Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིགས་རྒྱུད་སྤེལ་རྒྱུ་ནི་ང་ཚོའི་འཐབ་རྩོད་ཀྱི་སྒུལ་ཤུགས་ཡིན།

Posted on 2012-07-08 By འདྲེ་རིག་ལྡན 40 Comments on རིགས་རྒྱུད་སྤེལ་རྒྱུ་ནི་ང་ཚོའི་འཐབ་རྩོད་ཀྱི་སྒུལ་ཤུགས་ཡིན།

འདས་པའི་ལོ་འགའི་རིང་ལ་དགོན་སྡེ་ཁག་གི་གྲྭ་རྒྱུན་ཆད་བཞིན་པའི་དཀའ་ངལ་གླེང་མཁན་བོད་ཕྱི་ནང་གཉིས་ནས་བྱུང་སོང་ལ། གནད་དོན་དེའི་ཆེད་དུ་ཐབས་ལམ་ཡང་རབ་དང་རིམ་པ་ཞིག་བསྟེན་ཡོད་ཚོད་རེད། ངེད་ཀྱི་གྲོང་སྡེར་མཚོན་ན་དགོན་བདག་བླ་མས་ཁྱིམ་དཔོན་རྣམས་བོས་ནས་དགོན་པར་གྲྭ་རྒྱུན་གཏོང་དགོས་པའི་སྐུལ་མ་བཏང་བ་ལ་བརྟེན་ནས་ལོ་ན་བདུན་ནས་བཅུ་གཅིག་བར་གྱི་བྱིས་པ་ཉེར་གཅིག་ཨ་མའི་པང་ཁ་ནས་ཐད་ཀར་དགོན་པར་བསྐྱལ་འདུག  དེ་ལ་དགེ་མཚན་དང་ལེགས་ཉེས་གང་ཡོད་ཀྱི་བསམ་བློ་གང་ཡང་གཏང་མེད་ལ། འདིར་བརྗོད་པར་བྱ་བའི་གཞི་ཡང་གཏན་ནས་མིན།

འདིར་བཤད་འདོད་པ་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་སྔོན་འགྲོ་སློབ་གྲྭ་མང་པོ་ཞིག་གི་སྒོ་བརྒྱབ་ཟིན་པའམ་རྒྱག་ལ་ཉེ་བ་དག་ཡིན། འདིར་དཔེར་མཚོན་ཙམ་བཀོད་ན་ཀམ་རོ་གཞིས་ཆགས་ཀྱི་སྔོན་འགྲོ་དང་དམའ་རིམ་སློབ་གྲྭ། ཤྲི་ཀུ་རི་གཞིས་ཆགས་ཀྱི་སྔོན་འགྲོ་དང་དམའ་རིམ་སློབ་གྲྭ། ལཁན་ཝ་ལྰ་གཞིས་ཆགས་ཀྱི་སྔོན་འགྲོ་དང་དམའ་རིམ་སློབ་གྲྭ་སོགས། གཞིས་ཆགས་ཆུང་ཁག་གི་སློབ་གྲྭ་མང་པོ་ཞིག་གི་སྒོ་བརྒྱབ་ཟིན་འདུག་པ་དང་། ད་ལོ་དང་སང་ལོར་སྒོ་རྒྱག་དགོས་ཐུག་ལ་ཉེ་བའི་སློབ་གྲྭའང་མང་དག་ཅིག་ཡོད་པ་རེད།  གནས་ཚུལ་འདི་དག་གླེང་མཁན་ནི་གཞིས་ཆགས་ཁག་གི་རྒན་རྒོན་ཚོ་དང་། སློབ་གྲྭ་དེ་དག་ཏུ་ལས་ཀ་གཉེར་བཞིན་པའི་དགེ་རྒན་དང་ལས་བྱེད་རེ་ཟུང་ལས་གཞན་སུ་ཡང་མེད་སོང་བ་ཡིན་ནམ། ངས་ཡུན་རིང་ཞིག་སློབ་གྲྭ་འདི་དག་གི་ལས་དབང་ལ་བསམ་གཞིགས་བྱས་པ་ཡིན་ལ། འདིའི་ཐད་ད་བར་དུ་གཞན་གྱིས་ཐུགས་སྣང་གནང་ཡོད་མེད་ཐད་ལ་ཡང་ནུས་ཚོད་ཀྱིས་རྒྱུས་ལོན་ཞིག་བྱས་པ་ཡིན། བོད་གཞུང་གི་ངོས་ནས་ཐབས་ལམ་རེ་ཟུང་བསྟེན་འདུག་མོད། འོན་ཀྱང་ད་ཆ་ཐབས་ལམ་དེ་དག་གིས་ནུས་པ་ཐོན་མེད་པ་གསལ་བོར་མངོན་འདུག

བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བྱིས་པ་སྐྱེ་ཚད་ལོ་རེ་ནས་ལོ་རེར་ཇེ་ཉུང་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ནི་དཔལ་འབྱོར་གྱི་གནད་དོན་ཐུག་འདུག་པ་ལས་གཞན་སུ་དང་གང་ལ་ཡང་ལག་པ་འཕྱི་ས་མི་འདུག  དེང་སང་གི་ཕ་མ་ཚོར་ཕྲུ་གུ་སློབ་གྲྭར་གཏོང་བ་ལ་སྔོན་དང་མི་འདྲ་བའི་དཀའ་ངལ་མང་པོ་ཞིག་ཡོད་པ་སྟེ། སློབ་ཆེན་སློབ་ཕྲུག་ཚོར་གློག་ཀླད་དང་། ལག་ཁྱེར་ཁ་པར། སྦག་སྦག་སོགས། སྔོན་ཆད་མེད་པའམ་མི་དགོས་པའི་འགྲོ་སོང་མང་པོ་ཞིག་དེང་སང་མེད་ཐབས་མེད་པར་གྱུར་ཡོད་པ་རེད། འོན་ཀྱང་། ཕ་མ་དག་གི་ཟླ་རེའི་ཡོང་སྒོ་ལ་འཕར་ཆ་ཆེན་པོ་བྱུང་མེད། དེ་ནི་དཀའ་ངལ་འདིའི་འགག་རྩ་གཙོ་བོ་དེ་རེད་འདོད།

དཀའ་ངལ་འདི་བསལ་བ་ལ་ཐབས་ལམ་མེད་པ་ཡང་མིན་ཏེ།  ནུབ་ཕྱོགས་དང་ཡུ་རོབ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ན་ཡོད་པའི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས་ཟླ་རེར་ཨ་སྒོར་ཉི་ཤུ་རེའི་ཞལ་འདེབས་སྤྲོད་ཐུབ་པ་ཡིན་ན། བོད་ཕྲུག་ཁྱིམ་སྡེའམ་ཡང་ན་དཔེ་སྟོན་སློབ་གྲྭ་ལྟ་བུ་རྒྱ་བསྐྱེད་ནས་གཞིས་ཆགས་ཁག་གི་སློབ་གྲྭ་ཚང་མར་འཛིན་སྐྱོང་བྱེད་ཆོག་ལ།  སྐབས་དེར་ཁྱིམ་ཚང་རེར་བྱིས་པ་གསུམ་དང་གསུམ་ལས་མང་བ་ཡོད་ཚེ། ཁྱིམ་ཚང་དེའི་བྱིས་པ་ཚང་མའི་སྔོན་འགྲོ་ནས་སློབ་ཆེན་བར་གྱི་སློབ་ཡོན་ཚང་མ་བོད་ཁྱིམ་ནས་གཏོང་རྒྱུ་བྱེད་ཆོག་པ་རེད། དེ་ལྟར་བྱས་ཚེ་ཁྱིམ་གཅིག་གིས་ཉུང་མཐར་ཡང་བུ་ཕྲུག་གསུམ་རེ་སྐྱེ་ངེས་རེད།

འདི་ནི་དོན་དངོས་སུ་མི་རིགས་ཀྱི་འཐབ་རྩོད་ལ་ཕན་པའི་བྱ་བ་རླབས་ཆེན་ཞིག་རེད་མི་འདུག་གམ།

གསར་འགྱུར།

Post navigation

Previous Post: གྲོགས J.B ལ།
Next Post: བན་བོན་གྱི་བླ་མ་རོང་ལེའི་ཞབས་བརྟན་གསོ་སྨན་བདུད་རྩིའི་བུམ་བཟང་ཞེས་བྱ་བ། །

Comments (40) on “རིགས་རྒྱུད་སྤེལ་རྒྱུ་ནི་ང་ཚོའི་འཐབ་རྩོད་ཀྱི་སྒུལ་ཤུགས་ཡིན།”

  1. ཆུ་ཐིགས་སྔོན་མོ says:
    2012-07-08 at 2:44 am

    འོ་ལགས་སོ་་་དེ་དེ་བཞིན་བགྱིའོ།།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-08 at 3:54 am

    སློབ་གྲྭ་དང་དགོན་པར་བཙུན་བྱེད་མཁན་ནི་ལ་དྭགས་སུ་ཡང་དཀོན་ཙམ་འོངས་དང་འོང་བཞིན་པར་འགྱུར། སྔོན་དུས་བུ་རྣམས་སློབ་གྲྭར་གཏོང་བའི་སྲོལ་མེད་པ་དང་། ཅུང་ཆེ་རུ་སོང་བ་ན། ཕྲུ་གུའི་ལས་རིམ་བ་ལང་རེའུ་སོགས་འཚོ་བ་ལ་ཕན་ཐོགས་པས་ཕྲུ་གུ་དགོས། དིང་སང་ཕྲུག་གུ་སློབ་གྲྭར་མ་བཏང་ན། ཕ་མ་ལ་ནོངས་ཆགས། ར་ལུག་འཚོ་མཁན་མེད་པས། གྲོང་ཡུལ་དུ་ར་ལུག་ཀྱང་དཀོན། མུ་སུལ་མན་ཕ་མ་་སློབ་སྦྱོང་མེད་པ་རྣམས་ཀྱིས་སྔར་བཞིན་ཕྲུ་གུ་བསྐྱེད་ཀྱང་། སློབ་སྦྱོང་ཡོད་པ་མུ་སུལ་མན་གྱིས་ཀྱང་ཕྲུ་གུ་མི་སྐྱེད་ཟེར། སྔར་སྐྱེ་ཐབས་འགོག་བྱེད་ཀྱང་མི་ཤེས། དིང་སང་ཤེས་པར་མ་ཟད་སྒྱིག་ཤུབས་སོགས་རིན་མེད་དུ་གཞུང་གིས་བཀྲམ་པར་ཐོས། བདག་གི་བསམ་བློ་ལ་དགོན་པ་སོ་སོ་ནས་ཕ་མ་རྣམས་ལ་བཅོལ་ཏེ། ཕྲུ་གུ་གཉིས་གསུམ་བཙུན་ཆུང་བྱེད་པར་སྐྱེ་རུ་བཅུག་པར་བཅོལ་དགོས་པ་དང་། དེ་ཡི་འགྲོ་སོང་དགོན་པ་ནས་གཏོང་དགོས་པའི་དུས་ཤིག་འབྱུང་ངེས། དེ་མིན་དགོན་པ་རྣམས་གྲྭ་པ་བྱེད་མཁན་མེད་པར་ནུབ་ཕྱོགས་ཀ་ཐོ་ལིཀ་དགོན་པ་དག་སྟོངས་པ་ལྟ་བུ་ཞིག་འོང་གཉེན་གདའ་བས། རྣམ་དཔྱོད་ཡོད་ན། ཆུ་མ་འོང་གོང་ན་རགས་དང། རྐྱེན་མ་འོང་གོང་ན་ཟློག་པ། ཞེས་པ་ལྟར་འདི་དག་ལ་བསམ་བློ་གཟབ་པར་གཏང་དགོས་པ་མཐོང་ངོ་།།

  3. མིག་བརྒྱད་པ། says:
    2012-07-08 at 4:11 am

    དངོས་གནས་རེད། བསམ་ཚུལ་ཡག་པོ་རེད། དཔལ་འབྱོར་གྱི་གནད་དོན་གཅིག་བུ་མ་རེད། ཁ་ཡོད་ལག་ཡོད་ཀྱི་མི་རིགས་ཀྱི་འདུ་ཤེས་དང་རིག་གཞུང་གི་འདུ་ཤེས་ཤིག་ཡོད་པ་མ་རེད། དེ་མེད་པས་སློབ་གྲྭ་སྒོ་རྒྱག་དགོས་ཐུག་པ་རེད། དགོན་པའི་ནང་ལའང་གཞིས་ཆགས་ཀྱི་ཕྲུ་གུ་ཧ་ཅང་ཉུང་ཉུང་རེད། གདན་ས་ཁག་དང་བོད་ཀྱི་སློབ་གྲྭ་ཁག་ལ་བོད་ཕྲུག་ཡོང་ཁུངས་བྲལ་བས་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་མ་འོངས་བར་ཉེན་ཁ་ཏན་ཏན་འཕྲད་ངེས་རེད། དེའི་སྐོར་ལ་གྲག་འགུལ་ཅི་ཡང་མི་འདུག་ལ། འཕྲལ་སེལ་གྱི་སྒོར་མོ་གཅིག་བུ་འཚོལ་ཐབས་བྱེད་པ་འདི་གཅིག་བུ་མ་རེད། གལ་སྲིད་སྒོར་མོ་འབེལ་བོ་ཡོད་པའི་དབང་དུ་བཏང་རུང་ཤེས་ཡོན་ཐོག་ལ་རོགས་བྱེད་པའི་གོམས་གཤིས་བོད་པ་ལ་ཡོད་པ་མ་རེད། ཐབས་དཀའ་མོ་རེད།

  4. གླིང་དཀར་ལྷ་རྗེས། says:
    2012-07-08 at 9:50 am

    ད་ཆ་སེམས་འཁྲལ་མི་དགོས་པ་རེད། གང་ཡི་ན་ཟེར་ན་བཀའ་ཁྲིའི་དམ་བཅའི་ནང་དེ་དག་ཤེས་བཞིན་རང་ཁ་རང་གསོ་རང་མགོ་རང་ཐོན་དགོས་པའི་ཐབ་ལམ་དང་། ལོ་ལྔའི་ནང་རིགས་བྱེད་ཆེད་ལས་པ་ཁྲི་གཅིག་ཐོན་ཐུབ་པའི་ཞལ་བཞེས་པ་གནང་ཡོད་པ་ཁྱེད་ཀྱི་དྲན་སྣང་མི་དམ། དེ་དག་ཤེས་བཞིན་བཀའ་ཁྲིར་ཕེབས་པ་རེད།

  5. ཚངས་པ། says:
    2012-07-08 at 10:58 am

    བོད་གཞུང་ནས་ཕྲུ་གུ་མང་བའི་ཕ་མ་རྣམས་ཀྱི་འཚོ་བར་དམིགས་བསལ་གཟིགས་སྐྱོང་གནང་མུས་རེད། འོན་ཀྱང་ཕྲུ་གུའི་སྐྱེ་ཚད་དེ་ལོ་རེ་ནས་ལོ་རེ་བཞིན་ཇི་ཉུང་དུ་འགྲོ་བའི་གནད་དོན་གཙོ་བོ་ཅི་ཡིན་ཚིག་ཐག་བཅད་དེ་བརྗོད་པར་དཀའ།།

  6. ལུང་རྟོགས། says:
    2012-07-08 at 12:28 pm

    ངས་བསམ་ན་འདི་ནི་དཔལ་འབྱོར་གྱི་གནད་དོན་གཅིག་པུ་མ་རེད། དེང་སྐབས་གཅིག་ནས་བུད་མེད་ཀྱི་ཐོབ་ཐང་དང་རང་དབང་ཆེ་རུ་སོང་བས་ཕྲུ་གུ་མང་པོ་མངལ་དུ་འཛིན་རྒྱུ་དང་སྐྱེ་རྒྱུ་ནི་དཀའ་ངལ་ལ་བསམ་ནས་སྐྱེ་འདོད་མི་བྱེད་པ་དང་། གཉིས་ནས་སྐྱེ་སྒོ་འགོག་པའི་ཐབས་ལམ་མང་ཞིང་སྟབ་བདེ་བའི་དབང་གིས་ཕྲུ་གུ་སྐྱེ་མཁན་ཉུང་དུ་སོང་བ་རེད་སྙམས།

  7. ཨ་བུ་འབྲོག་ཕྲུག says:
    2012-07-08 at 4:04 pm

    འོ་ན་ཁྱོད་ལ་ཕྲུ་གུ་གཅིག་ཀྱང་མེད་པ་ཅི་ཡིན།

  8. ཐབས་ཇུས་ཅན says:
    2012-07-08 at 6:08 pm

    ང་ཚོས་བོད་ལ་ཡོད་པའི་སོ་སོའི་ནང་མི་དང་ཉེ་འབྲེལ་གྲོགས་པོ་སོགས་ལ་ཉུང་མཐརཕྲུ་གུ་གསུམ་བཞི་རེ་སྐྱེ་དགོས་པའི་འབོལ་སྐུལ་བྱེད་དགོས། དེ་ནི་ང་ཚོ་བོད་མི་རིགས་འདི་འཛམ་གླིང་འདིའི་སྒང་ནས་གཏོང་མི་འགྲོ་བའི་གཞི་རྩ་ཡིན། མ་ཟད་ད་ལྟའི་བོད་པའི་འཐབ་རྩོད་ཀྱི་ངོ་བོའང་ཡིན་ཟེར་ན་འགྲིགས་སྙམ།

  9. གནམ says:
    2012-07-08 at 10:13 pm

    སེམས་ཁྲལ་མེད་པའི་སེམས་ཁྲལ། རི་བོང་གནམ་རྡིབ་གྱི་སེམས་སྡུག་རང་རེད།
    ཁྱིམ་ཚང་ལ་ནང་མི་ཉུང་ན་ནང་མིའི་ཁ་གསོ་ལས་སླ་བ་དང་། དགོས་པ་ན་གྲྭ་བ་ཉུང་ན་ཡང་དེ་བཞིན་རེད། ཡོད་པ་དེ་སྤུས་དག་ན་འགྲིག་པ་རེད། འབྱོར་བ་དང་ཡོན་ཏན་ཕུན་སུམ་ཚོགས་པ་ཡོད་ན་འཇིག་རྟེན་འདིའི་ཁ་ལོ་སྒྱུར་ཐུབ་པ་རེད། རྒྱལ་ཁབ་དེ་འབྱོར་ལྡན་རྒྱལ་ཁབ་རེད། རྒྱལ་ཁབ་དེའི་མི་རིགས་ཡོན་ཏན་ཆེན་པོ་རེད་ཟེར་ནས་ཡིད་སྨོན་ཤོར་བ་ལས། རྒྱལ་ཁབ་དེ་ལ་མི་གྲངས་མང་པོ་འདུག རྒྱལ་ཁབ་དེ་ལ་ཆོས་བ་མང་པོ་འདུག་ཟེར་སའི་རྒྱལ་ཁབ་ཚོ་འཇིག་རྟེན་ཚད་ལྡན་གྱི་མིའི་རྗེས་སུ་ལུས་ཡོད་པ་མ་ཤེས་སམ། རྒྱལ་ཁབ་ཞིག་ཡོད་ན་དེའི་ནང་ན་མི་བཞི་ལས་མེད་ན་རྒྱལ་ཁབ་རེད།

  10. གངས་རི་དཀར་པོ། says:
    2012-07-08 at 11:17 pm

    འོ་རེད་གནམ་ནས་བཀའ་ཕེབས་པ་ལ་ང་ཡང་ངོས་ལེན་ཡོད། ལས་ཀ་མེད་རྒྱུའི་ལས་ཀ་རྒྱོ་དེ་རང་བསམ་བློ་ལ་བཞག་ནས་མི་སྤེལ་དགོས་པའི་ལོ་རྒྱུས་བཤད་འདུག་པ་ལ་ཆོ་ཞིག་དངོས་གནས་ཡོད་པ་མ་མཐོང། ཧ་ཧ་ཧ།

  11. སྤྱང་ཤོག says:
    2012-07-08 at 11:25 pm

    རང་ཡུལ་དུ་གྲངས་ཉུང་མི་རིགས་ཆག་དགོས་དོན་གྱི་གནས་བབ་ལ་ངེས་པར་དུ་ཐུགས་བསམ་བཞེས་དགོས། བོད་ནང་རྒྱ་མིའི་བཙན་དབང་གི་སྐྱེ་སྒོ་འགོག་པ་དང་བོད་ཕྱི་ལོག་ཏུ་ཡོད་པའི་བོད་པས་རང་དབང་གི་སྐྱེ་སྒོ་འགོག་པ་། མི་རབས་ནས་མི་རབས་ཚངས་སྤྱོད་ཀྱི་སྡོམ་ཁྲིམས་སྲུངས་མཁན་མང་གྲགས་པ་སོགས་ཀྱིས་མི་རིགས་འཕེལ་རྒྱས་ལ་ཤུགས་ཅན་ངེས་པར་སླེབས་ཡོད།

  12. བྲོ་འཚལ། says:
    2012-07-09 at 1:33 am

    འཐབ་རྩོད་ནི་མིས་བྱེད་དགོས་པས་མི་མེད་ན་འཐབ་རྩོད་ཅི་ལྟར་བྱེད།་་་་དེ་བས་རིགས་རྒྱུད་སྤེལ་བ་ནི་ཁ་ཚ་དགོས་གཏུག་གི་འཐབ་རྩོད་ཀྱི་སྒུལ་ཤུགས་ཡིན་པ་བཤད་ཅི་དགོས།་་་གོང་དུ་གསུང་པ་ནང་བཞིན་རིགས་རྒྱུད་སྤེལ་བ་ལ་ཐོག་མར་ཆ་རྐྱེན་གཅིག་རང་ཡོད་པ་ནི་དཔལ་འབྱོར་རེད་ལ།་་་དཔལ་འབྱོར་ལ་བརྟེན་ནས་རིགས་རྒྱུད་སྤེལ་བའི་གྲངས་ཀར་རང་བཞིན་གྱིས་ཚོད་འཛིན་ཞིག་ཐེབས་ཀྱིན་པ་ནི་མཐོང་དང་མཐོང་མུས་རེད།་་དེར་བརྟེན་རིགས་རྒྱུད་སྤེལ་བ་ནི་འཐབ་རྩོད་ཀྱི་སྒུལ་ཤུགས་ཡིན་ཞེས་པ་ངོ་མ་དོན་དང་ལྡན་པའི་བདེན་གཏམ་ཉིད་དུ་འཁུམས་སོ།།

  13. མེ་ཏོག་དཀར་པོ། says:
    2012-07-09 at 2:02 am

    རིགས་རྒྱུད་སྤེལ་དགོས་རྒྱུ་རེད་འ། ང་ནི་ཕོ་ཧྲེང་བྱས་ཏེ་སྡོད་ཡོད། བོད་མོ་ཨ་མ་བཟང་མོ་ཞིག་བྱེད་འདོད་མཁན་ཞིག་ཡོད་ན། ང་ནི་ཨ་ཕ་བཟང་པོ་ཞིག་གཏན་གཏན་བྱ་གི་ཡིན། ངོ་ཤེས་འདྲ་ཡོད་ན་ངོ་སྤྲོད་བྱོས།

  14. གནམ says:
    2012-07-09 at 3:18 am

    གྲྭ་ལོག་ཞིག་མིན་ན་ངས་ཁྱོ་ལ་ངོ་སྤྲོད་ཞིག་བྱེད་དགོས། གྲྭ་ལོག་ཡུལ་ལ་ཁྲིད་རྒྱུ་བོ་ངོ་ཚ་འི་ཟེར་གི ཕོ་སྒོ་མེད་ར་དྲག་ཟེར་གི

  15. མེ་ཏོག་དཀར་པོ། says:
    2012-07-09 at 3:27 am

    འུམ། གྲྭ་པ་བྱས་མྱོང་དེས་ནག་མོ་ལ་བྱམས་རབས་ཀྱི་སྐད་ཆ་བུ་མོ་འཛོམ་ས་དེ་ཚོ་ལ་ཤབ་ཤུབ་གོ་རྒྱུ་འདུག ང་ལ་ཕོ་སྒོ་མེད་པ་རང་མོ་སྟོན་ཕག་མགོའི་མོ་རང་རེད། ཐིག་གི

  16. རྫ་ཕྲུག says:
    2012-07-09 at 4:04 am

    གནའ་དེང་གཉིས་ཟུང་དུ་མ་འབྲེལ་ན་མི་རིགས་འདི་རྒྱུན་ཆད་པར་ངེས།

  17. གནམ says:
    2012-07-09 at 4:28 am

    འདི་བྱམས་དང་མ་བྱམས་ཀྱི་སྐད་ཆ་ཞིག་མ་རེད། འདི་ཁོག་དཔོང་གི་སྐད་ཆ་རེད། དེ་ལ་རྒྱ་འདྲ་བོ་རེད། མོ་རང་གི་ཡུལ་ནས་བན་ལོག་ཆ་བོ་མྱིག་ནང་ལ་འཇོག་གི་མ་རེད་ཟེར་གི་ཡ། ད་ཁྱོ་ཡོང་ས་མ་རེད། མེ་ཏོག་དཀར་པོ་རླུང་མ་ལང་།

  18. གནམ says:
    2012-07-09 at 4:32 am

    འདི་(ཁོག་དཔུང་)ལ་བཅོས་རོགས།

  19. མེ་ཏོག་དཀར་པོ། says:
    2012-07-09 at 4:37 am

    ཧ་ཧཧ་བ

  20. མེ་ཏོག་དཀར་པོ། says:
    2012-07-09 at 5:09 am

    ཁོག་དཔུང་ཟེར་ན་ཅི་རེད། མོ་ཡོད་སའི་ས་གནས་དེར་རིག་གནས་གསར་བརྗེ་ཞིག་དགོས་འདྲ།

  21. ཇོ་ཇོ། says:
    2012-07-09 at 5:10 am

    ཁྱོད་ཚོ་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་གཞིའི་འགྲན་རྩོད་ལ་ཞུགས་མཁན་ཡིན་ན། མི་འབོར་འཕེལ་རྒྱས་གཏོང་རྒྱུའི་སྐད་ཆ་འདི་མང་ཙམ་ཤོད། མིའི་རྣ་བར་འཇུག་པོ་འོང་། དེ་མིན་མི་འབོར་གསར་དུ་འཕེལ་རྒྱས་གཏོང་རྒྱུའི་སྐད་ཆ་མ་བཤད་སྔོན། དོན་ལག་ཏུ་ལེན་འདོད་ན། རྒྱ་བལ་ཁག་ཏུ་ལས་མེད་འཁྱམས་སྡོད་བྱེད་པའི་བོད་པའི་གཞོན་སྐྱེས་རྣམས་ལ་འགྲོ་སྟངས་ཤིག་བཟོ་ཐབས་ཀྱི་བགྲོ་གླེང་ཞིག་གྱིས།

  22. མེ་ཏོག་དཀར་པོ། says:
    2012-07-09 at 5:17 am

    འཕར་ཆགས་མེད་པའི་ས་ཡ་དྲུག

  23. ལྷ་སྲས་ཐ་ཆུང་། says:
    2012-07-09 at 6:44 am

    རིགས་རྒྱུད་སྤེལ་ཏེ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དེ་ནི་ང་ཚོའི་འཐབ་རྩོད་གཙོ་བོ་རེད། འོན་ཀྱང་། བོད་ནང་གི་བོད་མི་རྣམས་ལ་མཚོན་ན་རྒྱ་ནག་གི་དབང་བསྒྱུར་འོག་རིགས་རྒྱུད་སྤེལ་རྒྱུ་སྟེ་ལས་སླ་བོ་ཞིག་ག་ལ་ཡིན།
    བོད་ནང་གི་བུད་མེད་རྣམས་ཀྱིས་བྱིས་པ་གཉིས་ལས་ལྷག་སྐྱེས་ཚེ་རྒྱ་གཞུང་གིས་ཁྲིམས་དང་འགལ་ཚུལ་བརྗོད་དེ་ཉེས་ཆད་སྒོར་༣༠༠༠ནས་༥༠༠༠ལྷག་བར་གྱི་ཁྲིམས་ཆད་བཀལ་བ་དང་། ད་དུང་གཉིས་ལས་ལྷག་པའི་བྱིས་པ་གསུམ་པ་དེ་ལ་ཁྱིམ་ཐོ་(户口)འམ་ཐོབ་ཐང་ལག་འཁྱེར་སོགས་གང་ཡང་བཟོ་མི་ཐུབ་པའི་རྐྱེན་དུ་མའི་དབང་གིས་ཡིན། རང་དབང་ལུང་བར་བཙན་བྱོལ་དུ་འབྱོར་བའི་གཞིས་ཆགས་ཁག་ལ་མཚོན་ན་དེ་འདྲའི་དཀའ་ངལ་མེད་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་ན་གཞིས་ཆགས་ཁག་གི་ཁྱིམ་ཚང་རེ་ནས་ཉུང་མཐར་མི་གཅིག་རེ་ཙམ་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་མེད་པ་ཞིག་མེད་ལ་དེ་དག་གིས་རང་གི་ཁྱིམ་ཚང་ལ་རོགས་རམ་བྱེད་ན་ཅིས་མ་འགྲིག་པ་རེད། ད་དུང་གོ་ཐོས་ལྟར་ན་བཙན་བྱོལ་བོད་གཞུང་གིས་ཕྲུ་གུ་མང་ཙམ་སྐྱེས་མཁན་གྱི་ཕ་མ་རྣམས་ལ་གསོལ་རས་གནང་བའི་སྐད་ཆ་ཞིག་ས་ཁྱབ་རྡོ་ཁྱབ་བཞིན་དུ་གང་སར་ཁྱབ་པས་གཞིས་ཆགས་ཁག་གི་ཡུམ་དྲིན་ཆེན་མ་རྣམས་ཀྱིས་བསམ་བློ་རེ་གཏོང་རྒྱུ་མཁྱེན། ལྷག་པར་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་ཡོད་པའི་རང་རིགས་སྤུན་ཟླ་རྣམས་ཀྱིས་རང་གི་བུ་ཕྲུག་རྣམས་ལ་བོད་ཡིག་དང་བོད་སྐད་བསླབ་པ་དང་རིགས་རྒྱུད་མང་ཙམ་སྤེལ་རྒྱུ་ལ་བསམ་བློོ་རེ་ཐོངས།

  24. སྤྱང་ཤོག says:
    2012-07-09 at 7:02 am

    ངས་གོ་ཐོས་ལ་བོད་ནང་ནས་བོ་མོ་མང་པོ་ཞིག་བོད་པའི་ཆོ་ག་མ་རག་ནས་རྒྱ་ཧུའུ་ཧུའུ་མནའ་མ་ལ་འགྲོ་གི་ཡོད་ཚོད་འདུག།
    ཁོ་ཚོ་བོད་པའི་བུ་ཞིག་མ་རགས་པའི་རྒྱུ་ཅན་འབྲེལ་བཤད་སྐབས་ནང་ཚང་གཅིག་ལ་བུ་གསུམ་ཡོད་ན་བུ་གཅིག་སྐུ་གཞོགས་དང་བུ་གཉིས་གྱི་མནའ་མ་གཅིག་ལེན་པ་། རྒྱ་ཧུའུ་ཧུའི་བུ་གཅིག་གི་སྐྱེས་དམན་་བཞི་ལེན་ནས་བུ་ཕྲུགས་ཉེར་ཤུ་བཟོ་གི་ཡོད་འདུག།

  25. གནམ says:
    2012-07-09 at 7:10 am

    མེ་ཏོག་དཀར་པོ། ཁོག་དཔུང་ཟེར་ན་ཁོག་པའི་ནང་གི་དཔུང་བ་སྟེ་མིས་མི་རིག་ས་ནས་མི་ལ་འགྲེན་སེམས་འཛིན་པའི་ལ་རྒྱའི་སྣང་བ་དེ་ལ་ཟེར་བ་རེད། སྤྱིར་དཔུང་བ་སྒྲིག་བ་ཟེར་ན་གོ་འི་ཡོད་རྒྱུ་རེད། གཅིག་བྱས་ན་འདི་ཡིག་ཐོག་ཕབས་པ་ཐོག་མ་དེ་ཡིད་སྲིད།

  26. བཙན་ནག་པ་ says:
    2012-07-09 at 10:18 am

    འདི་དང་འབྲེལ་བ་ཡོད་པའི་རྩོམ་ཐུང་ཞིག་བང་ཆེན་ཟིན་བྲིས་ནང་གསལ། དྲ་ཐག་འདིར་གཟིགས།
    http://www.tibetexpress.net/bo/blog/viewpost/8478

  27. གཉིས་མེད་སེངྒེ says:
    2012-07-09 at 11:57 am

    མི་འབོར་ཉུང་ཡང་སློབ་སྦྱོང་ཡོད་པ་དང་བདེ་ཐང་ཡོད་པ་ཞིག་ཡིན་ན་འགྲིག་ནི་རེད།

  28. དོལ་དོན་རྒྱལ says:
    2012-07-09 at 12:29 pm

    བོད་མི་མི་འབོར་ཉུང་དྲགས་པས་རྐྱེན་ལས་བོད་ཀྱིས་འཐབ་རྩོད་རྒོལ་མི་ཐུབ་པ་ཤེས་དགོེས

  29. གངས་སྦལ། says:
    2012-07-09 at 9:48 pm

    ང་ལ་ཕྲུ་གུ་ལྔ་ཡོད། སུས་འགན་ཁུར་ཀི་ཡིན། གལ་སྲིད་འགན་ཁུར་མཁན་ལྷག་མ་བྱུང་ན་ད་རུང་སྐྱེ་ཆོག ཕྲུ་གུ་སྐྱེ་རྒྱུ་ངེད་བཟའ་བ་གཉིས་ལ་མཚོན་ན་ལས་ཀ་དཀའ་མོ་ཞིག་མ་རེད། ཤེས་སོང་ངམ།

  30. གནམ says:
    2012-07-09 at 11:27 pm

    བུ་གཅིག་ཨ་ཁུ་བྱེད་དུ་གཏོང་། བུ་མོ་གཅིག་ཨ་ནེ་བྱེད་དུ་བཏང་ན་ཤུལ་ན་གསུམ་ཡོད་ཀི གསུམ་པོ་སློབ་གྲྭ་དགའ་ཞིག་ལ་གཏོང་སྤྱད་ཀི་རྒྱུ་འབྱོར་བ་འདྲ་ཡོད་པེ། མེད་ན་བཟོ་ཡ་མང་དྲག་པ་རེད། འགྱིག་ཤུབས་གོན་ན་གསོ་གདོས་ཉུང་བུར་འགྲོ་འི་རེད།

  31. ཚངས་པ། says:
    2012-07-10 at 12:14 am

    སྤྱིར་བཏང་གོ་ལ་འདིར་མི་འབོར་ཇི་ཙམ་ཉུང་ཀྱང་དེ་ཙམ་གྱིས་ཁོར་ཡུག་ལ་གནོད་འཚེ་ཉུང། འོན་ཀྱང་རང་ཅག་ཁ་བ་ཅན་པར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  32. མེ་ཏོག་དཀར་པོ། says:
    2012-07-10 at 1:23 am

    བུ་ཕྲུག་མང་པོའི་ཨ་ཕ་གངས་སྦལ་ཁོ་རེ། རབས་ན་ཕྲུ་གུ་དེ་ཚོར་ལོ་ལྔ་རེ་ཙམ་སློབ་སྦྱོང་ཡག་པོ་སྤྲོད་སར་གྲྭ་པ་དང་ཨ་ནེ་བྱེད་བཅུག དེས་བོད་པ་བཟང་པོ་ཞིག་བཟོ་གི་རེད།

  33. བརྩོན་རྒྱམ། says:
    2012-07-10 at 10:50 am

    གོང་གི་རྩོམ་ཡིག་དང་བསམ་ཚུལ་དེ་བདེན་པ་འདྲ་བོ་རེད་ཚང་མའི་བསམ་ཞིག་བྱས་ན་མཁྱེན་ངེས་རེད།  གང་ལྟར་འདི་འདྲ་ལས་འགུལ་ཞིག་སྤེལ་ཐུབ་ན་རང་ནུས་གང་ཡོད་ཀྱི་རྒྱབ་སྐྱོར་བྱེད་ངེས་ཡིན།  གཙོ་བོ་མི་རིགས་གྲངས་ཉུང་དུ་འགྲོ་བའི་རྒྱུ་མཚན་གཙོ་བོ་དཔལ་འབྱོར་གྱི་ནུས་པའི་རེད་མི་དཔལ་འབྱོར་ཡོད་མཁན་ཞིག་ཡིན་ན་བུ་ཕྲུག་ག་ཚོད་མང་ན་དེ་བསམ་བློ་འཁོར་གི་མ་རེད་དཔེར་ན་མེག་ལོའི་མི་ཚང་ཕྱུག་ཆེན་ཚོའི་བུ་ཕྲུག་ག་ཚོད་འདུག་ཆུང་མ་ག་ཚོད་འདུག་འདི་ལྟ་བུའི་རྟོགས་ངེས་རེད།

  34. གངས་རི་དཀར་པོ། says:
    2012-07-10 at 11:39 pm

    གྲོགས་པོ་རྣམ་པ་བདག་ཅག་སྟོན་པ་བཅོམ་ལྡན་འདས་གཞོན་ནུ་དོན་གྲུབ་ལ་འགྲན་བསྡུར་ཞིག་བྱོས་དང༌། བཙན་བྱོལ་དུ་ཡོད་པའི་བུ་རེ་ངོས་ནས་བུ་མོ་ཁྲི་ཕྲག་བག་མར་བསུས་ནས་ཉིན་མཚན་མེད་པར་རྒྱོ་རྒྱབ་དུ་བཅུག དཔལ་འབྱོར་གྱི་དཀའ་ངལ་བཙན་བྱོལ་བོད་གཞུང་དང་ཡང་ན་ཕྱི་རྒྱལ་ཁག་ལ་བཞུགས་མཁན་རྣམ་པར་གསོ་རུ་བཅུག་ན་ཇི་ལྟར་འདུག

  35. གངས་རི་དཀར་པོ། says:
    2012-07-10 at 11:42 pm

    ཡང་ན་གདན་ས་གསུམ་གྱི་གཙོས་མགོན་ཆེན་ཁག་ཏུ་དགེ་སློང་རེ་ལ་བུ་མོ་མཛེས་མ་རེ་ཕུལ་རེ་རེའི་ངོས་ནས་ཀྱང་བུ་བཞི་རེ་ངེས་པར་བཟོ་དགོས་པ་བོད་གཞུང་གིས་བཙན་དབང་བཏང་ན་ཇི་ལྟར་ཡོང

  36. རང་ལས་གཞན་གཅེས། says:
    2012-07-11 at 12:24 am

    གོང་དུ་འཆན་འགོད་མཁན་སུམ་ཅུ་སོ་གྲངས་ཞིག་འདུག གཅིག་བྱེད་དགོས་འདུག གཉིས་བྱེད་དགོས་འདུག དེ་འདྲ་ཀྱང་ཀྱང་བཤད་ནས་ཅི་ཕན། དོན་དངོས་སེམས་ཀྱི་བཟོད་ཀྱི་མེད་པ་དང་། མི་རིགས་ཀྱི་ལ་རྒྱ་ཡོད་ན་དང་པོ་སོ་སོ་ནས་འགོ་བཙུག་དང་། དམའ་མཐར་མི་རེ་རེས་ཕྲུ་གུ་བཅུ་བཅུ་བཏོན་ཤོག་དང་། དེ་ལ་ཕོ་ཁྱོ་ག་དང་སྙིང་སྟོབས་ཅན་ལབ་པ་རེད། སྐད་ཆ་རྫིག་པོ་སུ་ཡིན་ཡང་བཤད་ཐུབ། ལག་ལེན་མེད་པར་ཕྲུ་གུ་དགོས། མི་འབོར་དགོས་ལབ་ན་ཕོ་ལོ་མོ་ལོ་དང་ཁྱད་གང་ཡོད། ང་ལ་ཡང་ད་ལྟ་ཕྲུ་གུ་བདུན་ཏག་ཏག་ཡོད། ད་དུང་མི་རིགས་ཀྱི་ཆེད་ཕྲུ་གུ་ཉི་ཤུ་སུམ་ཅུ་བཏོན་རྩིས་ཡོད། སྐྱེ་དམན་གྱིས་ཀྱང་སེམས་ཤུགས་ཡོད་ལབ་བྱུང་། ཡིན་ཡང་གཞུང་སོགས་ནས་རོགས་རམ་རྩ་ནས་ཞུས་མ་མྱོང་། ད་དེ་འདྲའི་འཇོན་ཐང་ཞིག་སུ་ལ་ཡོད། ཁ་རྒྱག་པ་ཀྱང་ཀྱང་བཤད་ནས་ཅི་ཕན། ཕོ་ཁྱོ་ག་ཡིན་ན་ད་ངར་སྐད་སྒྲོག་ནས་ཕྲུ་གུ་བཏོན་ཤོག

  37. རང་ལས་གཞན་གཅེས། says:
    2012-07-11 at 3:45 am

    གོང་དུ་མཆན་འགོད་མཁན་སུམ་ཅུ་སོ་གྲངས་ཞིག་འདུག གཅིག་བྱེད་དགོས་འདུག གཉིས་བྱེད་དགོས་འདུག དེ་འདྲ་ཀྱང་ཀྱང་བཤད་ནས་ཅི་ཕན། དོན་དངོས་སེམས་ཀྱི་བཟོད་ཀྱི་མེད་པ་དང་། མི་རིགས་ཀྱི་ལ་རྒྱ་ཡོད་ན་དང་པོ་སོ་སོ་ནས་འགོ་བཙུག་དང་། དམའ་མཐར་མི་རེ་རེས་ཕྲུ་གུ་བཅུ་བཅུ་བཏོན་ཤོག་དང་། དེ་ལ་ཕོ་ཁྱོ་ག་དང་སྙིང་སྟོབས་ཅན་ལབ་པ་རེད། སྐད་ཆ་རྫིག་པོ་སུ་ཡིན་ཡང་བཤད་ཐུབ། ལག་ལེན་མེད་པར་ཕྲུ་གུ་དགོས། མི་འབོར་དགོས་ལབ་ན་ཕོ་ལོ་མོ་ལོ་དང་ཁྱད་གང་ཡོད། ང་ལ་ཡང་ད་ལྟ་ཕྲུ་གུ་བདུན་ཏག་ཏག་ཡོད། ད་དུང་མི་རིགས་ཀྱི་ཆེད་ཕྲུ་གུ་ཉི་ཤུ་སུམ་ཅུ་བཏོན་རྩིས་ཡོད། སྐྱེ་དམན་གྱིས་ཀྱང་སེམས་ཤུགས་ཡོད་ལབ་བྱུང་། ཡིན་ཡང་གཞུང་སོགས་ནས་རོགས་རམ་རྩ་ནས་ཞུས་མ་མྱོང་། ད་དེ་འདྲའི་འཇོན་ཐང་ཞིག་སུ་ལ་ཡོད། ཁ་རྒྱག་པ་ཀྱང་ཀྱང་བཤད་ནས་ཅི་ཕན། ཕོ་ཁྱོ་ག་ཡིན་ན་ད་ངར་སྐད་སྒྲོག་ནས་ཕྲུ་གུ་བཏོན་ཤོག

  38. མིག་བརྒྱད་པ། says:
    2012-07-11 at 7:32 am

    ལྗེའུ་མི་རིགས་ལྟར་ཁ་སང་དེ་རིང་མི་རིགས་སྤེལ་རྒྱུ་དང་སྐད་ཡིག་སྲུང་སྐྱོབ་འདི་གཉིས་བོད་པ་ལ་མཚོན་ན་ཆབ་སྲིད་ཀྱི་ལས་འགུལ་ཙག་ཙིག་ཀྱང་ཁ་ཚ་དགོས་གཏུགས་ཆགས་མི་འདུག་གམ། ཕོ་གསར་མོ་གསར་རྣམ་པ།

  39. མིག་བརྒྱད་པ། says:
    2012-07-11 at 7:34 am

    ལྗེའུ་མི་རིགས་ལྟར་ཁ་སང་དེ་རིང་མི་རིགས་སྤེལ་རྒྱུ་དང་སྐད་ཡིག་སྲུང་སྐྱོབ་འདི་གཉིས་བོད་པ་ལ་མཚོན་ན་ཆབ་སྲིད་ཀྱི་ལས་འགུལ་ཙག་ཙིག་ལས་ཀྱང་ཁ་ཚ་དགོས་གཏུགས་ཆགས་མི་འདུག་གམ། ཕོ་གསར་མོ་གསར་རྣམ་པ་ཚོ་ཤུགས་བརྒྱབ་ཤོག་ཨ།

  40. མིག་བརྒྱད་པ། says:
    2012-07-11 at 7:56 am

    ༣༥༽ གངས་རི་དཀར་པོ་ནས།
    ཡང་ན་གདན་ས་གསུམ་གྱི་གཙོས་མགོན་ཆེན་ཁག་ཏུ་དགེ་སློང་རེ་ལ་བུ་མོ་མཛེས་མ་རེ་ཕུལ་རེ་རེའི་ངོས་ནས་ཀྱང་བུ་བཞི་རེ་ངེས་པར་བཟོ་དགོས་པ་བོད་གཞུང་གིས་བཙན་དབང་བཏང་ན་ཇི་ལྟར་ཡོང་། ཟེར། འདི་ཐལ་དྲགས་པ་མིན་ནམ། གཞིས་ཆགས་ནས་ཕྲུ་གུ་མང་དུ་བསྐྱེད། དེ་ནས་ཕྲུ་གུ་ཁ་ཤས་དགོན་པ་ལ་སྐྱོལ། དེ་ལྟར་བྱས་ན་དགོན་པ་དང་གཞིས་ཆགས་བར་འབྲེལ་ལམ་ཡག་པོ་ཡོང་ངེས། གདན་ས་ཁག་གིས་སྒོར་མོའི་ཕྱོགས་ནས་རོགས་བྱེད་ན་གང་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme