Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིགས་རུས་ཀྱི་འགྱུར་བག་ཁྲོད་ནས་ངུས་པ།

Posted on 2010-03-172010-03-17 By དབང་ཕྱུག་ 10 Comments on རིགས་རུས་ཀྱི་འགྱུར་བག་ཁྲོད་ནས་ངུས་པ།

པོད ལྷ་ཀླུ་གཉན་གསུམ།

ཕར་ལ་དེད་ཀྱང་ཚུར་ལ་འཁོར་ནས་འོང་།།
ཚུར་ལ་འཁོར་བ་དེ་ཡི་ཁ་མི་གྲགས་པ།།
ཚོར་བའི་སྣང་བརྙན་འདི་ཡི་སྔ་གཞུག་དུ།།
རང་ཉིད་བོད་པ་ཡིན་པ་ཡང་ཡང་དྲན།།

དྲན་པ་གོར་མོ་རི་མགོའི་དར་ལྕོག་བཞིན།།
རླུང་འཚུབ་དྲག་པོས་ཡང་ཡང་བསྐྱོད་ཐེངས་ཤིག།
འགྲོ་འདུག་བསྐྱོད་གསུམ་གསུབ་ན་བཞུར་བ་འདིས།།
རང་གི་སྐྱི་འབག་འདི་ལ་ཤེད་ཅིག་སྩལ།།

དཀར་པོ་དུང་ལ་བརྒྱུས་པའི་བསམ་གཞིགས་དང་།།
དམར་པོ་མེ་ཡི་བསྲེག་པའི་ཞེན་རྩ་དང་།།
ལྷོག་ལྷོག་ཁོང་ནས་བརྡོལ་བའི་སྙིང་ཆུང་གིས།།
རིགས་ཞེན་དྲི་མ་མེད་པའི་ཚུལ་ཞིག་མངོན།།

ཐག་རིང་བྱང་གི་ཡུལ་ན་འཚོ་བ་ཡི།།
ས་ཡ་དྲུག་གི་ངོ་ཚབ་བོད་མི་རྣམས།།
ཉིན་མཚན་རང་དབང་མེད་པའི་ཁོར་ཡུག་ན།།
ཁྲག་དང་བརྣག་གི་རྨ་ཁ་བསམ་དུས་སྐྱོ།།

བྱེས་སུ་རང་ཁ་གསོ་བའི་ངན་གཤིས་དང་།།
ཕྱི་རུ་བུད་ནས་སྒོར་མོའི་བྲན་གཡོག་མཁན།།
རིགས་ཞེན་མེད་པའི་བོད་མི་གཟུགས་ཙམ་དག།
མཐོང་བའི་ཚེ་ན་སྙིང་ཁར་གཟེར་ཤད་རྒྱག།

མཐོ་སར་འགྱིང་བའི་དཔོན་པོ་བརྗིད་ཉམས་ཅན།།
དམའ་སར་བསྡོད་པའི་ཁེ་བཙོང་ཙག་ཅག་མཁན།།
གཅིག་ལས་གཅིག་མགྱོགས་དཔལ་འབྱོར་ཁོ་ནའི་ཆེད།།
གཞན་སྐད་སྤྱང་ནས་རང་སྐད་དོར་དུས་སྡུག།

མི་ཤེས་ཟེར་ནས་བསྡོད་པ་བཟང་དུ་བརྩི།།
མ་རིག་ཟེར་མཁན་དྲང་བོའི་མི་ལ་འདྲེན།།
མ་གོ་ཟེར་ན་མི་གཤིས་འཇམ་པོར་རློམ།།
བྱེད་སྟངས་འདི་ཚོས་རིགས་རུས་གཡང་དུ་དེད།།

སྙན་ངག

Post navigation

Previous Post: གསར་འགོད་ལས་རིགས་ཀྱི་ཐད་ནས་བུད་མེད་རྩོམ་པ་པོ་ལྕགས་མོ་འཚོ་ལ་བཅར་འདྲི།
Next Post: གློག་བརྙན་བཟོ་མཁན་པད་མ་ཚེ་བརྟན་དང་རིག་ལྡན་རྒྱ་མཚོ་

Comments (10) on “རིགས་རུས་ཀྱི་འགྱུར་བག་ཁྲོད་ནས་ངུས་པ།”

  1. ཆུ་སྐྱེས་སྒྲོལ་མ། says:
    2010-03-17 at 9:41 am

    ཡག་པོ་འདུག

  2. རྩམ་དགའ་ says:
    2010-03-17 at 11:16 am

    བོད་ལྷ་ཀླུ་གཉན་གསུམ་གྱི་ཁ་ནས། །
    སྙན་ལྷང་ལྷང་གི་སྙིང་གཏམ་འཐོར་འདུག །
    ཐེངས་གཅིག་གི་ཀློག་ཁོམ་ཙམ་ལས། །
    ངུས་དང་ནས་འདུག་ཁོམ་མ་ཡོད་ཐལ། །

  3. ཅོ་རི་ཉི་མ། says:
    2010-03-17 at 2:48 pm

    དྲ་གྲོགས་ཚོ་ཁྱེད་རྣམ་པའི་ཀློག་ཀླད་རྒྱུད་ནས་དུས་བབ་དྲ་བ་ནང་དུ་སྔར་བཞིན་འགྲོ་ཐུབ་ཀྱིན་འདུག་གམ།

    ངའི་ཀློག་ཀླད་རྒྱུད་ནས་དུས་བབ་དྲ་བ་ནང་དུ་འགྲོ་བ་ལ་དཀའ་སྔལ་སླེབས་འདུག
    དྲ་གྲོགས་ཚོས་ལན་རེ་ཡོད་ན་འཇོག་རོགས

  4. བོད། ལྷ་ཀླུ་གཉན་གསུམ། says:
    2010-03-17 at 4:07 pm

    སྤུན་ཟླ་སུ་ཞིག་གིས་ཤེས་ཀྱི་ཡོད་ན་དུས་བབ་ཚང་གི་དྲ་ཚིགས་སྒོ་ཕྱེ་མི་ཐུབ་པའི་གནད་དོན་དེ་གསུང་རོགས། ང་རང་ཡང་ད་ལྟ་རང་ལས་ཀ་ནས་ཕྱིར་ནང་དུ་འབྱོར་ནས། དུས་བབ་ཚང་གི་དྲ་སྒོ་ཕྱེ་དུས་གཏན་ནས་ཕྱེ་ཐུབ་ཀྱི་མི་འདུག དེས་གནད་དོན་ཤེས་མཁན་མགྱོགས་ཙམ་བྱོས། དེ་མིན་དུས་བབ་ཚང་ལ་སྐད་རེ་འཕྲོད་མཁན་ཡོད་ན་འཕྲོད་རོགས་ཞུ།

  5. རྩམ་དགའ་ says:
    2010-03-17 at 4:48 pm

    བརྡ་འདི་གོ་མ་ཐག་དུས་བབ་ཀྱི་སྒོ་ཁར་རྒྱུགས་སོང་ནས་གཅིག་བལྟས་པ་ཡིན། སྟབས་ཡག་ནས་དུས་བབ་ཚང་གི་ནང་ལ་འགྲོ་ཐུབ་ཀིན་འདུག ངའི་གློག་ཀླད་དེང་སང་གི་གསར་བ་ windows 7,འདི་ཡིན། སྐབས་རེ་གློག་སྒོ་ཚང་མ་བརྒྱབས་ནས་་སྐར་མ་གཅིག་གཉིས་ཙམ་རྗེས་སླར་ཡང་གློག་སྒོ་ཕྱེ་ན་སྔར་བཞིན་ཡོང་གི་འདུག དེ་མིན་ཅང་མི་ཤེས་གསལ་བོ་མི་ཤེས་དགོངས་དག གྲོགས་པོ་ཚོ།

  6. བོད། ལྷ་ཀླུ་གཉན་གསུམ། says:
    2010-03-17 at 5:12 pm

    རྩམ་དགའ་ལགས། ངའི་གློག་ཀླད་window vista ཡིན། འོན་ཀྱང་། གཏན་ནས་སྒོ་ཕྱེ་ཐུབ་ཀྱི་མི་འདུག རེ་བ་ལ་སང་ཞོགས་སྔར་བཞིན་སྒོ་ཕྱེ་ཐུབ་པར་རེ་བ་ཆེན་པོ་ཡོད།

  7. བོད། ལྷ་ཀླུ་གཉན་གསུམ། says:
    2010-03-17 at 5:20 pm

    སྤུན་ཟླ་ཚོ། དགེ་འདུན་རབ་གསལ་གྱིས་འདི་ན་གསལ་བཤད་བྱོས་འདུག་པ་ལྟར། དུས་བབ་ཚང་སྒོ་ཕྱེ་ཐུབ་ཀྱི་འདུག མགྱོགས་པོ་གཟིགས་འདོད་ཡོད་མཁན་དང་། ནམ་རྒྱུན་ལྟར་གཟིགས་མཁན་ཚོ་ལ་དཀའ་ངལ་ཡོད་ན་འབྲེལ་ཐག་འདི་ནས་འགྲོ་རོགས་ཞུ།
    http://tibettimes.tibethosting.com/blogs.php

  8. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-03-17 at 8:42 pm

    མི་ཤེས་ཤེས་གི་ཟེར་མཁན་མང་དུ་ཕྱིན།།
    མ་རིག་རིག་སོང་ཟེར་མཁན་མང་དུ་འཕེལ།།
    མ་གོ་གོ་སོང་ཟེར་མཁན་མང་དུ་སོང་།།
    བྱེད་སྟངས་འདི་ཚོས་སྤྱི་ཚོགས་གཡང་ལ་དེད།

  9. རྩམ་དགའ་ says:
    2010-03-17 at 11:42 pm

    བླ་མའི་གསུང་ཡིན་ཟེར་ནས་གོང་ལ་བཀུར། །
    དཔོན་པོའི་བཀའ་ཡིན་ཟེར་ནས་བར་ལ་བཞག །
    འབངས་མིའི་སྐད་ཆ་རེད་ཅེས་མར་ལ་གཡུགས། །
    འགྲོ་སྟངས་འདི་ཡིས་ང་ཚོགས་གཡང་ལ་དེད། །

  10. བོད། ལྷ་ཀླུ་གཉན་གསུམ། says:
    2010-03-19 at 7:40 am

    ཁ་དཀྲུགས་གཡེན་སྤྱོར་བྱེད་མཁན་མང་དུ་ཕྱིན།།
    རང་དོན་ཁོག་བཅུགས་བྱེད་མཁན་ཉིན་ལྟར་འཕེལ།།
    རང་ཤ་གཏུབ་ཀྱང་དགད་མོ་དགོད་མཁན་མང་།།
    འདི་འདྲའི་མི་རིགས་ཤིག་ནི་ཨ་རེ་ང་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme