Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིགས་རྒྱུད་བཙོང་བ་དང་སྤྲོད་པ་ལ་དགེ་མཚན་འདུག་གམ

Posted on 2011-10-31 By ཁ་བརྡ་ 10 Comments on རིགས་རྒྱུད་བཙོང་བ་དང་སྤྲོད་པ་ལ་དགེ་མཚན་འདུག་གམ

བོད། ལྷ་ཀླུ་གཉན་གསུམ།

དུས་རབས་ཀྱི་འགྱུར་འགྲོས་མྱུར་ཞིང་། རིགས་དངོས་ཐོན་རྫས་ཀྱི་ཡར་ཐོན་ཆེ་བའི་དུས་རབས་ཉེར་གཅིག་པའི་ནང་འདི་ལ། བྱ་དངོས་ཆེས་མི་ཉུང་བ་ཞིག་ལ་འགྱུར་བ་བླ་ལྷག་འཕེལ་བ་དང་དུས་བསྟུན། ཁ་སང་དེ་རིང་ཕྱི་རྒྱལ་ཡུལ་གྲུ་ཆེས་མི་ཉུང་བ་ཞིག་ན། གཉེན་སྒྲིག་གི་ལས་ལ་ཡང་འགྱུར་བ་སོང་ནས། མཚན་མཐུན་གཉེན་སྒྲིག་དར་བའི་ཕྱི་རྒྱལ་ཡུལ་གྲུ་ཆེས་མི་ཉུང་བ་ཞིག་ཆགས་ཡོད་ལ། རྒྱལ་ཁབ་རེ་ཟུང་གིས་མཚུན་མཐུན་བཟའ་སྒྲིག་ལ་ཁྲིམས་ཐོག་ནས་ངེས་ལེན་བྱས་པའི་རྒྱུད་རིམ་ཡང་བྱུང་ཡོད་པ་རེད། མིའི་འདོད་སྲེད་ཀྱི་བྱེད་ཐབས་ལ་མཐའ་མེད་པ་དང་། འདོད་པའི་བདེ་བ་འཚོལ་ལུགས་ཀྱང་གཏན་ནས་མི་འདྲ་བའི་གནམ་འོག་འདིའི་འཚོ་བའི་ནང་དུ། དེང་དུས་སུ་མཚན་མཐུན་གཉེན་སྒྲིག་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་ཡོད་པ་རེད།

དེ་དང་འགྲོགས་ནས་དེ་དག་ལ་བསམ་ཤེས་བྱེད་མཁན་ཡང་ཆེས་མི་ཉུང་བ་ཞིག་བྱུང་གི་ཡོད་ལ། འདོད་པའི་བདེ་བ་ལ་དགའ་གུས་ཡི་རུང་བྱེད་ལུགས་གསར་བ་ཞིག་ཀྱང་། རིགས་གསར་ལ་དགའ་ཞིང་། གང་བདེ་ལ་འཁྲིག་སྲེད་ལ་གོམས་པ་དག་གིས་དགའ་བའི་ཡུལ་དུ་གྱུར་ནས་ཡོད་ལ། དེ་དག་གི་སྐོར་ལ་བསམ་བློ་ཞིབ་མོ་ཞིག་གཏོང་བ་དང་ལོ་རྒྱུས་རང་བཞིན་ལྡན་པའི་ཞིབ་འཇུག་ཞིབ་མོ་ཞིག་མ་བྱས་ཚེ། དངོས་ནས་ང་ལྟ་བུ་ཞིག་གི་བཤད་མི་ཤེས་མོད། དེ་རིང་ངས་འདི་ནས་མཚན་མཐུན་བཟའ་སྒྲིག་བྱེད་མཁན་ཆེས་མི་ཉུང་བ་ཞིག་གིས་དེང་སང་རིགས་རྒྱུད་ཉོ་བ་དང་རིགས་རྒྱུད་ཞལ་འདེབས་སློང་བའི་འགོ་ཞིག་བཙུགས་ཡོད་པ་དང་བཙུགས་ནས་ལེགས་འགྲུབ་བྱུང་ཡོད་པ་དེ་ཡིན།

ང་རང་བསྡོད་སའི་རྒྱལ་ཁབ་འདི་ལ་མཚན་མཐུན་གཉེན་སྒྲིག་བྱེད་མཁན་ཆེས་མི་ཉུང་བ་ཞིག་ཡོད་ལ། ང་རང་གི་མཛའ་མོའི་ངོ་ཤེས་མ་ཞིག་གི་རྒན་པོའི་ངོ་ཤེས་བུད་མེད་གཉིས་ཀྱང་། མཚན་མཐུན་གཉེན་སྒྲིག་བྱས་ཡོད་ལ། ང་རང་ཡང་ཁོ་མོ་གཉིས་ལ་ཐེངས་ཁ་ཤས་ཤིག་ལ་འཕྲད་མྱོང་ཡོད། ཕར་བལྟས་ཚོད་ཀྱིས་བུད་མེད་དེ་འདྲའི་ཉམ་ཆུང་དང་གཟུགས་སྐྱེ་གཟུགས་མཛེས་པའི་བུད་མེད་དེ་གཉིས་ཀྱིས་མཚན་མཐུན་གཉེན་སྒྲིག་གི་ལས་ཤིག་འདེམས་དོན་དངོས་ནས་བློ་ཡུལ་དུ་གཤོང་མ་སོང་ཡང་། མིག་གིས་མཐོང་བ་དང་མཉམ་དུ་འཛོམ་ཐེངས་རེར། དངོས་ནས་འཇིག་རྟེན་གྱི་སྐྱེ་བ་ཕོ་མོའི་ལུས་ལ་བརྩི་བཀུར་མ་བྱས་པའི་ལམ་ཕྲན་འདི་ལ་ཡིད་འགྱོད་ཆེན་པོ་སྐྱེ་མྱོང་ཡོད་ཀྱང་། ཁོ་མོ་གཉིས་གཉེན་སྒྲིག་བྱས་ཡོད་ལ། ཁོ་མོ་གཉིས་ཀྱིས་རིགས་རྒྱུད་ཅིག་སློང་ནས་བུད་མེད་གཅིག་གིས་ཕྲུ་གུ་གཉིས་སྐྱེ་བ་རེད། ཕྲུ་གུ་གཉིས་ཀ་བུ་ཡིན་ལ། བུ་ཆུང་དེ་གཉིས་ཀྱང་ཁོ་གཉིས་ཀྱི་སྙིང་ནོར་ལྟ་བུ་ཆགས་ནས་ཡོད།

རིགས་རྒྱུད་སློང་བ་ཟེར་བ་ནི། སྐྱེ་བ་ཕོ་ཞིག་གི་ཁུ་བ་སློང་བ་དེ་ཡིན། ཁུ་བ་དེ་ཡང་སུའི་སྤྲོད་ཀྱི་ཡོད་མེད་གཏན་ནས་ཤེས་ཆོག་གི་མེད་ལ། ཁུ་བ་དེ་སློང་ཡུལ་ནི་སྨན་ཁང་རྒྱུད་ནས་ཡོང་གི་ཡོད། སྐབས་རེར་ཁུ་བ་སྤྲོད་མཁན་དང་ཁུ་བ་སློང་མཁན་གྱི་མི་གཉིས་མོས་མཐུན་བྱུང་ན། ཕན་ཚུན་ལ་འབྲེལ་བ་ཡོད་མཁན་རེ་ཟུང་ཡང་བྱུང་གི་ཡོད་པ་རེད་འདུག རིགས་རྒྱུད་བཙོང་མཁན་ཡང་དེ་མཚུངས་བཞིན་བྱུང་གི་ཡོད་པ་རེད། རིགས་རྒྱུད་ཉོ་བ་དང་སློང་མཁན་ལ་རིགས་མི་འདྲ་བ་ཁག་ཁ་ཤས་ཤིག་འདུག ཁ་ཤས་ནི་སྐྱེ་བ་ལ་ཁུ་བའི་ཚ་དྲོད་ཉམས་ནས་བུད་མེད་ཀྱིས་བྱིས་པ་སྐྱེད་བསྲུང་མ་ཐུབ་པར་བརྟེན། བུད་མེད་ལ་རན་པའི་ཁུ་བའི་དྲོད་ཚད་ཅིག་གཞན་ནས་ཉོ་བ་དང་སློང་བ་སོགས་རེད། ཁ་ཤས་ཤིག་ལེགས་འགྲུབ་བྱུང་ནས་བྱིས་པ་རེ་ཟུང་སྐྱེ་བ་ཡང་ཡོད་ལ། ཁ་ཤས་ཤིག་ལ་གཏན་ནས་ལམ་འགྲོ་བྱུང་གི་མི་འདུག

གནད་དོན་གཞན་ཞིག་ནི། མཚན་མཐུན་གཉེན་སྒྲིག་བྱེད་མཁན་གྱི་ཁྲོད་ནས་བུད་མེད་མཚན་མཐུན་གཉེན་སྒྲིག་པའི་རིགས་ཀྱི་བྱིས་པ་གསོ་སྐྱོང་བྱེད་མཁན་ཡོད་པ་ལས། སྐྱེ་བ་མཚན་མཐུན་གཉེན་སྒྲིག་ཁྲོད་དུ་དེ་ལྟར་བྱུང་ཐུབ་ཀྱི་མེད་པ་ནི། སྐྱེ་བ་ལ་བུ་སྣོད་མེད་པའི་ལོས་ཡིན་ལ། གཅིག་བྱས་ན་སྐྱེ་བ་དང་བུད་མེད་གཉིས་ཀྱི་ལུས་ཀྱི་ཆ་ཤས་ནས་བུད་མེད་ཟེར་བ་འདི་ནི་བྱིས་པ་གསོ་སྐྱོང་བྱེད་པར་ཧ་ཅང་དགའ་བོ་ཡོད་པ་ཡིན་དུས། བུད་མེད་མཚན་མཐུན་གཉེན་སྒྲིག་བྱས་ཀྱང་། བྱིས་པ་གསོ་སྐྱོང་བྱེད་པའི་ལས་དེ་གཉེར་བར་མཚན་མཐུན་གཉེན་སྒྲིག་བུད་མེད་དེ་གཉིས་ལ་འདོད་མོས་གཅིག་གྱུར་དུ་ཡོང་གི་ཡོད་པ་འདྲ། དེས་ན་སྐྱེ་བ་མཚན་མཐུན་གཉེན་སྒྲིག་པ་དེ་དག་གིས་འདོད་སྲེད་ཁོ་ན་ལས་གཞན་ཞིག་འདོད་ཀྱི་མེད་དམ། དེ་ཡང་རིགས་རྒྱུད་མ་འདོད་པ་དང་རིགས་རྒྱུད་ལ་འགན་འཁུར་འདོད་མེད་པར་མཚན་མཐུན་གཉེན་སྒྲིག་གི་ལམ་ཁ་འདི་འདེམས་པ་ཡིན་ནམ། གང་ལྟར། རིགས་རྒྱུད་སློང་བ་དང་རིགས་རྒྱུད་བཙོང་བའི་མཇུག་འབྲས་འདི་ལ་བསམ་བློ་ཐེངས་མང་བོ་ཞིག་ལ་བཏང་ནས། ང་རང་དངོས་ནས་མཚན་མཐུན་གཉེན་སྒྲིག་མཁན་གྱི་བུད་མེད་དེ་དག་གི་བྱིས་པ་འཚར་ལོངས་བྱུང་དེ་འོང་དུས། ཕྲུ་གུ་དེ་དག་ལ་འགྲོ་བ་མི་སྤྱིར་བཏང་གི་སེམས་གཤིས་ཀྱི་སྐྱེ་བ་ཕོ་མོའི་ལུས་ཁམས་ཀྱི་འཁོར་སྤྱོད་དེ་དག་ཇི་ལྟར་ངོ་སྤྲོད་བྱེད་ཀྱི་ཡོད་དམ་སྙམ་ན་སེམས་པ་སྐྱོ་ནི་ཞིག་རེད།

སྣ་ཚོགས།

Post navigation

Previous Post: ང་ཡི་མི་རིགས། ང་ཡི་ཕ་ཡུལ།
Next Post: དཔའ་བོ་རྗེས་དྲན་གྱི་རི་མོ་དང་རྩོམ་ཡིག་འགྲན་བསྡུར་གྱི་གསལ་བརྡ།

Comments (10) on “རིགས་རྒྱུད་བཙོང་བ་དང་སྤྲོད་པ་ལ་དགེ་མཚན་འདུག་གམ”

  1. སློབ་དཔོན་མཆན་བུ་པ་ says:
    2011-10-31 at 5:02 am

    མ་ཡོད་ཕ་མེད་བུ་ཆུང་རེད། །
    ཕ་་ཡོད་མ་ཡོད་བུ་ཆུང་རེད། །
    ཡོད་མིན་མེད་མིན་བུ་ཆུང་རེད། །
    བུ་ཆུང་འདི་ཡི་སྐྱེས་སྟངས་མཚར། །
    མཚན་མཐུན་གཉེན་སྒྲིག་བྱས་འབྲས་ངན། །

  2. སྣྲོན་ངག་ཁྲི་ says:
    2011-10-31 at 9:29 am

    མདོ་ལས།
    ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ།།
    བརྩེ་བའི་བདག་ཉིད་ཅན་ཡང་དུད་འགྲོར་སྐྱེ།།
    ཞེས་དང་ཡང་།
    ལུས་ཅན་རྣམས་ཀྱི་ལས་དག་ནི།།
    བསྐལ་བ་བརྒྱར་ཡང་ཆུད་མི་ཟ།།
    ཚོགས་ཤིང་དུས་ལ་བབ་པ་ན།།
    འབྲས་བུ་ལྡོག་པ་མེད་པར་འབྱུང་།།
    ཞེས་སོགས་གསུངས་པས་ལས་ངན་སྣ་ཚོགས་རྣམས་མ་བཤག་ན་འབྲས་བུ་ལྡོག་ཏུ་མེད་པ་ཡིན་ན། དེ་ལ་ཡ་མཚན་དང་ལྐུག་པ་ལྷ་མཐོང་གི་རྟུལ་ཞུགས་འཛིན་དོན་མེད་ཅིང་རང་དབང་ཅན་གྱི་སྤྱི་ཚོགས་དག་ཏུ་འགོག་ཐབས་ཀྱང་མེད་དོ།

  3. རིག་འབྱུང་རྒྱ་མཚོ says:
    2011-10-31 at 11:30 am

    རང་ཉིད་གང་ལ་མོས་ན་དེ་ལྟར་བྱེད་རྒྱུ་ནི་དགེ་མཚན་ལས་གྱོང་གུད་དདང་གནོད་འགྱོད་མ་རེད། གནོད་འགྱོད་ནི་བོད་བརྒྱ་ཆ་བཅུ་བདུན་ཙམ་གྲྭ་གཙུན་བཟོས་ཤིང་རིགས་རྒྱུད་མེད་པ་དེ་རེད། མི་རིགས་སྟོང་ལ་ཉེ་བའི་བོད་པ།

  4. རིག་འབྱུང་རྒྱ་མཚོ says:
    2011-10-31 at 11:32 am

    རང་སྐྱོན་མི་མཐོང་བ་གཞན་སྐྱོན་ཁོ་ན་རིག་པའི་བོད་པ།

  5. སློབ་དཔོན་མཆན་བུ་པ་ says:
    2011-11-01 at 6:54 am

    གྲྭ་བཙུན་བྱས་པས་མི་རིགས་འཕེལ་གནོད་འདི། །
    གུང་ཕྲན་མྰ་འོ་ཀླ་ཀློའི་ཀླད་ནད་འཇགས། །
    འཛམ་གླིང་ཁྱོན་ཡོངས་མི་འབོར་ཆེ་དྲགས་པའི། །
    གྲ་བཙུན་བཟོས་པས་ཕན་པ་མ་ཤེས་བླུན། །

  6. རིག་འབྱུང་རྒྱ་མཚོ says:
    2011-11-01 at 11:45 am

    འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ལ་མི་འབོར་མང་པའི་དཀའ་ངལ་ཡོད་ཀྱང་བོད་པ་དང་ཨར་ལན་དྲི། ཁ་ན་དྲ། ཨ་སི་ཐྲི་ལེའི་ཡ་སོགས་སུ་མི་འདང་བའི་དཀའ་ངལ་ཡོད། ཨ་ཕྷུ་རི་ཁ་དང་རྒྱ་གར་ནག་ལ་མི་འབོར་མང་བའི་དཀའ་ངལ་དེ་བོད་དང་བསྡུར་ཐབས་མེད། ཀེ་ལོ་མེ་ཁྲ་གྲུབ་བཞི་མ་གཉིས་དང་ཕྱེད་ཀ་ཡོད་པའི་བོད་ཀྱི་ས་ཁྱོན་ལ་རྒྱ་ནག་གི་ཁྲི་འདུས་གྲོང་ཁྱེར་གྱི་མི་འབོར་ཕྱེད་ལས་མེད་པ་མ་ཤེས་བ་ཧ་ཅང་བླུན། ཞྭ་དཔེར་ལྷམ་ལ་ཀབ། བྱི་ལ་ཙན་དན་བཟོས་བའི་དཔེ་ལས་མ་འདས། གནས་ཚུལ་འདི་དག་མ་ཤེས་བའི་དབང་གིས་བོད་རིགས་འདི་ཕུང་ཞིང་ད་ལྟའི་སྐྱི་གཡའ་བའི་གནས་སྟངས་འདི་བྱུང་བ་རེད།

  7. རིག་འབྱུང་རྒྱ་མཚོ says:
    2011-11-01 at 1:39 pm

    ཕོ་ཨ་ཧྥུ་རི་ཁའི་མི་འབོར་འཕེལ་ཚེ་ནི་རྒྱ་གར་གྱི་མི་འབོར་འཕེལ་ཚེ་ལས་མྱུར་ཞིང་ལྡབ་གསུམ་གྱི་འཕར་བཞིན་ཡོད། ད་ནས་བརྩིས་བའི་ལོ་བརྒྱ་ཡི་རྗེས་སུ་མི་འབོར་ས་ཡ་གཅིག་ཅན་གྱི་ཨ་ཧྥུ་རི་ཁའི་ལུང་བ་རྣམས་ས་ཡ་གསུམ་དུ་གྱུར་བས་མི་མང་པ་ཞིག་ལ་འཇིགས་སྣང་སྐྱེས་བཞིན་ཡོད། རྒྱུ་མཚན་ནི། མི་རིགས་ནག་པོ་རྣམས་གཞས་དང་གར་རྩེད་ལས་ལས་ཀ་དེ་ཙམ་མི་མོས་བ་མ་ཟད། ཡོངས་གྲགས་སུ་དྲག་ལས་མོས་ཤིང་རྩུབ་སྤྱོད་ལྡན་པས་རེད། དེ་ལས་ཟློག་སྟེ་ཡར་རྒྱས་ཆེ་བའི་རྒྱལ་ཁབ་རྣམས་ཀྱི་མི་འབོར་འཕེལ་རྒྱས་དལ་ཞིང་ཨིན་ལན་སོགས་ལུང་པ་ཁ་ཤས་ཉུང་དུ་འགྲོ་བས་རེད།

  8. སློབ་དཔོན་མཆན་བུ་པ་ says:
    2011-11-01 at 3:50 pm

    མི་འབོར་ཐེར་འབུམ་ ༧ ཅན་གྱི་བྱིས་པ་སྐྱེས་ཚར་འདུག་པས། ཆོས་ལུགས་འདྲ་མིན་གྱི་གྲྭ་བཙུན་ཚང་མས་མི་འབོར་ཕར་གྲངས་ཉུང་དུ་བཏང་བ་ལ་ཐུགས་རྗེ་ཆེ་ཞེས་ཞུ་འོས་སུ་མཐོང་ལགས།

  9. རིག་འབྱུང་རྒྱ་མཚོ says:
    2011-11-01 at 8:30 pm

    ཐེར་འབུམ་བདུན་དུ་འཕར་བ་ནི་དཀའ་ངལ་ཞིག་མིན་པ་དོན་དངོས་ཀྱི་དཀའ་ངལ་ནི་མི་འབོར་ཆ་མ་སྙོམས་པའི་དཀའ་ངལ་རེད། ལུང་པ་ཁ་ཤས་སུ་མི་འབོར་ཧ་ཅང་མང་ཞིང་ཧ་ཤས་སུ་མི་འབོར་ཉུང་བའི་དཀའ་ངལ་གྱིས་མི་འབོར་མང་པའི་མི་རིགས་རྣམས་ཀྱིས་རང་བཞིན་མི་འབོར་ཉུང་བའམ་མ་འདང་བའི་ས་ཆའི་སྟེང་དུ་ཁྲིམས་འགལ་དང་ཁྲིམས་མཐུན་གང་རུང་གིས་འཛུལ་ཞིང་མཐར་ཉུང་བའི་རིགས་ལ་རང་བཞིན་གྱིས་དཀའ་ངལ་སྤད་ཀྱིན་ཡོད།
    མི་འབོར་ཉུང་དུ་བཏང་མཁན་མི་ནང་ཆོས་ཡིན་ཞིང་དེའི་ནང་ནས་བོད་རྒྱུད་ནང་བསྟན་ཡིན། དེའི་རྐྱེན་གྱིས་བོད་དང་སོག་པོ་མི་འབོར་ཉུང་དུ་ཕྱིན་ཞིང་རང་བཞིན་ཕམ་ཁ་མྱོང་བཞིན་ཡོད་ལ། དེ་ལྟར་ཕྱིན་ན་མཐར་སྟོང་རྒྱུ་ཉེ། ཆོས་ལ་ཐམས་ཅད་མི་འབོར་ལ་གནོད་པ་འདོད་པ་ནི་ལྟ་རྒྱ་དོག་པའི་སྐྱོན་ཏེ། ཁ་ཆེའི་ཆོས་ལུགས་ནི་མི་འབོར་འཕེལ་རྒྱས་དང་མངའ་ཐང་རྒྱ་སྐྱེད། རིགས་རྒྱུད་སྐྱེས་སྲེང་བྱེད་པ་ཕན་པས་འཛམ་གླིང་ཤར་དཀྱུལ་ནས་ཆེད་པའི་ཁ་ཆེའི་མི་རིགས་ཡོ་རབ་དང་ཨ་རི། རྒྱ་གར་ནག་ཐེ་བའི་ད་ལྟ་འཛམ་གླིང་ས་ཆ་ཁྱབ་བཞིན་ཡོད། ཁ་ཆེའི་ཆོས་དཔོན་ཚོས་རང་ནུས་ཅི་ལྕོགས་ཀྱིས་ཆུང་མ་ག་ཚོད་ཡོད་ཀྱང་ལེན་ཆོག་ཅིང་། མི་རིགས་གཞན་ཆུང་མ་ལེན་ཐུབ་ཚེ་དེ་ལས་དགེ་མཚན་དུ་སྒོམ་པས། འབྱོར་ལྡན་ཁ་ཆེ་རྣམས་ལ་ད་ལྟའང་ཕྲུ་གུ་ལྔ་ཅུ་ནས་དྲུག་ཅུ་ཡོད་མཁན་མང་། བྷན་ལ་ཊའི་ནི་ཁྱིམ་ཚང་དེ་དག་གི་གྲས་ཀྱི་གཅིག་ཡིན།

  10. འཚུབ་དགའ says:
    2011-11-02 at 7:06 pm

    འོ་དེ་ཡང་དོགས་བདེ་པོའི་ལས་དཀའ་ཞིག་འདུག་མོད་འོན་ཀྱང་མི་དགོས་ས་དཀའ་ལས་
    ཐོ་བ་ལྟ་བུ་རེད་ཡ།སྐྱེ་བ་ལེན་རྒྱུ་དང་དེ་ལམ་འགྲོ་རྒྱུགས་མི་རྒྱུགས་སོགས་མང་པོ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme