Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རི་འདབས་ཀྱི་གསང་འཕྲིན།

Posted on 2019-01-29 By ཁ་བརྡ No Comments on རི་འདབས་ཀྱི་གསང་འཕྲིན།

དགའ་བ་མཇེ་ཕྲུག་ནས།

ཚ་གདུང་ལྕི་མོས་ལུས་ཁམས་མི་ངལ་ཞིང་།།
ཐལ་རྡུལ་བཙོག་པས་མིད་པ་མི་བརྣངས་བའི།།
ཡིད་འོང་མཛེས་པས་ཕྱུག་པའི་ཡུལ་ལྗོངས་ལ།།
མི་ཚེའི་ཕྲེང་བ་རེ་ཞིག་བསྐོར་ན་འདོད།།

དགུན་གཞུང་རི་བོས་ཁ་བ་གོས་སུ་བཀླུབས།།
དབྱར་ཁ་ལྗོན་པས་ཆར་བ་མགྲོན་དུ་བསུས།།
རང་བྱུང་མངོན་ཚུལ་མཚར་བའི་ས་ཆེན་ན།།
ཁོ་བོའི་རྣམ་ཤེས་འདི་ལ་ཚེ་སྲོག་ཐོབ།།

གཡོན་ནས་གཙང་ཆུ་དྭངས་མའི་བཞུད་སྒྲ་གྲགས།།
གཡས་ནས་འདབ་ཆགས་ཚོགས་ཀྱི་སྐད་སྙན་བསྒྲོགས།།
རིག་ཐོས་མྱོང་གསུམ་རང་བྱུང་ཉིད་ཀྱི་དངོས།།
ལུས་སེམས་འདི་ཀོར་བདེ་སྦྱིན་རང་གྲུབ་རེད།།

ན་བུན་སྟུག་པོ་རི་བོའི་སྐེད་རགས་བྱས།།
འཇའ་རིས་སྣ་མང་གུར་བཞིན་མཐའ་ནས་བསྐོར།།
ལྗོན་ཤིང་སྟུག་མ་སྲབ་ཀྱི་བར་མཚམས་སུ།།
སྡེ་བ་རེ་རེ་ཆགས་ཚུལ་འདི་ནི་མཛེས།།

དངུལ་ཆུས་མལ་ཆས་བརླན་དོགས་དབྱར་ལ་དབེན།།
གྲང་འཁྱགས་རུས་རྐང་གཟེར་སྣང་དགུན་ལ་བྲལ།།
ཚ་གྲང་དུས་ལ་འཚམས་པའི་རི་འདབས་སུ།།
ལུས་སེམས་ལྷོད་ལ་བབས་དུས་བདེ་བས་བརྟས།།

འདུ་འཛིའི་ཅ་ཅོས་རྣ་བ་མི་གཟན་ཞིང་།།
ཐ་ཤལ་སྤྱོད་པ་མི་ཡིས་མི་འཁྲབ་སར།།
འཇིག་རྟེན་ལས་ངན་ཇི་ཙམ་བརྗོད་བྱས་ཀྱང་།།
འཆལ་པོ་ང་ཡིས་བདེ་སྐྱིད་རྨང་ནས་རྙེད།།

མཐོ་སར་རི་དང་དམའ་སར་གཙང་ཆུ་རྒྱུག །
དགུན་ཁ་གངས་དང་དབྱར་ལ་ཆར་བ་འབབ།།
དུས་ཀྱི་འཕོ་འགྱུར་རེ་རེའི་ཁུགས་སོ་ནས།།
མཛེས་པའི་ལྗོངས་ལ་ལྟད་མོ་སྣ་ཚོགས་གདའ།།

ཨ་སྔོན་དབྱིངས་ཀྱི་སྐར་ཚོགས་ལྷེམ་མེར་འཚེར།།
ས་གཞི་མུ་མེད་དྭངས་ཁ་གཞན་ལས་དོད།།
གནམ་དྭངས་ས་གཙང་རང་བཞིན་ཞིང་ས་འདི།།
ཡངས་པའི་གཤིས་ཀྱིས་ཕྱུག་པའི་མི་ཡིས་སྨོན།།

སྡོང་པོ་ཆེ་མ་ཆུང་གི་བར་མཚམས་ནས།།
འདབ་ཆགས་སྣ་ཚོགས་ཕན་ཚུན་ཁ་བརྡ་བྱས།།
འགའ་རེ་དུ་མ་སྨུག་ཅིག་འཁྲིགས་པའི་སར།།
ཁྱུ་དང་ཁྱུ་ཞིག་བྱས་ཏེ་བསྐོར་བ་རྒྱག །

བར་སྣང་དབྱིངས་ལ་ནག་ནོག་ཐལ་རྡུལ་མེད།།
སྡེ་བའི་གསེབ་ལ་ཅ་ཅོའི་སྐད་ངན་བྲལ།།
ཡོད་ཚད་ལྷིང་ལ་འཇགས་པའི་ངང་ཚུས་འདིས།།
མི་ཡི་སེམས་ལ་སོས་དལ་གཤིས་ཤིག་སྟེར།།

དགོང་མོ་མུན་པ་རུབ་ཚེ་ཁྱི་དག་ཟུག །
ཞོགས་པ་སྐྱ་རེངས་དུས་ལ་བྱ་སྐད་ཐོས།།
ཡིད་འོང་དུད་འགྲོ་ཆེ་ཆུང་སྣ་ཚོགས་ཀྱིས།།
ཡུལ་གྲུ་འདི་ནས་ང་ལ་གཅེས་པ་ཚོར།།

གཉིད་ལ་བར་ཆད་བཟོ་མཁན་དུག་སྦྲང་མེད།།
མགོ་ལ་ཆག་སྒོ་འཁྲིད་མཁན་སྨྱོན་པ་མེད།།
གནས་འདི་གནས་མ་ལགས་ཀྱིས་བསྐྱོངས་བ་བཞིན།།
འགྲོ་འདུག་སྤྱོད་གསུམ་གནས་བཟོད་བདེ་བར་སྣང་།།

ཆོས་དང་ཆབ་སྲིད་འཐབ་འཛིང་མི་གཙོ་ཞིང་།།
ཕྱོགས་དང་ཕྱོགས་ཀྱི་རིས་སུ་མི་འཁོར་བའི།།
རང་དགར་དཀྱུས་མའི་ལས་ལ་གཞོལ་བྱས་པའི།།
རི་འདབས་འདི་ཡི་ཚོགས་ལ་སྙིང་ནས་སྨོན།།

ས་གཞི་མཛེས་པས་རྒྱན་པའི་ཡུལ་གྲུ་དེའི།།
འཚོ་སྡོད་མི་ཡི་གཤིས་ཀྱང་ལྷག་ཏུ་བཟང་།།
རྡོག་སྒྲ་ས་གནམ་གང་ནས་ཐོས་གྱུར་རུང་།།
ཐེས་བྱུས་ངན་པའི་རླུང་འཚུབ་ལྡང་མཁན་མེད།།

ཡར་སྟོད་རི་ལ་ཆས་ཀྱང་ལྟ་མཁན་མེད།།
མར་མདའ་གཞུང་ལ་བཞུད་ཀྱང་དམོད་མཁན་དབེན།།
གང་འདོད་འཚོ་བ་རོལ་བྱའི་སྣ་ཚོགས་ཁྲོད།།
མིག་ཅེར་སྡང་ཟུག་རྒྱག་མཁན་མེད་འདི་བཟང་།།

སྐྱེས་གཟུགས་ངན་པའི་སྒང་ལ་གཤིས་ཀྱང་ལོད།།
ཡུལ་ལུང་ཟིང་བའི་ས་དེར་སྤྱི་ཚོགས་དོག །
ཕྱི་ནང་མཁའ་དབུགས་ངན་པས་བསྒྲིབས་བྱས་རྗེས།།
ལུས་ངག་ཡིད་ཀྱི་བཀྲག་མདངས་གཞན་ལས་རྒུད།།

ཚེ་སྲོག་རིན་ཐང་གསེར་ལས་མ་ཆེ་ན།།
ནད་ཀྱིས་མནར་དུས་སྨན་པར་བཅར་མདོག་མེད།།
ལུས་ཀྱི་སྲོག་དང་སེམས་ཀྱི་རྣམ་ཤེས་གཉིས།།
ས་ཆེན་འདི་ན་མ་བཅོས་རང་གྲུབ་བདེ།།

སྐལ་བ་སྟོང་གི་ཚེ་ཐག་མི་ལྡན་ཞིང་།།
ནམ་འཆི་ངེས་མེད་ནམ་ཟླའི་འགྱུར་ཁུགས་འདྲ།།
ཉིན་ཞག་གཅིག་ལ་ལུས་སེམས་བདེ་གྱུར་ཚེ།།
སྟོངས་བསམ་སྟོང་ཞིག་བཅངས་བ་ལས་ཀྱང་སྐྱིད།།

འདི་ནས་ཕར་ལ་རྩི་བའི་ལོ་ཟླ་ཞིག །
ཅི་ཙམ་ངེས་མེད་ས་མཐའི་འཚོ་བའི་ཀློང་།།
རང་ཉིད་རང་ལ་དབང་བའི་ལམ་ཆུང་ཉིད།།
ས་ཆེན་འདི་ལ་ཟད་ཟད་བར་དུ་འཚོ།།

སྙན་ངག

Post navigation

Previous Post: ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག
Next Post: རང་ཡུལ་རང་བདག་དགོས་པའི་ཀ་བཤད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme