Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིག་གནས་གཞན་དང་ཡུལ་སྲོལ་གཞན་གྱི་བཙན་འཛུལ།

Posted on 2015-12-312015-12-31 By ཁ་བརྡ 16 Comments on རིག་གནས་གཞན་དང་ཡུལ་སྲོལ་གཞན་གྱི་བཙན་འཛུལ།

འཇམ་གཅེས།

 
དེ་རིང་ནི་སྤྱི་ལོའི་ལོ་གསར་རམ་2016 ལོའི་ལོ་གསར་པ་ཚེས་སོང་ཞེས་གསར་འགྲོགས་དང་། རང་ཚུགས་བྲལ་བའི་གཞིས་བྱེས་གཉིས་ཀྱི་ནང་ནས་མི་ཉུང་བ་ཞིག་ནས་དགའ་བསུ་དང་འཚམས་འདྲི་མང་པོ་འདུག་མོད། ངས་ནི་ཕྱི་ལུགས་ལོ་གསར་དང་ཡེ་ལུགས་འཁྲུངས་སྐར་གང་ཡང་བརྩི་སྲུང་མི་བྱེད་ལ། ལྷག་པར་དུའང་དུས་ཚོད་འདི་དག་དང་བསྟུན་མཁས་ཀྱིས་བོད་རིགས་ནང་ཚུན་ལ་ཤིས་ཚིག་དང་ཁ་གཡང་ནམ་ཡང་མི་འབོད། རྒྱུ་མཚན་ནི། ང་ནི་ལོ་རྒྱུས་དང་རིག་གནས་རང་རྐྱ་འཕེར་བའི་བོད་མི་རིགས་སམ་རྒྱལ་ཁབ་ཀྱི་ཆབ་འབངས་སུ་སྐྱེ་བ་བླངས་པའི་སྐྱེ་བོ་ཞིག་ཡིན་པའི་ཆ་ནས་ཐུན་མོང་མ་ཡིན་པའི་རིག་གནས་དང་ཡུལ་གོམས་གཤིས་ལུགས་སོགས་ནི་རང་ཉིད་ཀྱིས་འཇོན་ན་མི་རིགས་ཀྱི་མོས་བློ་དང་མཐུན་པར་ཡོད་ཁར། ད་དུང་གཞན་ལ་ངོ་གནོང་མི་དགོས་པའི་ལོ་གསར་པའི་དུས་ཚིགས་བརྩི་སྲུང་དང་། དུས་ཚིགས་གཉིས་ཀ་ཡོད་པ་ཙམ་དུ་མ་ཟད། དེ་ཡང་རིན་ཐང་ལྡན་པ་དང་། རྒྱུ་མཚན་ལྡན་པ། མི་རིགས་ཀྱི་ལྟ་སྤྱོད་དང་འཚམས་པའི་ཐུན་མིན་རིག་གནས་ཀྱི་ཁྱད་ཆོས་ལྡན་པ། ལྟ་གྲུབ་ཀྱི་རྒྱབ་ལྗོངས་དང་། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་མི་རིགས་ཤིག་ལ་དགོས་པའི་ཡུལ་གོམས་གཤིས་ལུགས་སོགས་ཡོད་པས་ཡིན།

ངས་འདི་ལྟར་ཟེར་ཡོང་དུས། ཁྱེད་ཅག་གིས་བདག་ལ་མཁྲེགས་འཛིན་མཁན་དང་། རྗེས་ལུས་པ་སོགས་ཚིག་མཚོན་ཆར་ལྟར་དབབ་རྒྱུ་ཡིན་པའང་ངས་ཤེས་ཀྱིན་ཡོད། ཡིན་ནའང་བཟང་ངན་ལེགས་ཉེས་སོགས་ཀྱི་ལམ་ནས་བསྟོད་སྨད་གང་ཞིག་བྱས་རུང་དེ་ནི་ཁྱེད་ཚོའི་རང་དབང་རེད་ལ། ངའི་ལངས་ཕྱོགས་ལ་བཅོས་བསྒྱུར་གཏོང་དགོས་མིན་དེ་ནི་ང་རང་ཉིད་ལ་དབང་བ་ལས་གཞན་སུ་ལའང་མི་དབང་།
སྤྱིའི་ཆ་ནས་བཤད་ན་བོད་མི་རིགས་ཀྱིས་ད་ལྟར་གཉེར་བཞིན་པའི་ལོ་གསར་དུས་ཚིགས་ལའང་མི་འདྲ་བ་ཁ་ཤས་ཡོད་པ་ཡིན་མོད། དེ་དག་ནི་མི་རིགས་གཞན་དང་། རིག་གནས་གཞན་གྱིས་བཙན་འཛུལ་བྱས་ཡོང་བ་ཞིག་དང་། ཡང་ན་ས་ཁུལ་བྱེ་བྲག་པ་རེ་ཟུང་གི་ལམ་ལུགས་ཙམ་ཞིག་ཡིན་པ་ལས། བོད་མི་རིགས་སྤྱིའི་ཐུན་མོང་གི་ཡུལ་སྲོལ་གོམས་གཤིས་མཚོན་པར་ནུས་པའི་སྲོལ་རྒྱུན་གྱི་ལམ་ལུགས་རིན་ཐང་ཅན་ཞིག་གང་ཡང་མི་འདོད།

མི་རིགས་མཉམ་གནས་དང་། རིག་གནས་དང་རིག་གཞུང་གཅིག་འགྱུར། བསམ་བློ་ཆིག་སྒྲིལ་སོགས་ལ་དམིགས་ནས་ནུས་ཤུགས་ཡོད་དོ་ཅོག་ཕྱོགས་གཅིག་ཏུ་སྤུངས་དགོས་པར་མཐོང་ན་ཕྱོགས་ཡོངས་ལ་དོ་སྣང་དགོས་པ་ལས། ང་ཚོ་གངས་རིའི་ལྗོངས་འདིར་གདོད་མ་ཉིད་ནས་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་གཅིག་མཚུངས་ཡིན་ཟེར་བ་ཙམ་གྱིས་ནི་ས་ཆོད་གང་ཡང་མི་འབྱུང་ལ། དེ་བཞིན་གཞན་གྱི་བཙན་གནོན་དང་མི་སེར་སྤེལ་བའི་སྲིད་བྱུས་ཀྱིས་བོད་རང་གི་ཆོས་དང་རིག་གཞུང་། ཡུལ་གོམས་སྲོལ་རྒྱུན་ལ་སོགས་པ་གཏོར་བཅོམ་བྱེད་ཀྱིན་འདུག་ཞེས་རྣམ་ཀུན་ཞལ་འདོན་ལྟར་སྐྱོར་བཞིན་པ་དེ་དག་ཁ་ནང་གི་ཆུའི་ལྦུ་བ་དང་། ཚིག་གི་རི་མོ་ཙམ་མིན་ན་དེ་དག་རང་ཉིད་ཀྱིས་བདག་ཏུ་མི་འཛིན་པའི་རྒྱུ་མཚན་གང་ཞིག་ལ་ཐུག་ཡོད་དམ། དྲི་བ་འདི་ལ་དོན་མཐུན་གྱི་ལན་འདེབས་ནུས་སམ། མི་ནུས་ན་མཛུབ་མོ་རང་ལ་ཀེར་ནས་དང་པོར་རང་ཉིད་ནས་འགོ་བརྩམ་དགོས།

མི་རིགས་རང་ཉིད་ཀྱི་ཆོས་ལུགས་དང་འབྲེལ་བའི་སྲོལ་རྒྱུན་བཟང་པོ་ཡོད་པ་འདི་དག་ནི་ལོ་ངོ་སྟོང་གི་ཡར་སྔོན་ནས་མིའི་ཚེ་སྲོག་དང་ཤ་ཁྲག་རུས་གསུམ་གྱིས་ཉོས་ཡོད་པས་ང་ཚོའི་ཚེ་སྲོག་དང་འབྲེལ་བ་ཡོད་པ་ཤེས་དགོས་ལ། དེ་དག་ང་ཚོས་བདག་ཏུ་འཛིན་དགོས་པ་ལས་མི་རིགས་གཞན་སུས་ཀྱང་མི་འཛིན། ནམ་ཞིག་མི་རིགས་ཀྱི་སྐད་ཡིག་དང་། ཡུལ་སྲོལ་གོམས་གཤིས་ཡོངས་རྫོགས་ར་མ་ལུག་དང་ཡ་མ་ཟུང་དུ་གྱུར་སོང་བ་དེའི་ཚེ། བོད་རིགས་ནི་དོན་གྱིས་སྟོངས་པས་བོད་མིའི་གཟུགས་ཅན་ནམ་ཡང་ན་འདྲ་རིས་ཀྱི་ལམ་ནས་ལོ་རྒྱུས་ཐ་ཐོར་དང་ལྷན་དུ་འགྲེམ་སྟོན་ཁང་གི་བཅའ་དངོས་ཙམ་ནས་མཐར་ཤུལ་རྗེས་ཙམ་ཡང་མེད་པར་འགྱུར་ཉེན་ཧ་ཅང་ཆེ་བ་ཡིན།

མདོར་ན་རང་མི་རིགས་ཀྱི་རིག་གནས་དང་གོམས་གཤིས་སོགས་མ་ཉམས་གོང་སྤེལ་དང་། ཉམས་པ་སོར་ཆུད་དགོས་པ་ནི་མི་རིགས་ཤིག་གི་འོས་འགན་ཡིན། ཡིན་ནའང་ཡོད་ཚད་ཀྱི་རྗེས་སུ་མིག་བཙུམ་ནས་གཡམ་རྒྱུགས་བྱེད་འགྲོ་བ་ནི་རང་ཚུགས་ཤོར་བ་དང་། རང་རིགས་ཀྱི་ལས་དབང་ལ་བསམ་ཤེས་མེད་པའི་བླུན་སྤྱོད་ཙམ་ལས་གཟི་བརྗིད་ནམ་ཡང་མིན་ནོ།།

བསམ་ཚུལ།

Post navigation

Previous Post: པཎ་ཆེན་བླ་མ་དྲན་གླུ། གླུ་ཚིག
Next Post: “ཉིས་སྟོང་བཅུ་དྲུག་བསུ་བའི་སྨོན་ཚིག”

Comments (16) on “རིག་གནས་གཞན་དང་ཡུལ་སྲོལ་གཞན་གྱི་བཙན་འཛུལ།”

  1. ཀརྨ་བློ་གསལ་ says:
    2015-12-31 at 8:56 am

    ཕར་ལ་བརྩི་བཀུར་བྱེད་མི་ཤེས་མཁན་ལ་ནམ་ཡང་ཚུར་གུས་བཀུར་མི་ཐོབ། ལྷག་པར་དུ་བཙན་བྱོལ་བ་ཚོས་ནུབ་ཕྱོགས་པ་ཚོར་ལག་པ་བསྲིངས་ནས་སློང་མོ་བྱེད་ཀྱི་ཡོད་པས། སྦྱིན་པ་གཏོང་མཁན་ལ་བཀྲ་ཤིས་བདེ་ལེགས་མི་ཞུ་བའི་བླུན་སྦྱོད་ཡོད་མི་འོས།

  2. ཁྱུང་སེ། says:
    2015-12-31 at 10:31 am

    སྐུ་ཞབས་འཇམ་གཅེས་ལགས་ལ་ང་རང་ཚོ་བཙན་བྱོལ་པའི་དག་ཞིག་དུ་འབོད་པའི་ནུབ་ཕྱོགས་པའི་ལུགས་ཀྱི་ལོ་གསར་ོ་འདིར་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་དང་ང་རང་ཚོ་བཙན་བྱོལ་པའི་སྦྱིན་བདག་ཆེན་མོར་བརྩི་བཀུར་གྱིས་ལོ་གསར་དགའ་སྐྱིད་མཉམ་འཛོམས་ལ་བཀྲ་ཤིས་བདེ་ལེགས་ཞུ།།

    སྤྱི་ལོ་2015མ་རྫོགས་གོང་དུ།

    ☝ སྤྱི་ལོ་2015་ཡི་མཐར་མཇུག་གི་ཉི་མ་དེ་ཤར་སོང公历2015最后一天了
    ?ང་ལ་གནོད་པ་བྱེད་མཁན་རྣམས་ལ་ངས་བཟོད་པ་སྒོམ伤我的人原谅你
    ?ངས་གནོད་པ་བྱས་ས་རྣམས་དགོངས་འགལ་མེད་པར་ཞུ我伤的人对不起
    ?ང་ལ་མཛའ་བ་རྣམས་ཐུགས་རྗེ་ཆེ爱我的人谢谢你
    ?ངས་མཛའ་ས་རྣམས་སྐྱིད་པོ་ཡོང་བར་སྨོན我爱的人祝福你
    ?[Tongue]陪我的人感激你
    ?[Tongue]想我的人请继续
    ?སེམས་པ་ངལ་ན་ལྷོད་ལྷོད་བྱོས心累了休息休息
    ?ལུས་པོ་ངལ་ན་ངལ་གསོ་བྱོས人累了放松放松
    ☀ཤོར་སོང་བ་ཚུར་མི་ཡོང失去的不再回来
    ?ཚུར་ཡོང་མཁན་ལ་གཅེས་པོ་བྱོས回来的更加珍惜
    སྤྱི་ལོ་2016བསླེབ་ལ་ཉེ། སྤུན་ཉེ་འབྲེལ་དང་། གྲོགས་ཕོ་མོ་ཡོང་ལ་འཚམས་འདྲི་ཞུ年即将到来 愿所有亲朋好友
    ?ཡག་པོ་ཐམས་ཅད་ཡོང་བར་ཤོག好的来、སྡུག་པོ་གཅིག་ཀྱང་མེད་པར་ཤོག坏的走,ལུས་ལ་ན་ཚ་མེད་པར་ཤོག疾病去,བདེ་ཐང་ངང་དུ་གནས་པར་ཤོག健康留!

    ངས་ཁྱེད་རང་ལྟ་བུའི་ཉེ་མི་དང་གྲོགས་པོ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་ཆོག་པ་གྱིས?
    ཁྱེད་རྣམ་པས་ང་ལ་ 2015དེ་མཛེས་སྡུག་ལྡན་པ་ཞིག་བཟོས་བྱུང་།
    ངས་བཅོས་མིན་དད་པས་ཁྱེད་ལ་ལོ་གསར་པའི་ནང་བཀྲ་ཤིས་ལོ་ལེགས་ཡོང་བའི་སྨོན་ལམ་འདེབས།

    ?རྣམ་པར་རྒྱལ་བའི་གནམ་ལོ་ལ་སྤྱོད་པར་ཤོག?
    [Rose][Rose]སྐར་ཆ་གསར་པ།[Rose][Rose] [Lightning][Lightning]སྐར་མ་གསར་པ།[Lightning][Lightning] ??ཚོུད་གསར་པ། ?? [Sun][Sun]ཉིན་མ་གསར་པ།[Sun][Sun] [Hug] བདུན་ཕྲག་གསར་པ། [Hug] [Moon][Moon] ཟླ་བ་གསར་པ།[Moon][Moon] [Cake][Cake] ལོ་གསར་པ། [Cake][Cake] [Rose][Rose][Rose][Rose][Rose][Rose][Rose][Rose] [Rose][Rose]བཅས་ཀྱིས་ཁྱེད་ཀྱི་[Rose][Rose] [ThumbsUp] བྱ་བ་གསར་པ་དང[ThumbsUp] [Peace]དམིགས་ཡུལ་གསར་པ།[Peace] [Fight] རེ་བ་གསར་པ། [Fight] ? རྨི་ལམ་གསར་པ། ? ? འཆར་གཞི་གསར་པ། ? ???????? [Rose] བཅས་ལེགས་འགྲུབ་ [Rose] [Heart]ཡོང་བ་དང་སྐུ་ཉིད་[Heart] [Twirl]ལོ་གསར་པའི་ནང་[JumpRope] [Smile]སྐྱིད་པོ་ཡོང་བའི་[Smile] ? སྨོན་འདུན་ཞུ། ? ??????[Watermelon][Watermelon]

    ✨སྤྱི་ལོ་2016ལོའི་ཟླ་བ་བཅུ་གཉིས་པོ་ཁྱེད་རང་བདེ་སྐྱིད་དང་ལྡན་པའི་ཐོག་ནས་སྤྱོད་པར་སྨོན་ལམ་ཐོག་མར་འདེབས་མཁན་དེ་ང་ཡིན་པའི་རེ་བ་དང་བཅས??
    སྙིང་ཉེ་བའི་བརྩེ་ལྡན།[Fight][Fight][Fight][Fight][Fight][Fight][Fight][Shake]བཀུར་འོས་ཀྱི་འཚམས་འདྲི། [Shake][Shake][Shake][Shake][Shake][Shake][Shake][Shake][Shake]དྭངས་གཙང་གི་ལག་བཟུང་། [Peace][Peace][Peace][Peace][Peace][Peace][Peace][Peace][Peace]འཛམ་གླིང་གི་ཞི་བདེ། [Rose][Rose][Rose][Rose][Rose][Rose][Rose][Rose][Rose]ལྷན་སྐྱེས་ཀྱི་མེ་ཏོག [Heart][Heart][Heart][Heart][Heart][Heart][Heart][Heart][Heart]འགྱུར་མེད་ཀྱི་སེམས་པ། [Watermelon][Watermelon][Watermelon][Watermelon][Watermelon][Watermelon][Watermelon][Watermelon] བཅུད་ལྡན་གྱི་ཤིང་ཏོག [Coffee][Coffee][Coffee][Coffee][Coffee][Coffee][Coffee][Coffee][Coffee]སྲོལ་རྒྱུན་གྱི་འོ་ཇ། [Beer][Beer][Beer][Beer][Beer][Beer][Beer][Beer][Beer]ཞིམ་མངར་ལྡན་པའི་འཐུང་ཆུ་རྣམས་མུ་མཐུད་དུ་བཞེས་རོགས་ཞུ། [OK][OK][OK][OK][OK][OK][OK] ལེགས་སྐྱེས་ཀྱི་ཚུལ་དུ་འཕུལ་ལོ།
    ࿐ མི་ལ་ཚེ་ཡི་བཀྲ་ཤིས་ཤོག་་་་་་[Rose][Rose][Rose][Rose][Rose][Rose][Rose][Rose][Rose]ཕྱུག ས་ལ་གཡང་གི་བཀྲ་ཤིས་ཤོག[Rose][Rose][Rose][Rose][Rose][Rose][Rose][Rose]ཟས་ལ་བཅུད་ཀྱི་བཀྲ་ཤིས་ཤོག[Rose][Rose][Rose][Rose][Rose][Rose]ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག[Rose][Rose][Rose][Rose][Rose][Rose][Rose][Rose]བདེ་སྐྱིད་ལྷ་དང་མཉམ་པར་ཤོག[Rose][Rose][Rose][Rose][Rose][Rose]ལོངས་སྐྱོད་ཀླུ་དང་མཉམ་པར་ཤོག[Rose][Rose][Rose][Rose][Rose][Rose][Rose][Rose]ཚེ་སྲོག་བྲག་ལས་སྲ་བར་ཤོག་[Rose][Rose][Rose][Rose][Rose]གང་འདོད་ལྷུན་གྱི་འགྲུབ་པར་ཤོག[Rose][Rose][Rose][Rose][Rose][Rose][Rose][Rose][Rose][Rose][Rose]happy new year སྤྱི་ ལོ་ 2015 མ་ རྫོགས་ གོང་ དུ ་.  སྤྱི་ ལོ་ 2015 ་ ཡི་ མཐར་ མཇུག་ གི་ ཉི་མ་ དེ་ ཤར་ སོང the last day of calendar 2015  ང་ལ་ གནོད་པ་ བྱེད་ མཁན་ རྣམས་ ལ་ ངས་ བཟོད་ པ་ སྒོམ hurt me forgive you  ངས་ གནོད་པ་ བྱས་ ས་ རྣམས་ དགོངས་ འགལ་ མེད་པར་ ཞུ me I’m sorry to hurt people  ང་ལ་ མཛའ་ བ་ རྣམས་ ཐུགས་ རྗེ་ ཆེ love me thank you  ངས་ མཛའ་ ས་ རྣམས་ སྐྱིད་ པོ་ ཡོང་ བར་ སྨོན I love who bless you  [Tongue] accompany me thank you  [Tongue] want me proceed  སེམས་པ་ ངལ་ ན་ ལྷོད་ ལྷོད་ བྱོས tired heart a rest { 8} ལུས་ པོ་ ངལ་ ན་ ངལ་ གསོ་ བྱོས tired people relax  ཤོར་ སོང་ བ་ ཚུར་ མི་ ཡོང lost and not come back } ཚུར་ ཡོང་ མཁན་ ལ་ གཅེས་ པོ་ བྱོས back cherish སྤྱི་ ལོ་ 2016 བསླེབ་ ལ་ ཉེ ་. སྤུན་ ཉེ་ འབྲེལ་ དང་ ་. གྲོགས་ ཕོ་ མོ་ ཡོང་ ལ་ འཚམས་འདྲི་ ཞུ wish all friends and family coming years } ཡག་པོ་ ཐམས་ཅད་ ཡོང་ བར་ ཤོག good to, སྡུག་ པོ་ གཅིག་ཀྱང་ མེད་པར་ ཤོག go bad, ལུས་ ལ་ ན་ཚ་ མེད་པར་ ཤོག diseases go, བདེ་ ཐང་ ངང་ དུ་ གནས་ པར་ ཤོག stay healthy! ངས་ ཁྱེད་རང་ ལྟ་ བུའི་ ཉེ་ མི་ དང་ གྲོགས་པོ་ ཡོངས་ ལ་ ཐུགས་རྗེ་ཆེ་ ཞུ་ ཆོག་པ་ གྱིས  ཁྱེད་ རྣམ་ པས་ ང་ལ་ 2015དེ་མཛེས་སྡུག་ལྡན་པ་ཞིག་བཟོས་བྱུང་། ངས་བཅོས་མིན་དད་པས་ཁྱེད་ལ་ལོ་གསར་པའི་ནང་བཀྲ་ཤིས་ལོ་ལེགས་ཡོང་བའི་སྨོན་ལམ་འདེབས། རྣམ་པར་རྒྱལ་བའི་གནམ་ལོ་ལ་སྤྱོད་པར་ཤོག [Rose] [Rose] སྐར་ ཆ་ གསར་ པ ་. [Rose] [Rose] [Lightning] [Lightning] སྐར་མ་ གསར་ པ ་. [Lightning] [Lightning]   ཚོུད་ གསར་ པ ་.   [Sun] [Sun] ཉིན་ མ་ གསར་ པ ་. [Sun] [Sun] [Hug] བདུན་ཕྲག་ གསར་ པ ་. [Hug] [Moon] [Moon] ཟླ་ བ་ གསར་ པ ་. [Moon] [Moon] [Cake] [Cake] ལོ་ གསར་ པ ་. [Cake] [Cake] [Rose] [Rose] [Rose] [Rose] [Rose] [Rose] [0029 ] [Rose] [Rose] [Rose] བཅས་ ཀྱིས་ ཁྱེད་ ཀྱི་ [Rose] [Rose] [ThumbsUp] བྱ་བ་ གསར་པ་ དང [ThumbsUp] [Peace] དམིགས་ཡུལ་ གསར་ པ ་. [Peace] [Fight] རེ་བ་ གསར་ པ ་. [Fight]  རྨི་ལམ་ གསར་ པ ་.   འཆར་གཞི་ གསར་ པ ་. } } {12 } } } } } } } [Rose] བཅས་ ལེགས་ འགྲུབ་ [Rose] [Heart] ཡོང་ བ་ དང་ སྐུ་ ཉིད་ [Heart] [Twirl] ལོ་ གསར་ པའི་ ནང་ [JumpRope] [Smile] སྐྱིད་ པོ་ ཡོང་ བའི་ [Smile] } སྨོན་ འདུན་ ཞུ ་. } } } } } { 25} } [Watermelon] [Watermelon] }སྤྱི་ལོ་2016ལོའི་ཟླ་བ་བཅུ་གཉིས་པོ་ཁྱེད་རང་བདེ་སྐྱིད་དང་ལྡན་པའི་ཐོག་ནས་སྤྱོད་པར་སྨོན་ལམ་ཐོག་མར་འདེབས་མཁན་དེ་ང་ཡིན་པའི་རེ་བ་དང་བཅས སྙིང་ཉེ་བའི་བརྩེ་ལྡན།[Fight][Fight][Fight][Fight][Fight][Fight][Fight][Shake]བཀུར་འོས་ཀྱི་འཚམས་འདྲི། [Shake][Shake][Shake][Shake][Shake][Shake][Shake][Shake][Shake]དྭངས་གཙང་གི་ལག་བཟུང་། [Peace][Peace][Peace][Peace][Peace][Peace][Peace][Peace][Peace]འཛམ་གླིང་གི་ཞི་བདེ། [Rose][Rose][Rose][Rose][Rose][Rose][Rose][Rose][Rose]ལྷན་སྐྱེས་ཀྱི་མེ་ཏོག [Heart][Heart][Heart][Heart][Heart][Heart][Heart][Heart][Heart]འགྱུར་མེད་ཀྱི་སེམས་པ། [Watermelon] [Watermelon] [Watermelon] [Watermelon] [Watermelon] [Watermelon] [Watermelon] [Watermelon] བཅུད་ ལྡན་ གྱི་ ཤིང་ ཏོག [Coffee][Coffee][Coffee][Coffee][Coffee][Coffee][Coffee][Coffee][Coffee]སྲོལ་རྒྱུན་གྱི་འོ་ཇ། [Beer][Beer][Beer][Beer][Beer][Beer][Beer][Beer][Beer]ཞིམ་མངར་ལྡན་པའི་འཐུང་ཆུ་རྣམས་མུ་མཐུད་དུ་བཞེས་རོགས་ཞུ། [OK] [OK] [OK] [OK] [OK] [OK] [OK] ལེགས་ སྐྱེས་ ཀྱི་ ཚུལ་ དུ་ འཕུལ་ ལོ ་. ࿐ མི་ལ་ཚེ་ཡི་བཀྲ་ཤིས་ཤོག་་་་་་[Rose][Rose][Rose][Rose][Rose][Rose][Rose][Rose][Rose]ཕྱུག ས་ལ་གཡང་གི་བཀྲ་ཤིས་ཤོག[Rose][Rose][Rose][Rose][Rose][Rose][Rose][Rose]ཟས་ལ་བཅུད་ཀྱི་བཀྲ་ཤིས་ཤོག[Rose][Rose][Rose][Rose][Rose][Rose]ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག[Rose][Rose][Rose][Rose][Rose][Rose][Rose][Rose]བདེ་སྐྱིད་ལྷ་དང་མཉམ་པར་ཤོག[Rose][Rose][Rose][Rose][Rose][Rose]ལོངས་སྐྱོད་ཀླུ་དང་མཉམ་པར་ཤོག[Rose][Rose][Rose][Rose][Rose][Rose][Rose][Rose]ཚེ་སྲོག་བྲག་ལས་སྲ་བར་ཤོག་[Rose][Rose][Rose][Rose][Rose]གང་འདོད་ལྷུན་གྱི་འགྲུབ་པར་ཤོག[Rose][Rose][Rose][Rose][Rose][Rose][Rose][Rose][Rose][Rose][Rose]happy new year

  3. ཁྱུང་སེ། says:
    2015-12-31 at 10:32 am

    དག་ཞིག་དག་ཞིང་དུ་བཅོས་རོགས།

  4. ནག་ཆུ་ཀུན་དགའ says:
    2015-12-31 at 11:21 am

    འཛམ་གླིང་ཡོངས་རྫོགས་ཀྱིས་སང་ཉིན་ནས། ༢༠༡༦ ལ་ངོས་འཛིན་གྱིས་དེ་དང་མཐུན་པའི་ཟིན་ཐོ་གཉེར་གྱི་རེད། དེ་ལ་སྤྱི་ལོ་ཟེར་བ་རེད། འཚམས་འདྲི་ཙམ་ཞིག་ལོས་བྱེད། ང་ཚོ་ཡང་ཕོ་རོག་དཀར་པོ་བྱེད་དོན་མེད། ང་རང་ཚོའི་ལོ་གསར་ལ་དུས་སྟོན་ནི་ཆད་མེད་བྱེད་མུས་རེད། ལུགས་སྲོལ་མཐའ་དག་འཛིན་དགོས་པའི་ངེས་པ་མེད། རིགས་གཞུང་དང་ལུགས་སྲོལ་སོ་སོར་འབྱེད་མ་ཤེས་ན། དུས་ནམ་ཡང་སྙིགས་དོར་བཅུད་ལེན་དཀའ་བ་རེད། ངས་རང་ལུགས་ཀྱི་ལོ་གསར་ལ་བརྩི་སྲུང་མ་བྱེད་ཟེར་བ་མིན་མོད། ལུགས་སྲོལ་ཡིན་པས་རྒྱུན་སྐྱོང་དགོས་ཟེར་བ་ནི་མི་རིགས་པར་སྨྲ་བ་ཡིན།

  5. འཇམ་གཅེས། says:
    2015-12-31 at 11:32 am

    ལོ་གསར་པར་འཚམས་འདྲི་ཡོད།

    ཁ་ནས་འཆད་རྒྱུ་སྤྱི་དོན་ཡིན་རུང་ཁོག་ཏུ་སྦས་རྒྱུ་རང་གི་དོན།།
    གཞན་ལ་གདམས་དུས་སྨྲ་ལྕེ་བདེ་མོད་རང་རྩར་ཐུག་དུས་ཅང་མེད་བུ།།
    ཡུལ་སྲོལ་གོམས་གཤིས་གལ་ཆེན་ཡིན་ཚུལ་ཞལ་འདོན་བཞིན་དུ་སྐྱོར་ན་ཡང་།།
    ལག་ལེན་མེད་པའི་ཚིག་སྐམ་དེ་ལ་རིན་མཐོང་མི་འཇོག་ན་བླུན་པོ་དངོས།།

    རང་ཚུགས་དབེན་པའི་བོད་པ་འདི་ཀོ་ཞིབ་ཏུ་བསམ་ན་ཁྲོམ་པ་དངོས།།
    རང་སྣང་དག་པའི་ཁྲེལ་མེད་འདི་ཀོ་ཡང་ནས་ཡང་དུས་སྙིང་རྗེའི་ཡུལ།།
    རང་ཉིད་མ་གཏོགས་གང་ཡང་མི་མཐོང་ཞར་ཀོའི་ནང་གི་ཞར་ར་མང་།།
    རང་རིགས་ནང་དུ་འདི་དག་རིག་དུས་ལོ་སར་འཚམས་དེར་མཚུངས་ཡོད།།

    རང་གི་རིགས་ལ་དུང་ཞེན་ཡོད་ན་སྤྲེལ་རྒན་ཟློས་གར་ཉུང་ཙམ་བྱོས།།
    ཡ་མེས་རིག་གཞུང་གཅེས་སྤྲས་འདོད་ན་རང་ཚུགས་དེ་ཡང་བརྟན་ཙམ་བྱོས།།
    ཁ་ཁོག་མཚུངས་པའི་མི་ཞིག་འདོད་ན་ཁ་བཤད་གཏམ་དེར་བདག་པོ་བརྒྱོབས།།
    མི་འདོད་ཚིག་གི་མཚོན་ཆ་འདི་དག་གནམ་ལོ་གསར་པར་ལེགས་སྐྱེས་ཡིན།།
    2015/12/31/

  6. འཇམ་གཅེས། says:
    2015-12-31 at 11:34 am

    ཚིག་སྐམ་དེ་ལ་རིན་མཐོང་འཇོག་ན་བླུན་པོ་དངོས། ལ་ཆོས་

  7. ཁྱུང་སེ། says:
    2015-12-31 at 11:48 am

    ང་ཚོས་སྟོན་པ་ཤཀྱ་ཐུབ་པའི་དུས་ཆེན་ལ་བརྩི་བཀུར་བྱེད་པའང་མི་རིགས་གཞན་ཞིག་གི་མི་ལ་གུས་བཀུར་བྱས་པ་ཡིན། མི་རིགས་གཞན་གི་སྐྱེ་བུའི་དུས་ཆེན་ལ་བརྩི་བཀུར་བྱས་པ་ཡིན། ང་ཚོ་བོད་པའི་ལོ་གསར་བརྩི་བཞིན་པའི་དུས་ཆེ་དེ་ཡང་མི་རིགས་གཞན་ཞིག་གི་ལོ་གསར་ལ་བརྩི་བཀུར་བྱེད་ཀྱི་ཡོད། ང་ཚོ་བོད་པ་རད་གི་ལོ་གསར་ཐུན་མོང་མ་ཡིམ་པ་ཞིག་ཡོད་དམ།། ང་ཚོ་བོད་པར་ཆོས་ལུགས་ཀྱི་མཛད་སྒོ་ཐུན་མོང་མ་ཡིན་པ་ཞིག་ཡོད་དམ།། དཔལ་ཎ་ལེནཊ་ནས་མ་ཡིན་པ་ཞིག་ཡོད་དམ།།

  8. འཇམ་གཅེས། says:
    2015-12-31 at 12:52 pm

    བོད་གངས་ཅན་གྱི་ཡུལ་དུ་སྔོན་བྱོན་བཀའ་དྲིན་ཅན་ཆོས་རྒྱལ་མེ་དབོན་རྣམ་གསུམ་ནས་བཟུང་སྟེ་བོད་རང་ལ་སྙིགས་དོར་བཅུད་ལེན་གྱི་ཆོས་ལུགས་ནང་འདྲེན་དག་དར་སྤེལ་དང་། སྐད་ཡིག་གསར་བཟོ། གསར་བཅད་ཀྱི་གཏན་འབེབས་དང་ལམ་ལུགས་ལྡན་པ། ཕུན་སུམ་ཚོགས་པའི་རིག་གནས་དང་། ཡུལ་གོམས་གཤིས་ལུགས་སོགས་གཞན་ལ་འགྲམ་ཆུ་ལྡང་མ་དགོས་པ་ཞིག་གཏན་ལ་ཕབ་ཟིན་པའི་དུས་དེ་ནས་བཟུང་སྟེ། དེ་དག་ནི་ཡ་ཇེས་ཆོས་ལུགས་དང་རིག་གནས་ཀྱི་ངོ་བོར་གནས་ཡོད་སྟབས་དེར་རྒྱུ་འཛིན་དགོས་ཀྱི་འདུག་ཟེར་གྱིན་ཡོད། སྤྱིར་འཇིག་རྟེན་འདིའི་བྱ་དངོས་ཡོད་དོ་ཅོག་བརྟེན་ཅིང་འབྲེལ་བ་འབྱུང་བའི་ར་བ་ལས་བརྒལ་ནས་འགྲོ་ས་མེད་པར་ངས་ཀྱང་ཤེས་ཀྱིན་ཡོད་མོད། མི་རིགས་སུ་དང་སུ་ཡིན་ནའང་ཐུན་མོང་མ་ཡིན་པའི་ཆོས་དང་རིགས་གནས་ཀྱིས་འཚོ་ཞིང་གནས་དགོས་ལ། དེ་ལྟ་བུ་ཆོས་རིག་གོམས་གཤིས་དེ་དག་ཡང་བསྲེས་ལྷད་མེད་པའི་ངོ་བོར་གཙང་བདག་བྱས་ཚེ། དེ་ནི་ལོ་རྒྱུས་ཀྱི་བདེན་དཔང་དང་། མི་རིགས་ཀྱི་གསོན་ཤུགས་ཡིན་པར་ཤེས་དགོས། དེ་བཞིན་འཇིག་རྟེན་འདིའི་ཆོས་རིག་འདྲ་མིན་ཡོངས་སུ་རྫོགས་པ་ནི་སྟོན་པ་པོ་དང་། བཀོད་པ་པོ། བྱེད་པ་པོ་སོགས་ཀྱིས་གསར་བསྐྲུན་མ་བྱས་པ་གཅིག་ཀྱང་མེད། ཡིན་ནའང་རང་ཉིད་ཀྱི་མ་ཤེས་ན་ཁ་མིག་ཡར་བལྟ་བྱ་ཡུལ་འཛམ་གླིང་མི་རིགས་གཞན་དང་། རྒྱལ་ཁབ་གཞན་པ་ཡོད་པའང་ཤེས་དགོས། དེ་མིན་གུ་ཡངས་ཡིན་མདོག་གིས་གསར་འགྲོགས་དང་གཡམ་རྒྱུགས་ཁོ་ནས་དུས་འདའ་མཁན་དག་ནི་མཐར་གཏུགས་ན་རང་མགོ་རུལ་དྲི་རང་སྣས་མི་ཚོར་བའི་ཀླད་སྟོང་ཙམ་ལས་སྒལ་ཚིག་ཅན་ཞིག་ནམ་ཡང་མིན་ནོ།།

  9. ཁྱུང་སེ། says:
    2015-12-31 at 1:34 pm

    ༼༧གོང་ས་མཆོག་གི་ལམ་རིམ་གསུངས་ཆོས་ཉིན་མཐའ་མའི་མཛད་འཕྲིན་སྐབས། ༢༠༡༥།༡༢།༢༨
    ༧གོང་མཆོག་གིས་༢༠༡༧ལོར་དུས་འཁོར་དབང་ཆེན་གནང་རྒྱུ།
    ༧གོང་ས་མཆོག་གིས་སྤྱི་ལོ་གསར་བའི་འཚམས་འདྲི་དང་མཉམ་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གནང་རྒྱུ་ཡིན་པ་གསུངས་འདུག༽
    གོང་ས་མཆོག་གིས་སྤྱི་ལོ་གསར་ཆེས་ལ་བོད་མི་ཁྲི་ཚོ་གསུམ་ལྷག་ལ་་་་happy new year ཅེས་ཐུགས་སྤྲོ་བའི་ངང་ནས་གསུང་སྐད་མཐོན་པོས་གསུངས་གནང་སོང་བས་་་་་་གཡམ་རྒྱུགས་་་་་རེད་ཅེས་མ་སྨྲ་རོགས།།

  10. འཇམ་གཅེས། says:
    2015-12-31 at 1:50 pm

    ༸གོང་ས་མཆོག་གིས་གསུང་ཆོས་གནང་ཡུལ་དུ་འཛམ་བུ་གླིང་གི་མི་སྣ་ག་ཚོད་འདུ་འཛོམས་བྱས་ཡོད་དམ། ༸གོང་ས་མཆོག་གི་མཚན་གནས་གང་ཞིག་གི་ཐོག་ནས་གསུང་གནང་གི་ཡོད་དམ། ༸གོང་ས་མཆོག་གི་གསུང་ཟུར་རེ་རེ་ལའང་འཛམ་གླིང་མི་མང་གིས་དོ་སྣང་ག་ཚོད་བྱེད་ཀྱིན་ཡོད་དམ། མདོར་ན་ཞྭ་དཔེ་ལྷམ་འགེལ་ཟེར་བ་དང་། སྟག་འཆོང་སར་ཝ་འཆོང་། ཝ་ངན་མ་རྐེད་ཚིག་ལོག་ཟེར་བ་དེ་བདེན་པ་ལོས་ཡིན།

  11. ཁྱུང་སེ། says:
    2015-12-31 at 2:02 pm

    འོ་ཙི་ལགས་སྐུ་ཞབས་འཇམ་གཅེས་ལགས་ད་རྩོད་པ་བྱེད་འདོོད་མེད་་་སྐུ་རྩེད་ཞུས་ཡིན་དྷ་་་སོ་སོའི་བསམ་ཚུལ་ཞུས་པ་ལས་དགག་བཞག་སྤོང་གསུམ་བྱེད་འདོད་མེད།། ལོ་གསར་པ་འདིར་ཁ་ངན་ཚིག་ངན་གཞན་ལ་སྨྲ་འདོད་མེད་ལ་རང་ཉིད་ལའང་དེ་ལྟར་དགོས་པ་མེད།། ཐུགསནའཇག་གནང་རོགས་གོང་ས་མཆོག་ནས་བྱང་ཆུབ་ལམ་རིམ་གསུངས་ཚར་ཙམ་རེད་་་་ད་ང་རང་ག་ཚོད་སེམས་བཟང་བྱེད་ཨེ་ཐུབ་བལྟ་དགོས་པ་འདུག

  12. པདྨ says:
    2015-12-31 at 3:35 pm

    དྲ་གྲོགས་འཇམ་གཅེས་ལ་མོས་མཐུན་ཡོད། དབུ་མ་ཟེར་བའི་སྒྲིག་འཛུགས་དེས་རིས་མེད་ཟེར་ནས་ཁ་ཆེ་དང་ཡེ་ཤུ་དང་བོན་པོ་ཚང་མ་འདྲ་མཉམ་རྩ་ཆེན་བྱས་ནས་རང་ཡུལ་དང་ཡབ་མེས་ཀྱི་ཆོས་རིག་ལ་ཁ་བདེ་ལྕེ་བདེ་ལས་དོན་ངོ་མ་གཞི་རྩ་དོར་ནས་གཟེངས་རྟགས་སྒེར་སྤྱོད་གཡམ་རྒྱུགས་ལས་མ་འདས་སོ།།

  13. ཁྱུང་སྲས། says:
    2016-01-01 at 1:32 pm

    འཇམ་གཅེས་དང་ཁྱུང་སེ་ཟེར་བ་གཉིས་ཀར་མོས་མཐུན་ཡོད་མོད།པདྨ་ཟེར་བའི་དེ་མི་གོ་

  14. ནག་ཆུ་ཀུན་དགའ says:
    2016-01-02 at 1:07 pm

    འཇམ་གཅེས་ལགས་ཁྱེད་རང་གི་བསམ་ཚུལ་ལ་གཞན་གྱིས་བསམ་ཚུལ་བརྗོད་དུས་དེ་འདྲ་ངར་དགོས་དོན་ཨེ་ཡོད་ན། མདོར་བསྡུར་ན། སྙིང་པོ་སྙིང་པོར་མི་མཐོང་ཞིང་།། སྙིང་པོ་མེད་ལ་སྙིང་པོར་འཛིན།།
    གསེར་དངུལ་རྐུ་ཤོར་རྩ་ར་མེད།། ཁབ་རྩེ་ཟད་པས་གཉིད་མི་ཁུག།། འདི་ནི་འཇམ་གཅེས་བློ་གྲོས་ཅན།།
    དབུས་ན་མི་གནས་མཐར་གནས་པ།། གང་དེ་རང་བཞིན་བརྗོད་པ་ཡིན།། གང་ཉིད་ཐུགས་འགལ་བཟོད་པར་གསོལ།། །།

  15. ནག་ཆུ་ཀུན་དགའ says:
    2016-01-02 at 1:16 pm

    མདོར་བསྡུས་ན།

  16. ལུང་རྟོགས། says:
    2016-01-05 at 6:11 am

    འཇམ་གཅེས་ཀྱིས་གསུངས་པ་བདེན། བོད་པ་ཚོ་གཡམ་རྒྱུག་ལ་དགའ་བས་ག་དུས་ཡིན་ཡང་ནུབ་ཕྱོགས་པའི་ལམ་ལུགས་སྲོལ་ཞིག་ཡིན་ན། ཡིན་ཤག་ཤག་གིས་སྲུང་རྩི་ཞུ་རྐྱང་དང་ལད་ཟློས་བྱེད་རྐྱང་ཡིན། ནུབ་ཕྱོགས་པ་ཚོས་འཛམ་གླིང་ལ་དབང་བསྒྱུར་ཆེད་དབྱིན་སྐད་ལ་འཛམ་གླིང་སྤྱི་སྐད་དང་། སྤྱི་ལོ་ལ་འཛམ་གླི་སྤྱི་ཡི་ལོ། དེ་བཞིན་ཡེ་ཤུའི་ཆོས་ལུགས་ལ་ཡང་འཛམ་གླིང་སྤྱའི་ཆོས་ལུགས་ཡིན་པ་ལྟ་བུ་བཤད་ཀྱི་ཡོད། དོན་ངོ་མ་ཁྱབ་ཁོང་རྒྱ་ཆེ་ཆུང་ཙམ་ལས་འཛམ་གླིང་སྤྱི་ཡི་སྐད་དང་ལོ་ཆོས་ལུགས་ཟེར་བ་ཞིག་གཏན་ནས་མེད། དེས་ན་ང་ཚོས་ཅུང་ཟད་རང་ཚུག་ཐུབ་པ་ཞིག་བྱེད་དགོས་པ་ལས་ནུབ་ཕྱོགས་པའི་རྗེས་སུ་གཡམ་རྒྱུག་བྱེད་དགོས་དོན་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme