Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིག་གནས་རྩ་མེད་བཏང་བ་ཟེར་བ་དེ་རྫུན་གཏམ་ཁྱོན་ནས་མ་རེད།

Posted on 2010-11-19 By དགེ་རབ་ 1 Comment on རིག་གནས་རྩ་མེད་བཏང་བ་ཟེར་བ་དེ་རྫུན་གཏམ་ཁྱོན་ནས་མ་རེད།

རྩོམ་པ་པོ། ཤར་ཕྱོགས་ཁུག་རྟ།
ཡོང་ཁུངས། བོད་གཞུང་དྲ་བ། ༢༠༡༠། ༡༠། ༦།
ཀྲུང་གོའིི་བོད་ལྗོངས་དྲ་བ་ཞེས་པར་༢༠༠༩ཟླ་༣ཚེས་༦ཉིན་བུན་པེ་ཧྲི་ཟེར་བ་ཞིག་གིས་ཛྲ༸གོང་ས་མཆོག་ནས་བོད་ཀྱི་རིག་གནས་རྩ་མེད་གཏོང་གི་འདུག་ཟེར་བ་ནི་དོན་དངོས་རྒྱབ་བསྐྱུར་གྱི་ཁུངས་མེད་གཏམ་འཆལ་ཞིག་རེདཛྲ་ཅེེས་པའི་རྩོམ་ཡིག་ཞིག་བྲིས་ཡོད་ལ། དེའི་ནང་ཁོང་གིས་ཛྲལོ་༥༠རིང་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དར་རྒྱས་བྱུང་བ་དང་འབྲེལ་ཆོས་དད་རང་མོས་ལ་བརྩི་བཀུར་གང་ལེགས་ཐོབ་ཡོད་པར་ཛྲབཤད་ཡོད། རིག་གནས་ངོས་འཛིན་གནང་ཕྱོགས་ཐད་སྐུ་ཞབས་བུན་པེ་ཧྲི་དང་གཞི་མཐུན་མེད་ས་ཞིག་ནི་ནང་དོན་རིག་པ་རེད། ནང་དོན་རིག་པ་དང་བོད་པའི་འབྲེལ་བ་ནི་ལོ་རྒྱུས་ཙམ་ཞིག་མིན་ལ། དེ་ནི་མི་ཞིག་ལ་མཚོན་ན་དེའི་གཟུགས་པོ་གྲུབ་བྱེད་ཤ་ཁྲག་གི་འབྲེལ་བ་ལས་ཀྱང་ཟབ་པས། སྐུ་ཞབས་བུན་པེ་ཧྲིས་བོད་ཀྱི་ནང་དོན་རིག་གནས་ཐད་དཔྱད་གླེང་སྤེལ་དུས་ཤེས་ཡོན་ཅན་གྱི་རང་ཚུགས་ཤོར་འདུག་པ་ང་ཚོས་མཐོང་གསལ་རེད། དེ་ནི་ཁོང་གིས་ནང་དོན་རིག་གནས་ཆོས་ལུགས་ཙམ་གྱི་ངོ་བོ་ཁོ་ནར་འཇོག་ཅིང་། ཆོས་དད་རང་མོས་ནི་ལམ་སྲོལ་ཙམ་ལ་ལྟ་བ་དེ་རེད།
རིག་གནས་གང་ཞིག་མི་རིགས་ཀྱི་ཁྲག་རྩར་འདྲེས་མིན་དང་། རིག་གནས་དེས་མི་རིགས་དེ་འཚོ་ཞིང་གནས་བར་བྱེད་ཐུབ་མིན་གྱིས་མི་རིགས་རིག་གནས་ཞེས་འཛམ་གླིང་ཀུན་གྱིས་འབོད་ནའང་། བོད་ཀྱི་ནང་དོན་རིག་གནས་ཀྱིས་བོད་མི་རིགས་ཙམ་མ་ཟད་སེམས་ལྡན་ཡོངས་ལ་བདེ་སྐྱིད་སྤྲོད་ཐུབ་པ་ནི། དུས་རབས་གསར་བའི་དཔལ་འབྱོར་འགྲན་རྩོད་ཀྱི་རྦ་རླབས་འཁྲུག་པོའི་ནང་སྔོན་ཐོན་མི་རིགས་སུ་འབོད་པ་དག་གིས་བོད་ཀྱི་ཁྱད་ནོར་དུ་བགྲང་སྟེ་སློབ་སྦྱོང་བྱེད་པ་ནི། རིག་པ་ཡང་དག་གིས་དཔྱད་ནས་མཐོང་བའི་གནས་ལུགས་གང་ཞིག་དུས་གསུམ་དུ་དོན་ལ་གནས་པ་ཡིན་པས་རེད་ལ། ད་དུང་ནང་པའི་ལྟ་གྲུབ་བྱུང་ཡུལ་རྒྱ་གར་རང་ཉིད་གཙོས་ནང་པའི་ལུང་པ་ཀུན་ལས། དེའི་གཞུང་ལུགས་སློབ་སྦྱོང་འཐུས་ཚང་བྱེད་ཐུབ་པའི་བརྒྱུད་ལམ་ཡག་ཤོས་ནི་བོད་ཀྱི་སྐད་ཡིག་ཁོ་ན་ཡིན་པ་ནི་ཉིད་ཀྱིས་གསུངས་པ་ལྟར་དངོས་གནས་རང་ཛྲདོན་དངོས་རྩོད་ཐབས་བྲལ་བ་ཞིག་ཡིནཛྲཔ་གསལ་བོ་རེད།
བོད་ལ་དམིགས་བསལ་དུ་འཁྲི་བའི་ནང་དོན་རིག་གནས་མི་ཉམས་བརྒྱུད་འཛིན་ཡོང་ཕྱིར། སྐུ་ཞབས་བུན་པེ་ཧྲིས་ཛྲམཚན་ཉིད་རྩོད་པ། དབང་སྐུར་བ། སྒོམ་སྒྲུབ། རྒྱུགས་ལེན་གྱི་ཚད་གནས་སྤྲོད་པའི་བྱེད་སྒོ་རྒྱུན་གཏན་ངང་སྤེལ་ཡོད་ཛྲཟེར། ནང་དོན་རིག་གནས་ལ་སློབ་སྦྱོང་བྱས་མྱོང་བ་ཁོ་བོ་ལྟ་བུ་ཞིག་ཡིན་ནའང་། གོང་གི་གནད་དོན་འདི་དག་གལ་ཆེན་པོར་རྟོགས་ཐུབ་ཀྱི་ཡོད་མོད། རྒྱ་གཞུང་གིས་འདི་དག་ལ་འགན་ལེན་ཁྱོན་ནས་བྱས་མྱོང་མེད། རིང་བོའི་དུས་ནས་བཤད་ན་ངས་༸ཡིག་འབྲུ་ཁྲི་བདུན་བསྐྱར་འབྲི་བྱེད་དགོས་པ་ཆགས་ཀྱི་རེད། ཉེ་བའི་ཆ་ནས་བཤད་ན། ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་བོད་མིའི་ཞི་རྒོལ་རྗེས། སེ་འབྲས་དགའ་གསུམ་དུ་ནང་དོན་རིག་གནས་ཟུར་སྦྱོང་བྱེད་བཞིན་པའི་མདོ་ཁམས་ཕྱོགས་ཀྱི་གྲྭ་བ་རྣམས་སྡེབས་ཏེ་བཙན་ཁྲིད་བྱས་ཡོད་ལ། ཁོང་ཚོས་རང་གི་རིག་གནས་སློབ་སྦྱོང་བྱེད་འདུན་བཀག་པའི་མ་ཚད་མང་པོ་ཞིག་ལམ་བར་ནས་བསད་པ་དང་། རེ་འགའ་གར་སོང་ཆ་མེད་དུ་གྱུར་ཡོད། དེའི་ནང་ནས་དཔེ་མཚོན་ཙམ་ཞུས་ན། སྐྱེས་ཡུལ་ཨ་མདོ་རེབ་གོང་རྒྱལ་བོ་ྐླུ་ཆུ་ཡིན་པ། རང་ལོ་་ ༢༢ སོན་པའི་རྫོང་དཀར་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་ན་གོར་མོའི་བཙོན་ཁང་དུ་ ༢༠༠༨། ༦། ༢༢། ཉིན་ནག་ཉེས་གང་ཡང་མེད་པར་དམར་བསོད་བཏང་ཡོད། ཁོང་གི་གཅེན་པོ་དང་ཕ་མ་གཉིས་ཀྱིས་རླངས་འཁོར་ཆེད་གླས་ཀྱིས་གོར་མོར་སླེབས་ཀྱང་། རས་དཀར་བོ་ཁྲག་ཐིག་ཅན་བཀབ་པའི་སྐུ་ཕུང་ལ་ཁོང་གི་ནང་མིས་ཐེངས་གཅིག་མཇལ་ཆོག་པར་མིག་ཆུ་ཤམ་ཤམ་གྱིས་དམག་མིའི་རྐང་པར་འཇུས་ནས་ཞུ་བ་ག་ཚོད་ཞུས་ཀྱང་། རྒྱ་གཞུང་གི་དམག་མིས་ཁོང་ཚོར་རྐང་པས་བཞུས་ནས་ཕར་དེད་པ་རེད། སྐུ་ཕུང་ལ་གཅར་རྡུང་སྡུག་རྩུབ་ཀྱི་རྨ་ཤུལ་ཡོད་ནའང་། ང་ཚོར་ཐེངས་གཅིག་སྐུ་ཕུང་སྟོན་རོགས་གནང་ཞེས་འདས་པོའི་ཨ་མས་སྐད་ཆེན་པོས་ངུ་ངག་གི་གནམ་ས་སྦྲེལ་ཀྱང་། བོད་མི་མི་རུ་མི་བརྩི་བའི་རྒྱ་གཞུང་གི་བྱེད་སྟངས་ཕུང་བོ་དུར་བསྲེགས་མཁན་གྱི་དམག་མི་དེས་མཐོང་ནས་ཁོང་གིས་ལྐོག་ན་མིག་ཆུ་འཕྱི་བ་གཅེན་པོས་མཐོང་འདུག མཐའ་མར་ཁོང་ཚོས་རུས་ཐལ་སྤར་མོ་གང་ཁྱེར་ནས་ཕྱིར་ལོག་པ་རེད།
བོད་ཀྱི་ས་ཁུལ་སོ་སོའི་གྲྭ་བཙུན་ཚོས་སློབ་གཉེར་གང་འཚམས་བྱས་རྗེས། སེ་འབྲས་དགའ་གསུམ་གཙོས་གྲུབ་མཐའ་སོ་སོའི་གྲྭ་ཚང་ཆེ་སར་སློབ་གཉེར་གྱིས་གཞུང་ལུགས་ལ་གོ་བ་རྣལ་མ་ལོན་ཐབས་དང་། མཚན་ཉིད་རྣལ་མ་ཞིག་རྩོད་རྒྱུར་བོད་མི་ཡོངས་ནས་རྩ་ཆེན་པོར་བརྩིས་ཏེ་དེའི་ལམ་སྲོལ་ལའང་ལོ་བརྒྱ་ཕྲག་མང་པོ་ཕྱིན་ཡོད། བོད་ཀྱི་མཁས་གྲུབ་མང་པོ་ལམ་སྲོལ་འདི་བརྒྱུད་ཐོན་པ་ཞིག་ཡིན་ནའང་། དེང་དུས་རྒྱ་གཞུང་གིས་ཁོང་ཚོར་ནང་དོན་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་འཐུས་ཚང་ཞིག་བྱེད་པའི་གོ་སྐབས་ཁྱོན་ནས་སྤྲོད་ཀྱི་མེད་ལ། ཐ་ན་དམ་དྲགས་འོག་འཇང་དགུན་ཆོས་ཀྱང་རྫུན་མ་ཞིག་ལས་ཚོགས་ཐུབ་ཀྱི་མེད། གནས་སྟངས་འདིའི་འོག་རྒྱུགས་ལེན་ཚད་གནས་སྤྲོད་སྟངས་འཐུས་ཚང་ཞིག་ཡོང་མི་སྲིད་པ་བསམ་ལྡན་ཚང་མས་ཤེས་ཐུབ་པ་རེད། གང་ཡིན་ཞེ་ན། སློབ་སྦྱོང་གི་གནས་ཚད་ལོངས་གཞིའི་མཐུན་རྐྱེན་ཁྱོན་ནས་བསྐྲུན་ཐུབ་ཀྱི་ཡོད་པ་མ་རེད།
གོང་གི་གནས་ཚུལ་འདིས། སྐུ་ཞབས་བུན་པེ་ཧྲིས་སྒོམ་སྒྲུབ་དབང་བསྐུར་སོགས་གསུངས་བ་ནི་ཆབ་སྲིད་ཀྱི་དགོས་དམིགས་འབའ་ཞིག་ལས། བོད་ཀྱི་རིག་གནས་ལ་སེམས་ཁྲལ་བྱས་པ་ཞིག་རྩ་བ་ཉིད་ནས་མ་རེད། དང་པོ་ཐོས་བསམ་གྱི་སྒྲོ་འདོགས་མ་བཅད་པར་དབང་བསྐུར་སྒོམ་སྒྲུབ་ཚད་ལྡན་ཞིག་མི་ཡོང་བ་ཁོང་གིས་མ་ཤེས་པ་གནས་ཚུལ་ཆུང་ཙག་ཤིིག་ཡིན་རུང་། དཔེ་མཚོན་འདིས། བོད་ཀྱི་རིག་གནས་སྲུང་སྐྱོབ་བྱེད་པར་དེའི་རིན་ཐང་ལ་གདེང་འཇོག་དང་ངོས་ལེན་གྱིས་ཆབ་སྲིད་ནང་བསྲེས་མི་རུང་བ་སྟོན་གྱི་ཡོད།
སྐུ་ཞབས་བུན་པེ་ཧྲིས་མཐའ་མར་རིག་གནས་སྲུང་སྐྱོབ་འགན་ལེན་གྱི་སྐད་ཆ་དེ་ཛྲབོད་དུ་ནང་ཆོས་སློབ་གཉེར་བ ༦༠༠༠ དང་། བོད་བརྒྱུད་ནང་བསྟན་ཁོ་ནར་ལྡན་པའི་བླ་སྤྲུལ་ངོས་འཛིན་ཞུ་སྟངས་ལ་རྒྱལ་ཁབ་ཀྱིས་བརྩི་བཀུར་ཐོབ་ཡོད་ཛྲཟེར་བ་ཙམ་གྱི་སྟེང་དུ་ཕྱིན་ནས། དོན་དངོས་བོད་ཀྱི་རིག་གནས་རིམ་བསྒྱུར་རྩད་རྫོགས་ཀྱི་ཐབས་བྱུས་རྒྱུན་བསྐྱངས་ཏེ། ཕྱི་ཚུལ་གྱི་རྣམ་པ་ཙམ་གྱིས་ཕྱི་རྒྱལ་སྤུན་ཟླ་ཚོར་མགོ་བོ་རྨོངས་སུ་འཇུག་བསམ་ཡང་། དེ་ནི་རྦད་དེ་མགོ་རྔས་ལ་མ་བཞག་པར་རྨི་ལམ་བཏང་བ་རང་རེད། གང་ཡིན་ཞེ་ན། ༸གོང་ས་མཆོག་གིས་ནམ་རྒྱུན་གྲངས་ཀ་ལས་སྤུས་ཀ་གལ་ཆེར་འཛིན་གྱི་ཡོད། བོད་ནང་གི་ཕྱི་ཚུལ་ཁྲ་ཁྲ་ཟང་ཟིང་དེ་ལས། དོན་དམ་བོད་མིའི་མངོན་འདོད་དང་འཚམས་པའི་རིག་གནས་བརྒྱུད་འཛིན་བྱེད་རྒྱུ་གལ་ཆེན་པོར་བརྩི་བཞིན་ཡོད་ལ། ཁོང་གིས་ལོ་རྒྱུས་དང་ཐོབ་ཐང་གི་གནས་བབ་བཞག་ནས་དོན་དམ་པའི་བོད་ཀྱི་དཀའ་ངལ་སེལ་ཐབས་རྒྱ་ནག་གི་རྩ་ཁྲིམས་འོག་འདོད་མོས་བྱས་པ་ནི། བོད་ཀྱི་རིག་གནས་སྤྱི་དང་། ལྷག་པར་ནང་དོན་རིག་གནས་དང་དེའི་དར་རྒུད་ལ་རྒྱ་ནག་གིས་ཡི་རངས་བྱེད་ཀྱི་མེད་པས་རེད། དཔེར་ན་སྐུ་ཞབས་བུན་པེ་ཧྲིས་མིང་འཁུར་བ་འདི་ཡང་། རྒྱ་ནག་གཞུང་གི་ཇུས་བཀོད་ཡིན་པ་ལས། རྒྱ་རིགས་ཤེས་ཡོན་ཅན་ཞིག་མིན་པ་ང་ཚོས་ཚོད་དཔག་བྱེད་ཐུབ། གང་ཡིན་ཞེ་ན། ཁོང་གིས་དོན་དངོས་ལས་གཡོལ་བའི་རྒྱ་གཞུང་གི་རིམ་བསྒྱུར་རྩད་རྫོགས་ཀྱི་སྐད་ཆའི་ཕྲེང་བསྟར་བསྒྲིགས་བཞག་པ་དེས་རེད།
ལན་འདེབས་ཚོགས་ཆུང་། ༠༠༩།

རྩོམ་རིག

Post navigation

Previous Post: ཉེ་རབས་ཀྱི་རྒྱའི་སྙན་ངག་པའི་རང་སྲོག་བཅད་ཐོ། བོད་འགྱུར་མ།
Next Post: རྒྱ་གཞུང་གི་ཁྱད་ནོར “རིམ་བསྒྱུར་རྩད་རྫོགས” ཕྱིར་ཕྱུངས་ཏེ། ཆོས་དད་རང་མོས་ལ་མཛུབ་སྟོན་བྱེད་པ།

Comment (1) on “རིག་གནས་རྩ་མེད་བཏང་བ་ཟེར་བ་དེ་རྫུན་གཏམ་ཁྱོན་ནས་མ་རེད།”

  1. སྟག་སྨྱོན། says:
    2010-11-20 at 2:41 pm

    ངའི་མཆན་བུ་འདི་འདེབས་སའི་འབྲེལ་ཡོད་ཀྱི་བརྗོད་དྲ་ཐོག་ནས་མ་རྙེད་པ་དང་། དུས་བབ་ནང་མཆན་བུ་འདེམས་མཚམས་བཞག་ཟིན་པས་བསམ་ཚུལ་ཐུང་ཐུང་ཞིག་མཆན་བུ་མེད་པའི་རྩོམ་ཐུང་འདིའི་འོག་བཀོད་པ་ཡིན།
    དེ་ཡང་༧སྐུ་མདུན་སྐུ་ཕྲང་བཅོ་ལྔ་བ་མ་འདས་སྤྲུལ་ལྟར་༧གོང་ས་སྐུ་ཕྲེང་བཅུ་བཞི་བ་མཆོག་གིས་ངོས་འཛིན་ཐུགས་ཐག་བཅད་འོས་པའམ། ཡང་ན་རྗེ་ཙོང་བ་ལྟར་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་ནས། ཡང་སྲིད་ཕེབས་སྲོལ་མེད་པ་བྱེད་འོས་བོད་མི་ཚོས་བསམ་བློ་ཟབ་མོ་གཏོང་དགོས་ཀྱི་འདུག དེ་མིན་༧གོང་ས་བཅུ་བཞི་བ་མཆོག་བཞུགས་མིན་གྱི་དུས་ཤིག་སླེབས་པའི་རྗེས་སུ་སྐུ་ཕྲེང་བཅོ་ང་རྩད་གཅོད་ངོས་འཛིན་བྱེད་དགོས་བྱུང་ན་དཔེ་དཀའ་ལས་ཁག་པོ་མཐོང་གི་འདུག གང་ཡིན་ཟེར་ན་༧གོང་ས་མཆོག་སྐུ་བཞུགས་པའི་སྐབས་སུ་རྒྱ་གཞུང་གིས་གནོན་ཤུགས་འོག གོང་ས་མཆོག་ཕྱི་རྒྱལ་གྱི་དབུ་ཁྲིད་ཁག་ལ་འཇལ་འཕྲད་བྱེད་མི་ཆོག་པའི་གནོན་ཤུགས་རྒྱུན་མར་སྤྲོད་ཀྱི་ཡོད་པ་དང་། ནུས་པའང་གང་འཚམས་ཐོན་གྱི་ཡོད་པ་དང་། གཞན་ཡང་རྒྱལ་ཁབ་གཞན་དག་གི་ས་ཐོག་ཏུ་རྒྱ་ནག་ངོ་རྒོལ་གྱི་ཆབ་སྲིད་ལས་འགུལ་སྤེལ་དུ་འཇུག་མི་ཆོག་པའི་ཉེན་བརྡ་དང་གནོན་ཤུགས་ལོ་རེ་བཞིན་ཆེ་རུ་འགྲོ་གི་ཡོད་སྟབས། བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྤེལ་སའི་ས་ཁོངས་དགའ་རབ་ཆུང་དུ་སོང་བའི་སྣང་བ་སྟེར་གྱི་འདུག་ན། མ་འོངས་པར་རྒྱ་ནག་གི་གནོན་ཤུགས་ལ་མགོ་མི་སྒུར་བར་རང་གི་ས་ཐོག་ཏུ་བོད་མི་སྐྱབས་བཅོལ་བ་ཚོར་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་དུ་འཇུག་གི་རེད་དམ། ཧ་ལམ་ཁག་པོ་རེད། བོད་མི་སྐྱབས་བཅོལ་བ་ཚོར་འདི་འདྲའི་ནུས་པ་ཡོད་དཀའ་བས། བྱས་ཙང་༧གོང་ས་མཆོག་བཞུགས་རིང་གནས་ཚུལ་འདི་འཐུས་ཤོར་དུ་མ་སོང་བར་གཏན་ཁེལ་བྱེད་དགོས་པ་ཞིག་རེད། མང་པོ་འབྲི་ལོང་མེད་པས་དྲན་བསྐུལ་ཙམ་གཞུང་ལ་ཕུལ་བ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme