2020-12-28 By ཁ་བརྡ 9 Comments on རིན་ཆེན་སྒྲོན་མེའི་དབྱིན་སྒྱུར་གྱི་ལེའུ།

བློ་བཟང་རིན་ཆེན་གྱིས་བསྒྱུར།

1 Knowledge will give you power, but good character will give you respect.
1 ཤེས་ཡོན་གྱིས་ཁྱོད་ལ་སྟོབས་ཤུགས་སྦྱིན་མོད། འོན་ཀྱང་གཤིས་རྒྱུད་བཟང་པོས་ཁྱོད་ལ་བརྩི་འཇོག་སྦྱིན་ངེས།

2 Don’t change yourself to win someone’s heart. Stay true and you’ll find someone who likes you for being you.
2 མི་གཞན་གྱི་ཡིད་སེམས་འགུག་ཆེད་རང་ཉིད་མ་བསྒྱུར་བར་བདེན་པ་རྒྱུན་འཁྱོངས་བྱས་ན། ད་གཟོ་ཁྱོད་ཀྱིས་རང་ཉིད་ལ་དགའ་བའི་མི་ཞིག་རྙེད་ཐུབ།

3 Trust is like glass,once broken it will never be the same again。
3 ཡིད་ཆེས་ནི་ཤེལ་དམ་ཞིག་དང་མཚུངས། ཐེངས་གཅིག་གཏོར་བརླག་ཏུ་སོང་ཚེ། ནམ་ཡང་སྔར་བཞིན་འགྱུར་རྒྱུ་མེད།

4 Always love your friends from your heart and not from your mood or need.
4 རང་གི་བློས་ཐུབ་ཀྱི་གྲོགས་པོ་ལ་རྒྱུན་དུ་སེམས་སྟེང་ནས་བརྩེ་བ་སྤྲོད་དགོས་པ་ལས། རང་གི་ཁམས་དང་དགོས་མཁོ་དང་བསྟུན་ནས་བརྩེ་བ་སྤྲོད་མི་བྱ།

5 Never lie to someone who trusts you and never trust someone who lies to you.
5 ཁྱོད་ལ་ཡིད་རྟོན་བྱེད་པའི་མི་ལ་ནམ་ཡང་རྫུན་བཤད་མི་རུང་ཞིང་། ཁྱོད་ལ་རྫུན་བཤད་པའི་མི་ལ་ནམ་ཡང་ཡིད་རྟོན་བྱ་མི་རུང་།

6 Don’t change so people will like you. Be yourself and the right people will love the real you.
6 རང་ཉིད་ལ་འགྱུར་བ་མི་གཏོང་བར་རང་ཉིད་ངོ་མ་དེ་བྱོས་དང་། མི་མང་པོ་ཞིག་ཁྱེད་ཉིད་ལ་དགའ་བར་ངེས་ལ། དོན་དམ་གྱི་མི་ཞིག་གིས་ཁྱེད་ལ་བརྩེ་བ་སྤྲོད་ངེས།

7 Keep your distance from people who will never admit they are wrong and always try to make you feel like it’s all your fault.
7 ནོར་འཁྲུལ་ངོས་ལེན་མི་བྱེད་པའི་མི་ལ་རྒྱང་ཐག་འཇོག་དགོས། ཁོ་ཚོས་རྒྱུན་དུ་རང་གི་ནོར་འཁྲུལ་ཡོད་ཚད་ཁྱེད་ལ་འགེལ་ངེས།

8 Success is not always what you see.
8 རྒྱལ་ཁ་ནི་ཁྱེད་ཀྱི་མཐོང་བ་ལྟར་མིན།

9 Broken trust is like a melted chocolate, no matter how you tried to freeze it it will never return to its original shape.
9 ཆག་གྲུམ་ཤོར་བའི་ཡིད་ཆེས་ནི་ཅོག་ལེ་ཊི་ཞུ་བ་དང་མཚུངས། ཁྱེད་ཀྱིས་དེ་ཇི་ལྟར་འཁྱག་པ་བཟོས་ཀྱང་སྔར་གྱི་རྣམ་པར་ཕྱིར་ལོག་མི་ཐུབ།

10 When someone is so sweet to you, don’t expect that person will be like that all the time. Remember, even the sweetest chocolate expires.
10 མི་ཞིག་གིས་ཁྱེད་ལ་སྤྲོ་སྣང་སྤྲོད་སྐབས། ཞིམ་མངར་ལྡན་པའི་ཅོག་ལེ་ཊི་ལའང་དུས་ཚོད་རྫོགས་རྒྱུ་ཡོད་པ་ཡིད་ལ་བཅིངས་ནས། ཁོས་ནམ་ཡང་དེ་ལྟར་བྱེད་པའི་རེ་བ་མ་གནང་།

11 Never stop trying. Never stop believing. Never give up. Your day will come.
11 བརྩོན་པ་མ་ལྷོད། ཡིད་ཆེས་མ་བརླག་པར་མདུན་དུ་བསྐྱོད་ཚེ། ཉིན་ཞིག་ཁྱེད་ཀྱི་དམིགས་འདུན་ལ་སླེབ་ངེས།

2020/12/25

•འདི་ནི་ཁོ་བོས་དྲ་ལམ་གྱི་ལེགས་བཤད་ཐུང་ངུ་གོ་སླ་བ་འགའ་ཞིག་ཕྱོགས་བསྒྲིགས་བྱས་ཏེ་བོད་ཡིག་ཏུ་བསྒྱུར་ཁུལ་བྱས་པ་ཙམ་ལགས་ན། ལྷག་བསམ་གཙང་བའི་དགེ་རྒན་རྣམས་དང་དྲ་གྲོགས་དག་གིས་ནོར་བ་ཡོ་བསྲང་དང་ལམ་སྟོན་གང་མང་ཞིག་གནང་བའི་རེ་བ་ལྕི།

འགྱུར་རྩོམ།

Post navigation

Previous Post: ལ་དྭགས་མཁས་དབང་བཀྲ་ཤིས་རབ་རྒྱས་སྐུ་གྲོངས་པ།
Next Post: རྒྱ་རི་སྒྲོལ་མ་ལགས་སུ་སྲིད་སྐྱོང་གི་འོས་ཆོས་མང་། ལེའུ་གཉིས་པ།

Comments (9) on “རིན་ཆེན་སྒྲོན་མེའི་དབྱིན་སྒྱུར་གྱི་ལེའུ།”

  1. ཀརྡོ་རབ་འབྱམས་པ་ says:
    2020-12-29 at 6:52 am

    ཁྱེད་རང་གི་འགྱུར་འདི་ཡག་པོ་བྱུང་འདུག ཕལ་ཚིག་མང་བའི་འགྱུར་གསར་ཞིག་དགོས་ན་ངས་བྲིས་ནས་ཕུལ་ཆོག

  2. བདེ་འཇགས་ཕོ་ཉ། says:
    2020-12-29 at 8:33 am

    ཡོ་བ་བསྲང་ཡ་ཡོད་མེད་གས་ཤེས་མ་སོང་། གང་ལྟར་ང་ནི་ཚིགས་བཅད་གཅིག་མེད་ཀྱང་བོད་ཀྱི་སྐད་ཡིག་ཏུ་ལེན་མཁན་རྣམ་པར་རབ་ཏུ་དགའ། ཤིན་ཏུ་གུས། བཀའ་དྲིན་ཆེ།

  3. ཀརྡོ་རབ་འབྱམས་པ་ says:
    2020-12-29 at 8:40 am

    1 Knowledge will give you power, but good character will give you respect.
    1 ཤེས་ཡོན་གྱིས་ཁྱོད་ལ་སྟོབས་ཤུགས་སྤྲོད་ཐུབ་ཀྱང་། ཡ་རབས་བཟང་སྤྱོད་ཀྱིས་ཁྱོད་ལ་བརྩི་མཐོང་འོངས།

    2 Don’t change yourself to win someone’s heart. Stay true and you’ll find someone who likes you for being you.
    2 མི་གཞན་པ་ཞིག་གི་ཡིད་སེམས་འགུག་པར་རང་བློ་སྒྱུར་མི་ཉན། རང་ཚུགས་མུ་མཐུད་ནས་སྡོད་དང་། ཁྱོད་རང་ལ་དགའ་མཁན་ཞིག་ཡོད་པ་རང་གིས་ཤེས་ཐུབ།

    3 Trust is like glass,once broken it will never be the same again。
    3 ཡིད་ཆེས་ནི་ཤེལ་ནང་བཞིན་རེད། ལན་ཅིག་ཆག་སོང་ན། སྔར་ནང་བཞིན་ཡང་སྐྱར་ནམ་ཡང་མི་འོངས།

    4 Always love your friends from your heart and not from your mood or need.
    4 རང་སྐྱིད་པོ་ཡོད་མེད་དང་། དགོས་མཁོ་དང་བསྟུན་ནས་མ་ཡིན་པར། རང་གིས་གྲོགས་པོ་ཚོ་ལ་སྙིང་གུང་ནས་དགའ་དགོས།

    5 Never lie to someone who trusts you and never trust someone who lies to you.
    5 ཁྱོད་ལ་ཡིད་ཆེས་བྱེད་མཁན་མི་ལ་རྫུན་ནམ་ཡང་ཤོད་མི་རུང་། ཁྱོད་ལ་རྫུན་བཤད་པའི་མི་ལ་ཡིད་ཆེས་ནམ་ཡང་བྱེད་རྒྱུ་མེད།

    6 Don’t change so people will like you. Be yourself and the right people will love the real you.
    6 སྒྱུར་བ་མ་གཏོང་བར་སྡོད་དང་། མི་ཚོས་ཁྱོད་ལ་དགའ་པོ་བྱེད་འོངས། ཁྱོད་རང་ཁྱོད་རང་ནང་བཞིན་སྡོད་དང་། མི་དངོས་གནས་ཡག་པོ་དེ་ཚོས། ཁྱོད་རང་ལ་དངོས་གནས་དགའ་ཡོང་།

    7 Keep your distance from people who will never admit they are wrong and always try to make you feel like it’s all your fault.
    7 སོ་སོའི་ནོར་འཁྲུལ་ལ་ངོས་ལེན་བྱེད་མི་ཐུབ་མཁན་དང་གཅིག ཁོ་ཚོས་རྒྱུན་དུ་ནོར་འཁྲུལ་ཡོད་ཚད་ཁྱོད་རང་ལ་ཡོད་པར་བློ་དྭོགས་བཟོ་མཁན་དེ་ཚོ་དང་ཐག་རིང་ཙམ་སྡོད་དགོས།

    8 Success is not always what you see.
    8 ཁྱེད་རང་གིས་རྒྱུན་དུ་གང་མཐོང་བ་དེ། ལམ་ལྷོང་མ་རེད།

    9 Broken trust is like a melted chocolate, no matter how you tried to freeze it it will never return to its original shape.
    9 ཆག་གྲུམ་ཤོར་བའི་ཡིད་ཆེས་ནི། ཅོག་ལེ་ཊི་ཞུ་བ་དང་གཅིག་པ་རེད། ཁྱེད་ཀྱིས་ཇི་ཙམ་འབད་ནས་འཁྱག་པ་བཟོས་ཀྱང་། སྔར་གྱི་ནང་བཞིན་བཟོ་དབྱིབས་རྙིང་པར་སྐྱར་ལོག་མི་ཐུབ།

    10 When someone is so sweet to you, don’t expect that person will be like that all the time. Remember, even the sweetest chocolate expires.
    10 དུས་ཞིག་ལ་མི་ཞིག་གིས་ཁྱེད་ལ་དགའ་སྣང་སྐྱེ་སོང་ན། མི་དེ་ལས་རྟག་པར་འདི་འདྲ་འོངས་བའི་རེ་བ་རྒྱག་མི་ཉན། དཔེར་ན། དུས་ཚོད་ཡོལ་བའི་ཅོག་ལེ་ཊི་ཀྱང་། དགའ་སྣང་འོངས་ཐུབ།
    ༼མཆན། ཨིན་སྐད་དུ། sweet , sweet གཉིས་ཡོད་པ་ལྟར། བོད་འགྱུར་ནང་ལ། དགའ་སྣང་། དགའ་སྣང་གཉིས་ཡོད་པ་བཟོས་ཡོད། ༽

    11 Never stop trying. Never stop believing. Never give up. Your day will come.
    11 བརྩོན་པ་ནམ་ཡང་མ་ལྷོད། ཡིད་ཆེས་ནམ་ཡང་མ་བརླག རེ་བ་ནམ་ཡང་མ་ཆད། ཁྱོད་ཀྱི་ཉི་མོ་དེ་འོངས་ངེས།

  4. ཀརྡོ་རབ་འབྱམས་པ་ says:
    2020-12-29 at 9:07 am

    དྲ་གྲོགས་བློེ་རིན་ལགས་ལ་སྐྱོན་བརྗོད་དང་། ཡོ་སྲང་གང་ཡང་བྱས་པ་མིན། དིང་དུས་ང་ཚོའི་བོད་སྐད་སྤྱི་སྐད་འབྲི་སྟངས་ལ་ཞབས་ཞུ་ཅུང་ཟད་ཅིག་ཞུ་ཐུབ་ན་སྙམ་ནས། གོ་སྐབས་ཡོད་ཚད་ལ་སྨྱོན་པ་ལྟར་བྱུས་གཏོགས་བྱས་ནས། གཞོན་སྐྱེས་འགའ་ལ་ཕན་ན། སྙམ་ནས་བསྒྱུར་བའོ།།

  5. jigwang Abharu says:
    2020-12-31 at 4:21 pm

    ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འདི་ཡང་རང་སེམས་འདུལ་བའི་ཆེད་ཡིན་གསུངས་པ་
    དེ་འདྲའི་སེམས་དེ་འདུལ་དཀའ་བ་ཅི་ཡིན་ནམ། གོ་བདེ་བའི་གསལ་བཤད་གཅིག་གནང་དང།

  6. ཀརྡོ་རབ་འབྱམས་པ་ says:
    2020-12-31 at 5:09 pm

    རྒྱུ་མཚན་ནི།
    ཡོན་ཏན་མེད་ཀྱང་ང་རྒྱལ་སྐྱེ། །
    བཏང་སྙོམས་སྒོམ་ཡང་ཁྲག་དྲོ་འོངས།
    ཁོང་ཁྲོ་བྱེད་འདོད་མེད་ཀྱང་སྐྱེ། །
    འདོད་ཆགས་དགའ་ནས་གོམས་དྲག་སྐྱོན། །
    གཏི་མུག་དེ་བས་བསལ་དཀའོ།།

  7. ཀརྡོ་རབ་འབྱམས་པ་ says:
    2021-01-01 at 3:10 am

    ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དེ་ཡང་། ཆོས་པོ་ཏིའི་བོང་ཚོད་ལ་མ་ཡིན་པར། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། དུག་གསུམ་ཆ་སྙོམས་པ་བཞི་རུ་ཕྱེ་ནས། རེར་རེས་ལ་ཉི་ཁྲི་ཁྲི་བཞི་སྟོང་། ཉི་ཁྲི་བཞི་སྟོང་ཡོད་པའི་གཉེན་པོར་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དུ་གསུངས་དགོས་བྱུང་བ་རེད། དེ་མིན་པོ་ཏི་ཙམ་ལ་བརྩིས་ན། ཡོད་པ་ལས་ཉམས་པ་མང་བ་ཡང་ཡོད་་སྲིད་པས། ད་ཡོད་བཀའ་བསྟན་དེ་དག་གི་ས་སངས་རྒྱས་སུ་འགྲོ་བའི་ལམ་ཆ་ཚང་མེད་པར་ཁས་ལང་དུ་སོང་བས་སྐྱོན་ཡོད་རེད།

  8. ཀརྡོ་རབ་འབྱམས་པ་ says:
    2021-01-01 at 4:18 am

    ཚིག་གཅིག་ཏུ་དགོས་ན། སངས་རྒྱས་མ་རྒྱས་བར་དུ་འདུལ་དཀའ་བ་མང་པོ་ཡོད་པས་སོ།།

  9. བློ་བཟང་རིན་ཆེན། says:
    2021-01-02 at 2:31 am

    རྒན་ཀརྡོ་རབ་འབྱམས་པ་དང་བདེ་འཇགས་ཕོ་ཉ་སོགས་ཀྱིས་ཞབས་མཆན་བཀོད་པར་ཐུགས་རྗེ་ཆེ་ཞུ། ལྷག་དོན་རྒན་ཀརྡོ་རབ་འབྱམས་པ་ལགས་ཀྱི་ལམ་སྟོན་གནང་བར་བཀའ་དྲིན་ཆེ། ང་ནི་དབྱིན་ཡིག་ཤེས་འདོད་ཡོད་པའི་ལས་དང་པོ་བ་ཞིག་ཡིན། དེའི་སྟབས་ཀྱི་ཁྱེད་ཅག་གི་ལམ་སྟོན་ཧ་ཅང་མཁོ། བཀའ་དྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme