Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིག་པའི་ཁྱེའུ་ཡི་མཚམས་སྦྱོར།

Posted on 2018-01-242018-01-25 By ཁ་བརྡ 4 Comments on རིག་པའི་ཁྱེའུ་ཡི་མཚམས་སྦྱོར།

ཉེ་ཆར་རྡ་རམ་ས་ལ་བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པའི་“རིག་པའི་ཁྱེའུ། དུས་རབས་བཅུ་གསུམ་པར་ཐ་སྙད་རིག་གནས་བོད་ལ་ཇི་ལྟར་སླེབས་པ་ལས་འཕྲོས་པའི་དཔྱད་རྩོམ་དང་གཞན།”ཞེས་པའི་དེབ་འདི་རྒྱ་གར་ནས་གུས་པར་བསྐུར་བ་འབྱོར་ཅིང་། དེབ་འདིའི་པར་རིས་འགའ་རེ་སྔ་ཕྱིར་དྲ་ངོས་སུ་བཀྲམས་པ་ཡིན་ལ། ད་ཆ་དེབ་འདི་ལ་འདྲི་བརྩད་བྱེད་མཁན་འགའ་རེ་འདུག་སྟབས་དེ་རིང་དུས་བསྟུན་གྱིས་དེབ་ཀྱི་ངོ་སྤྲོད་རགས་བསྡུས་ཤིག་འགོད་པ་བྱ།

དེབ་འདིར་འཁོད་པའི་རྩོམ་ཡིག་གི་ནང་དོན་རེ་རེ་བཞིན་མཚམས་སྦྱོར་ཞུ་རྒྱུ་མིན། འོན་ཀྱང་སྤྱི་ཆིངས་ཀྱི་ཚུལ་དུ་ཞུས་ན། ཕྱི་ལོ་ ༡༢༠༤ ལོའི་བོད་ཟླ་གསུམ་པའི་ནང་ཁྲོ་ཕུ་ལོ་ཙ་བ་དགུང་ལོ་ ༣༦ ཙམ་ཡིན་སྐབས་རྒྱ་གར་ནས་ཁ་ཆེ་པཎ་ཆེན་གྱི་སློབ་མ་གཉིས་ཁ་ཆེའི་ཡུལ་དུ་བགྲོད་པའི་ལམ་འཚོལ་ཕྱིར་བོད་དུ་སླེབས་པ་དང་མཇལ། དེ་གཉིས་ཀྱིས་ཁ་ཆེ་པཎ་ཆེན་ཏུརྐའི་དམག་གི་འཇིགས་པས་ཡུལ་དབུས་ནས་ཐོན་ཏེ་(ད་ལྟའི་བྷང་ལ་དྷེ་ཤ་རྒྱལ་ཁབ་ཀྱི་)ཛ་ག་དྷ་ལ་དགོན་པར་ཕེབས་ཡོད་སྐོར་ཁྲོ་ལོར་བཤད། ཁྲོ་ལོས་དེ་གསན་མ་ཐག་ཏུ་ལྷོ་ལམ་ལ་ཞུགས་ཏེ་ཕག་རི་བརྒྱུད་ནས་ད་ལྟའི་འབྲུག་དང་འབྲས་ལྗོངས་ཀྱི་ས་ལ་སླེབས་ཤིང་། དེར་དམག་གི་འཇིགས་པ་མེད་པའི་བཙན་ས་ཞིག་ནས་པཎ་ཆེན་གདན་ཞུའི་ཡི་གེ་ཕུལ་བ་དང་བཅས། མཐར་ཁོང་ཅག་བ་ནེ་ཤྭ་ར་ཞེས་པའི་ས་གནས་སུ་མཇལ། ཁ་ཆེ་པཎ་ཆེན་དགུང་ན་བགྲེས་པོ་དེས་ལོ་ཙ་བ་གཞོན་ཤ་ཅན་འདི་གཟིགས་ནས་ཕེབས་བཞེད་མ་མཛད་པ་ལ། ཁྲོ་ལོས་པཎ་ཆུང་དགུ་ལ་ཆོས་ཀྱི་བགྲོ་བ་མཛད་པས་པཎ་ཆེན་གྱི་ཐུགས་བཀུག དེ་ལ་བརྟེན་ནས་ཁ་ཆེ་པཎ་ཆེན་ལ་དགེ་སློང་མ་དང་དགེ་ཚུལ་མ་བཅས་ཀྱང་ཡོད་པའི་འཁོར་ཉི་ཤུ་སྐོར་དང་བཅས་བོད་དུ་ཕེབས་ཤིང་ལོ་དེའི་དབྱར་གནས་ཁྲོ་ཕུ་དགོན་དུ་མཛད་པ་ཡིན་ནོ།།

སྐབས་དེར་དགུང་ལོ་ ༢༢ ཙམ་ཡིན་པའི་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་རང་གི་ཕའི་འདས་མཆོད་ཅིག་བསྐྱལ་བར་ཕེབས་བཞིན་པའི་ལམ་ནས་ཆུ་མིག་རིང་མོ་ཞེས་པའི་ས་ཆར་ཁ་ཆེ་པཎ་ཆེན་བོད་ལ་ཕེབས་ཡོད་པ་དང་མཇལ། དེ་མ་ཐག་མཆོད་འབུལ་བསྐྱལ་བར་གཡོག་ཅིག་བཏང་ནས་རང་ཉིད་ཀྱིས་པཎ་ཆེན་འཁོར་བཅས་ལས་ཆོས་མཉན་པའི་མགོ་བཙུགས། པཎ་ཆེན་གྱིས་ཚད་མ་ཆོས་མཆོག་འཁྲིད་བཞིན་པ་ལ་ས་པཎ་སྐུ་གཞོན་འདིས་བོད་དཔེ་བཀྲམས་ནས་གསན་པ་ལ་པཎ་ཆུང་རྣམས་ཀྱིས་ཁྲེལ་དགོད་བྱས། དེར་པཎ་ཆེན་གྱིས་དྲི་བ་མཛད་པ་ལ་ས་པཎ་གྱིས་བོད་དཔེའི་སྟེང་ནས་རྒྱ་སྐད་དུ་བསྒྱུར་པ་མཛད་པས་པཎ་ཆེན་འཁོར་བཅས་ཀྱི་ཐུགས་འཕྲོག དེ་ནས་བཟུང་སྟེ་ཁོང་གིས་པཎ་ཆེན་ལོ་བཅུ་ཙམ་དང་། པཎ་ཆུང་རྣམས་ལོ་མང་རིང་བསྟེན་ཏེ་ཐ་སྙད་རིག་གནས་གསན་བསམ་དང་། གསན་བསམ་གྲུབ་པའི་རིགས་ལ་རྩོམ་འབྲི་མཛད་ནས་རིག་གནས་ཆུང་བ་ལྔའི་སྐོར་རྩལ་དུ་བཏོན་པ་དང་། བོད་ཡུལ་དུ་རིག་པའི་གནས་འདི་དག་ཤེས་མཁན་ནི་ཁོ་བོ་ཙམ་མོ་ཞེས་བསྒྲགས། དེ་ལ་ཆག་ལོ་ཆོས་རྗེ་དཔལ་གྱིས་ཁྱེད་ཀྱིས་དེ་དག་ཇི་ལྟར་ཤེས་པ་ཡིན་ཞེས་དྲི་བ་མཛད། ཁོང་གིས་པཎ་ཆེན་དང་། དེ་བཞིན་པཎ་ཆུང་འདི་དང་དེ་ལས་རིག་གནས་འདི་དང་དེ་ཤེས་ཞེས་ཤེས་ལུགས་ཀྱི་ལན་བཏབ།

དེ་ལྟར་ས་པཎ་གྱིས་མི་ལོ་ ༤༥ ཙམ་གྱི་རིང་ལ་ཐ་སྙད་རིག་གནས་འཆད་སྤེལ་དང་། རྩོམ་པ་མཛད་ནས་རིག་གནས་དེའི་བཤད་སྲོལ་དར་པར་བྱས་རྗེས་ ༡༢༥༡ ལོར་དགོངས་པ་རྫོགས་པ་དང་། སྦྱོང་བརྡར་ལེགས་པར་ཐོན་པའི་སློབ་མའི་གྲས་སུ་དབོན་པོ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་ཡང་ཡོད། དེ་ནས་མི་ལོ་ ༡༤ ཙམ་འདས་རྗེས་ཀྱི་ ༡༢༦༥ ལོར་འགྲོ་མགོན་འཕགས་པ་རྒྱ་ནག་ནས་བོད་དུ་ཕེབས་ཐེངས་དང་པོའི་སྐབས་སུ་ཁོང་གི་ཐུགས་བཀོད་འོག་ས་སྐྱའི་བླ་དཔོན་ཟུང་འབྲེལ་གྱིས་མཐུན་རྐྱེན་སྦྱོར་བ་མཛད་དེ་རིག་གནས་གཞན་རྣམས་བསྒྱུར་པའི་ཁོངས་སུ་ཤོང་རྡོར་རྒྱལ་གྱིས་སྙན་ངག་མེ་ལོང་དང་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་སོགས་བསྒྱུར་པ་དང་། ཡར་ལུང་ལོ་ཙ་བ་གྲགས་པ་རྒྱལ་མཚན་གྱིས་སྡེབ་སྦྱོར་དང་མངོན་བརྗོད་སོགས་བསྒྱུར་པ། གཞན་དང་གཞན་གྱིས་སྒྲ་མདོ་ཅི་རིགས་པར་བསྒྱུར་པ་རེད། དེ་ནས་ཤོང་བློ་བརྟན་དང་ལོ་མཆོག་པས་འགྱུར་གསར་པ་དེ་དག་འཆད་སྤེལ་མཛད་ཅིང་། ཁོང་གཉིས་ཀྱི་སློབ་མ་དཔང་བློ་གྲོས་བརྟན་པས་ཐ་སྙད་རིག་གནས་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ་བའི་ཁྲོད་དུ་སྙན་ངག་མེ་ལོང་གི་ཊིཀྐ་ཡང་མཛད་ཡོད་ལ། དཔང་ལོའི་སློབ་ཚོགས་ཀྱིས་ཐ་སྙད་རིག་གནས་ཀྱི་འཆད་སྤེལ་དེ་དུས་རབས་བཅུ་བཞི་པར་བསྲིངས་ཡོད་པ་རེད། དེས་ན་འདི་དག་ནི་གོང་གི་དེབ་དེར་འཁོད་པའི་བརྗོད་བྱ་ཡིན་ནོ།།

དེ་ལྟར་བརྗོད་པའི་རྩོམ་རྣམས་ཀྱི་ཁོངས་སུ་སྔར་དྲ་རྒྱའམ་དེབ་ཅི་རིགས་སུ་སྤེལ་ཟིན་པའི་རྩོམ་བརྒྱད་ཡོད་ཅིང་། དེ་དག་ལ་བསྐྱར་བཅོས་དང་ཁ་སྣོན་ཕྲན་བུ་རེ་བཏབ་ཡོད། གསར་རྩོམ་བྱས་པའི་རྩོམ་ཡིག་གཉིས་ཡོད། རྩོམ་ཡིག་རྣམས་ཀྱི་བརྗོད་གཞི་ནི་ཁ་ཁ་ཡིན་མོད་ཁ་ཕྱོགས་གཅིག་ཡིན་སྟབས། སྐབས་མང་པོར་རྩོམ་ཡིག་གཅིག་ནས་བཤད་ཟིན་པ་གང་ཞིག་རྩོམ་ཡིག་གཞན་དུ་བསྐྱར་ཟློས་བྱས་པ་ཡོད་པ་དེ་དག་ལ་ནི་སྐབས་འདིར་སྣོན་འཕྲི་ཉུང་ཙམ་ལས་མ་བྱས་པར་བཞག་ཡོད།

འདས་པའི་ལོ་ཤས་ཀྱི་རིང་ལ་བོད་རིག་པའི་ཚོགས་འདུ་ཆེ་ཆུང་སོགས་ལ་འབྲེལ་ནས་གཏམ་བཤད་བྱས་པ་དང་། ཞོར་དུ་རྩོམ་འབྲི་བྱས་པ་འདི་དག་ཕྱོགས་གཅིག་ཏུ་སྤུངས་ཏེ་དེབ་གཟུགས་སུ་ཐོན་པ་ནི་ཡིད་ལ་ཚིམ་པ་སྦྱིན་པ་ཞིག་རེད། ད་དུང་རང་གིས་གང་ཞིག་བྲིས་པ་དེ་དཔེ་སྐྲུན་ཁང་ཚད་ལྡན་ཞིག་གིས་གཟིགས་རྟོག་དང་བཅས་པར་སྐྲུན་མཛད་པ་ལ་ཡི་རངས་སྐྱེས། དེས་ན་སྐབས་འདིར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། དེ་བཞིན་ལས་ཀ་འདི་དངོས་སུ་ཕྱག་བསྟར་མཛད་པོ་མཁྱེན་ཡངས་གྲོགས་པོ་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་གཙོས་ཁོང་གི་ལས་གྲོགས་རྣམས། དཔེ་མཛོད་ཁང་གི་རྒན་དམ་ཆོས་དཔལ་བཟང་བཅས་ལའང་ཡི་རངས་ཆེན་པོས་ཐུགས་རྗེ་ཆེ་ཞུ་བ་ཡིན།

དེབ་འདི་ནི་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པའི་ལོ་རྒྱུས་དེབ་ཕྲེང་ ༣༢ རེད་ལ། པར་སྐྲུན་བདག་དབང་དེ་བོད་ཀྱི་དཔེ་མཛོད་ཁང་ལ་ཡོད་པ་མ་ཟད། འགྲེམས་སྤེལ་ཀྱང་དཔེ་མཛོད་ཁང་གིས་གནང་གི་ཡོད་སྟབས། དཔེ་དེབ་འདི་ལ་ཐུགས་སྣང་ཡོད་རིགས་ཀྱིས་དེར་འབྲེལ་བ་གནང་འཚལ། བོད་ཀྱི་དཔེ་མཛོད་ཁང་གི་དྲ་རྒྱ་ནི་ http://tibetanlibrary.org/ འདི་རེད།

 

དགེ་འདུན་རབ་གསལ་གྱིས།

(མཆན། རྩོམ་ཡིག་འདི་གཞན་དུ་མ་སྤེལ་རོགས།)

ངོ་སྤྲོད།

Post navigation

Previous Post: སྟོད་འགག་དང་སྟོད་འགག་སེར་པོ།
Next Post: བཀྲེས་ལྟོགས་ཆེ་བའི་དར་སྲིན་ཆུང་ཆུང་།

Comments (4) on “རིག་པའི་ཁྱེའུ་ཡི་མཚམས་སྦྱོར།”

  1. ཀརྡོ་རབ་འབྱམས་པ་ says:
    2018-01-24 at 11:54 pm

    ཕ་དགེ་འདུན་རབ་གསལ་ལགས་ལ། བུ་བློ་གྲོས་ཅན་རིག་པའི་ཁྱེའུ་འཁྲུངས་པར། རྟེན་འབྲེལ་གྱི་དགའ་སྟོན་ཞུའོ།།

  2. ལྷ་སྒང་ཆོས་གྲགས། says:
    2018-01-25 at 8:02 am

    ལེགས་གསོལ། རྟེན་འབྲེལ་ཞུ། བཀའ་དྲིན་ཆེ།

  3. བསེ་རུ་ཟང་ཐལ་ says:
    2018-01-25 at 11:43 am

    བུ་སྙིང་རུས་ཅན་ཨ་རི་ཨིན་རྡྲི་ཡཱ་ན་གཙུག་ལག་སློབ་གྲྭའི་བོད་རིག་པའི་སློབ་དཔོན་དགེ་འདུན་རབ་གསལ་ལགས་སུ་དགའ་བསུ་ཡོད། བཀྲིན་ཆེ། ཁྱེད་ཀྱི་དཔེ་དེབ་འདི་བལྟ་ཀློག་ཐུབ་པ་བྱ་རྒྱུ་ཡིན།།

  4. ཀརྡོ་རབ་འབྱམས་པ་ says:
    2018-01-29 at 4:18 pm

    ཚིག་གི་གྲུབ་ཆ་དང་བྱ་ཚིག
    ་
    http://www.khabdha.org/?p=92937
    ་
    དགེ་འདུན་རབ་གསལ་གྱིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme