Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རི་དྭགས་ཆོས་འཁོར།

Posted on 2012-12-19 By ཁ་བརྡ་ 12 Comments on རི་དྭགས་ཆོས་འཁོར།

 སྒང་བུ་འཁྱམས་པོ།

ང་ཚོ་བོད་རིགས་རྣམས་མཆོད་མཇལ་དུ་ཕེབས་སྐབས། ཐོག་མར་དགོན་པའི་ཚོགས་ཆེན་གྱི་ཡང་སྟེང་དུ་རི་དྭགས་ཕོ་མོ་གཉིས་ཀྱིས་རྩིབས་མ་བརྒྱད་ལྡན་གྱི་འཁོར་ལོ་གཅིག་ལ་རྩེ་གཅིག་ཏུ་བལྟས་ནས་སྡོད་པའི་གཟུགས་བརྙན་ཡིད་དུ་འོང་བ་ཞིག་མཐོང་རྒྱུ་ཡོད་པ་དེས་ཡང་སྙིང་ཅི་ཞིག་མཚོན་པ་ཡིན་ནམ་ཞེ་ན།  རྩིབས་མ་བརྒྱད་ལྡན་གྱི་འཁོར་ལོ་ནི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་མཚོན། དེའི་གཡས་གཡོན་རི་དྭགས་ཕོ་མོ་གཉིས་ནི་བསེ་རུ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སེམས་རྒྱུ་བཞིའི་གྲས་བསེ་རའི་སེམས་བསྐྱེད་ཀྱིས་ཆོས་རྩེ་གཅིག་ཏུ་ཉན་པ་མཚོན་པ་ཡིན། དབུས་ཀྱི་རྩིབས་མ་བརྒྱད་ལྡན་གྱི་འཁོར་ལོའི་ལྟེ་བས་བསླབ་པ་གསུམ་གྱི་ནང་ནས་ཚུལ་ཁྲིམས་ཀྱི་བསླབ་པ་མཚོན་པ་དང་། བར་གྱི་རྩིབས་མ་བརྒྱད་པོ་ནི་ཤེས་རབ་ཀྱི་བསླབ་པ་དང་འཕགས་ལམ་ཡན་ལག་བརྒྱད་མཚོན། མཐའི་མུ་ཁྱུད་ཀྱིས་ནི་ཏིང་ངེ་འཛིན་གྱི་བསླབ་པ ་མཚོན་པ་ཡིན།    སངས་རྒྱས་ཀྱི་བཀའ་ཡོད་དོ་ཅོག་བསླབ་པ་གསུམ་དང་།  འཕགས་ལམ་ཡན་ལག་བརྒྱད་དུ་མ་འདུས་པ་མེད།  རི་དྭགས་ཕོ་མོ་གཉིས་ཀྱིས་ཐབས་དང་ཤེས་རབ་མཚོན་ཏེ་ཐབས་ཤེས་ཟུང་འབྲེལ་གྱི་ལམ ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་མཚོན་བྱེད་ཡིན། མདོར་ན་འཛམ་གླིང་གི་ཆོས་ལུགས་ཁག་དང་། དེ་བཞིན་རྒྱལ་ཁབ་སོ་སོར་རྟགས་མ་རེ་ཡོད་པ་བཞིན་རི་དྭགས་ཆོས་འཁོར་ནི་ནང་པ་སངས་རྒྱས་པའི་རྟགས་མ་ལྟ་བུ་ཡིན།།

སྣ་ཚོགས།

Post navigation

Previous Post: ང་དང་སྙན་ངག།
Next Post: ནམ་གུང་གི་རང་ཉིད།

Comments (12) on “རི་དྭགས་ཆོས་འཁོར།”

  1. རྒྱལ་ཁམས་ says:
    2012-12-19 at 11:50 pm

    འཁྱམས་པོ་ལགས་་་་
    རི་དགས་དེ་གཉིས་ཤ་བ་ཕོ་མོ་གཉིས་ཡིན་གྱི་་་་
    བསེ་རུ་མིན་པ་ཤེས་པར་གྱིས་་་་

  2. བན་དེ་བ། says:
    2012-12-19 at 11:55 pm

    རི་དྭགས་གཉིས་ནི་བསེ་རུ་དང་ཤ་བ་མིན་ཞིང་་་་་་་རི་དྭགས་ཀྲི་ན་ཤ་ར་ཞེས་པ་དེ་རེད།

  3. གནམ says:
    2012-12-20 at 12:40 am

    མགོ་འཐོམ་ཀི་མ་འཇུག། དྲ་གྲོགས་ཚོ། དོན་ངོ་མར་ཆོས་གཞུང་ན་འདི་རི་དྭགས་ཅི་རེད། ཤེས་འདོད་ཡོད།

  4. འཁྱམས་པོ says:
    2012-12-20 at 8:35 am

    དེ་ན་རི་དྭགས་དེ་གཉིས་ཡར་ལངས་མེད་པར་ཉལ་སྡོད་པ་དེས་ཅི་ཞིག་མཚོན་ཡོད་པ་རེད།

  5. དབང་རྡོར་ says:
    2012-12-20 at 11:41 am

    སོ་སོས་རྣམ་རྟོག་གིས་བཟོས་པ་ཙམ་མིན་པར་ཁུངས་ལུང་གསལ་བོར་ཡོད་ན་བཤད་རོག་གྱིས་་་་་་་་་གཞན་ཡིད་རྟོན་མེད་ལགས་

  6. གཡུ་འབྲུག་དཀར་པོ། says:
    2012-12-20 at 9:38 pm

    བཤད་ཚུལ་འདི་ནི་སྒྲོ་བཏགས་ཤིག་རེད། དོན་ངོ་མ་ནི་འཁོར་ལོ་དེ་ནང་པ་སངས་རྒྱས་པའི་རྟགས་ཏེ་དེས་ནང་པ་སངས་རྒྱས་པའི་ཆོས་མཚོན་ཞིང་། རི་དྭགས་ནི་ནང་པ་སངས་རྒྱས་པའི་ཆོས་ཐོག་མར་བྱུང་ས་མཚོན་པ་རེད། དེ་ཡང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཝ་ར་ཎ་སིར་དྲང་སྲོང་བ་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བ་ནས་ནང་པ་སངས་རྒྱས་པའི་ཆོས་ལུགས་བྱུང་བ་རེད། རི་དྭགས་ཀྱི་ནགས་དེ་རི་དྭགས་གཅིག་གིས་མཚོན་ནུས་ཀྱང་རི་དྭགས་གཉིས་ཀྱིས་མཐའ་བསྐོར་བ་ནི་མཛེས་ཆའི་ཆེད་དུ་ཡིན། འདི་ཡང་མན་ངག་ཅིག་རེད་དོ།

  7. དགའ་ཡ་ says:
    2012-12-21 at 1:38 am

    སྲིད་པའི་འཁོར་ལོ།

    ༄༅། །སྲིད་པའི་འཁོར་ལོ་ཞེས་པ་འདི་ནི། ངན་འགྲོ་དང་བདེ་འགྲོ་གཉིས་སུ་འདུས་པའི་རིགས་དྲུག་གི་སེམས་ཅན་ཀུན་སྲིད་པ་འཁོར་བ་ན་ཇི་ལྟར་འཁོར་ཞིང་འཁྱམས་པ་དང༌། དེའི་རྒྱུ་དང་བཅས་པ་སྟོན་པའི་རི་མོ་སྟེ། རི་མོ་འདི་ཉིད་ཐོག་མར་རྒྱ་གར་གྱི་རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་བཞིན། སྒྲ་སྒྲོག་གི་རྒྱལ་པོ་ཨུ་ཊ་ཡ་ནར་སྐྱེས་ལན་དུ་བྲིས་པར་གྲགས།

    རོ་མོའི་དབུས་སུ་བྱ་སྦྲུལ་ཕག་གསུམ་གྱི་གཟུགས་བརྙན་སྣང་བ་ནི། འགྲོ་དྲུག་འཁོར་བར་འཁོར་བྱེད་ཀྱི་རྒྱུ་གཙོ་བོ་ཉོན་མོངས་དུག་གསུམ་མཚོན་པ་ཡིན་ཏེ། དང་པོ། བྱ་ནི་འདོད་ཆགས་ཀྱི་མཚོན་བྱེད་དང༌། གཉིས་པ། སྦྲུལ་ནི་ཞེ་སྡང་གི་མཚོན་བྱེད། གསུམ་པ། ཕག་པ་ནི་གཏི་མུག་གི་མཚོན་བྱེད་ཡིན་པ་དང༌། བྱ་སྦྲུལ་གཉིས་ཕག་པའི་ཁ་ནས་ཐོན་པ་བྲིས་པ་ནི་འཁོར་པའི་ཉེས་དམིགས་ཐམས་ཅད་ཉོན་མོངས་དུག་གསུམ་ལས་བསྐྱེད་ཅིང༌། ཆགས་སྔང་གཉིས་ཀྱང་མ་རིག་པའི་རྒྱུ་གཙོ་བོ་གཏི་མུག་ལས་བྱུང་བ་མཚོན་པ་ཡིན། བྱ་དང་སྦྲུལ། ཕག་པ་བཅས་ཀྱི་རི་མོ་འདི་འབྲི་ཚུལ་ཅུང་མི་འདྲ་བའང་ཡོད་སྐད། དེའི་མཐའ་རུ་ལམ་དཀར་ནག་གཉིས་བྲིས་པ་ནི། བདེ་འགྲོ་དང་ངན་འགྲོའི་བར་སྲིད་ལ་དགེ་སྡིག་གི་ལས་དཀར་ནག་གཉིས་སུ་ངེས་པར་མཚོན། དེ་ཡང་སྡིག་པའི་རྣམ་སྨིན་གྱིས་ངན་སོང་དུ་ལྷུང་ངེས་བ་ཞིག་ཡིན་ན། བར་དོའི་སྲིད་པར་མགོ་བོ་ཐུར་དུ་བཙུགས་ནས་འགྲོ་བའི་སྣང་བ་དང༌། ལས་མཁན་གྱི་ཐག་པས་བཀྱིག་ནས་དབང་མེད་དུ་འཁྲིད་འགྲོ །འོན་ཀྱང་དགེ་བའི་བསོད་ནམས་ཀྱིས་མཐོ་རིས་སུ་སྐྱེ་པ་ཞིག་ཡིན་ན། མཚན་མོར་ཟླ་འོད་ཀྱིས་ཁྱབ་པའམ་གངས་རི་ལ་ཉི་འོད་ཀྱིས་ཐོག་མར་ཕོག་པ་ལྟ་བུ་དང་ལམ་གྱེན་དུ་འགྲོ་བའམ། ཐད་ཀར་འགྲོ་བ་སོགས་ཀྱི་སྣང་བ་འཆར་བ་དང༌། ལས་མཁན་སོགས་ཀྱི་འཇིགས་སྣང་གི་སྡུག་བསྔལ་དང་བྲལ་བའོ།

    འཁོར་ལོའི་རྩིབས་བར་དྲུག་ཏུ་ལྷ་དང་མི། ལྷ་མ་ཡིན་བཅས་བདེ་འགྲོ་གསུམ་དང༌། དམྱལ་བ། ཡི་དྭགས། དུད་འགྲོ་སྟེ་ངན་འགྲོ་གསུམ་བཅས་རིམ་པར་བཀོད་དེ་བྲིས་པ་ནི། འགྲོ་བ་རིགས་དྲུགགི་སྡུག་བསྔལ་བསྟན་པ་ཡིན་ལ། མཚོན་དོན་ནི། མར་གྱུར་འགྲོ་བ་ཀུན་ཐར་པ་མ་ཐོབ་བར་དུ་འགྲོ་བ་རིགས་དྲུག་ཏུ་རེས་མོས་ཀྱིས་ཚེ་འཕོས་ཏེ་སྡུག་བསྔལ་མྱངས་ཤིང་མྱོང་བ་དེ་ཡིན།

    འཁོར་ལོའི་མཐའ་འཁོར་གྱི་དྲ་མིག་བཅུ་གཉིས་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་མཚོན་བྱེད་དེ། དང་པོ་དམུས་ལོང་འཁར་རྒྱུག་ལ་བརྟེན་པ་དེས་མ་རིག་པའི་རྟེན་འབྲེལ་མཚོན་ཞིང༌།གཉིས་པ་རྫ་མཁན་གྱིས་འདུ་བྱེད་ཀྱི་རྟེན་འབྲེལ་མཚོན། གསུམ་པ་སྤྲེའུ་ཤིང་རྩེར་རྩེན་པ་དེས་རྣམ་ཤེས་ཀྱི་རྟེན་འབྲེལ་མཚོན། བཞི་པ་གྲུ་གཟིངས་ཀྱིས་མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་མཚོན། ལྔ་པ་ཁང་སྟོང་གིས་སྐྱེ་མཆེད་ཀྱི་རྟེན་འབྲེལ་མཚོན། དྲུག་པ་ཕོ་མོ་ཕན་ཚུན་འཁྱུད་ཅིང་འོ་བྱེད་པ་དེས་རིག་པའི་རྟེན་འབྲེལ་མཚོན། བདུན་པ་མིག་ཏུ་མདའ་ཟུག་པས་ཚོར་བའི་རྟེན་འབྲེལ་མཚོན། བརྒྱད་པ་སྐྱེ་བོས་ཆང་འཐུང་བ་དེས་སྲེད་པའི་རྟེན་འབྲེལ་མཚོན། དགུ་པ་སྤྲེའུས་ཤིང་ཏོག་བཏོག་པ་དེས་ལེན་པའི་རྟེན་འབྲེལ་མཚོན། བཅུ་པ་བུད་མེད་སྦྲུམ་མ་དེས་སྲིད་པའི་རྟེན་འབྲེལ་མཚོན། བཅུ་གཅིག་པ་ཕྲུ་གུ་བཙའ་བ་དེས་སྐྱེ་བའི་རྟེན་འབྲེལ་མཚོན།བཅུ་གཉིས་པ་མི་རོ་འཁུར་བདེས་རྒ་ཤི་ཅི་རིགས་པའི་རྟེན་འབྲེལ་མཚོན་ནོ།

    དེ་ཐམས་ཅད་འཁོར་ལོའི་རྣམ་པར་འཆི་བདག་གི་ཁ་དང་རྐང་ལག་བཞིས་དམ་དུ་བཟུང་བར་བྲིས་པ་དེས། ལས་དང་ཉོན་མོངས་པའི་དབང་གིས་འཇིག་རྟེན་འདིར་སྐྱེ་བ་ལེན་པ་མཐའ་དག་མཐར་འཆི་བདག་གི་དབང་དུ་མ་གྱུར་པ་མེད་པ་དང༌། དེ་ཡང་ལན་རེ་གཉིས་ཙམ་མ་ཡིན་པར། ཇི་སྲིད་འཁོར་བའི་རྩ་བ་མ་སྤངས་པ་དེ་སྲིད་དུ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་འཁོར་མོར་མྱངས་ཏེ་སྲིད་རྩེ་ནས་མནར་མེད་བར་རྟག་ཏུ་འཁོར་བ་མཚོན།

    སྟེང་དུ་ཟླ་བའི་གཟུགས་བརྙན་བྲིས་པ་ནི། སྡུག་བསྔལ་མཐའ་དག་གི་དབེན་པའི་ཞི་བ་མྱང་འདས་སམ་བདུད་བཞི་ཕྲ་རགས་མ་ལུས་པ་བཅོམ་པའི་རྣམ་མཁྱེན་གྱི་གོ་འཕང་མཚོན། དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱག་བརྐྱངས་ཏེ་བསྟན་པ་ནི། ཞི་བ་མྱང་འདས་འདི་ལྟ་བུ་ཞིག་མ་ཐོབ་ན། འཁོར་བའི་རྒྱ་མཚོའི་སྡུག་བསྔལ་གྱི་ཀློང་ནས་རྟག་ཏུ་འཁོར་བ་ལས་ཐར་དུས་མེད་པས། སེམས་ཅན་ཀུན་གྱིས་ཞི་བ་མྱང་འདས་ཀྱི་གོ་འཕང་ཐོབ་པའི་ཐབས་ལ་བརྩོན་ཅིག་ཅེས་བརྡ་ཐབས་ཀྱིས་འདོམས་པར་མཛད་པ་མཚོན་ནོ།། །།

  8. ལོག་སྨྲ་ཚར་གཅོད། says:
    2012-12-21 at 2:01 am

    ཡ་ཁྱེད་ཚོས་རྩོད་པ་རྒྱག་གིན་མ་འདུག ཞིབ་འཇུག་བྱོས་དང་། གསལ་དུ་འགྲོ་ངེས།
    གོང་དུ་བཤད་པ་བཞིན་སྤྱིར་ཆོས་འཁོར་གྱིས་མཚོན་དོན་ནི་བསླབ་པ་གསུམ་ཡིན་ཡང་འདིར་རི་དྭགས་ཕོ་མོ་དང་སྦྱར་ནས་བཤད་དགོས་དུས་དེ་ཡང་མདོ་ལུགས་ནས་བཤད་ན་སྔོན་སངས་རྒྱས་ཤཀྱ་ཐུབ་པས་མངོན་པར་རྫོགས་པ་སངས་རྒྱས་པའི་མཛད་པ་བསྟན་ནས་ཟླ་བ་གཅིག་ལྷག་གི་རྗེས་སུ་ཝ་ར་ཎ་སིར་དྲང་སྲོང་བ་ལྷུང་བ་རི་དྭགས་ཀྱི་ནགས་སུ་སྒོམ་ལ་བཞུགས་སྐབས་ལྷ་ཚངས་པས་རི་དྭགས་ཤྭ་བ་ཕོ་མོ་གཉིས་ལ་སྤྲུལ་ནས་གསེར་གྱི་འཁོར་ལོ་རྩིབས་སྟོངས་འབར་བ་ཞིག་སྟོན་པར་ཕུལ་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་སྐུལ་བ་ལ་བརྟེན་སྟོན་པས་གནས་དེར་ཀུན་ཤེས་ཀོའུ་ཌི་ནེ་ལ་སོགས་པའི་འཁོར་ལྔ་སྡེ་ལ་བདེན་པ་བཞི་ལས་བརྩམས་ཏེ་ཆོས་ཀྱི་འཁོར་ཐོག་མར་བསྐོར་བའི་ལོ་རྒྱུས་དེ་དག་མཚོན་དོན་དུ་དེང་གི་ཆར་དགོན་པའི་ཡང་ཐོག་ཏུ་རི་དགས་ཕོ་མོ་དང་འཁོར་ལོ་མཉམ་འཇོག་བྱས་པ་མིན་ནམ།
    དུས་ད་ལྟ་ཡང་དབྱིན་སྐད་དུ་གནས་དེར་Deer park ཤྭ་བའི་གླེང་ཁ་ཞེས་བརྗོད་སྲོལ་ཡོད།
    མ་གཞི་ནས་སྔོན་གྱི་དུས་སུ་རྒྱ་གར་ནང་ནང་པའི་དགེ་འདུན་པ་རྣམས་དབྱར་གནས་དང་དགག་དབྱེ་གསོ་སྦྱོང་སོགས་ཀྱི་སྐབས་སུ་མཉམ་བཞུགས་གནང་ཡུལ་ནི་ཀུན་དགའ་ར་བ་ཟེར་བ་ཞིག་ལས་མེད་ལ་ནམ་རྒྱུན་བཞུགས་གནས་ནི་དགོན་པ་ཟེར་དུས་གྲོང་ལས་རྒྱང་གྲགས་རིང་སར་གནས་དབེན་པ་ཁང་པ་མེད་ས་ཞིག་ཡིན་པར་ངེས། འོན་ཀྱང་བོད་ཀྱི་དགོན་པ་ཚོ་ནི་དེ་ལས་ལྡོག་སྟེ་རི་དགས་ཕོ་མོ་དང་འཁོར་ལོ་སོགས་ཀྱི་བཀོད་རིས་དང་བཟོ་དབྱིབས་སྔགས་བླ་མེད་ལུགས་ཀྱི་དཀྱིལ་འཁོར་ཀྱི་བཀོད་པ་རྣམས་དགོན་པའི་བཟོ་དབྱིབས་ལ་བཀོད་ནས་ད་དུང་དེའི་སྟེང་རྒྱ་བཟས་ཁྱེར་ཡོང་བའི་རྒྱ་ནག་རྒྱལ་ཁང་གི་བཀོད་པ་ཁང་ཐོག་ཏུ་རྒྱ་ཕིབས། ཚོམས་ཁང་དུ་སེང་ཁྲི། སྒོ་འགྲམ་དུ་རྡོ་སེང་གེ་བཅས་ཆ་ཚང་བོད་ཀྱི་དགོན་པའི་བཟོ་དབྱིབས་སུ་མཉམ་བསྒྲགས་བྱས་ནས་གང་རྫིག་རྫིག་ཅིག་བཟོས་པ་རེད།

  9. སྤོབས་པ་མཐའ་ཡས། says:
    2012-12-21 at 5:35 am

    བོད་ཀྱི་དགོན་པའི་སྟེང་གི་གསེར་ཏོག་ཟིང་ཟིང་དེ་ཡུལ་གང་ཞིག་ནས་བྱུང་བའི་སྲོལ་ཡིན་ནམ། རྒྱ་གར་ན་དགོན་པ་རྙིང་པ་འདྲ་ཡོད་མེད་མི་ཤེས་མོད་བལ་ཡུལ་ན་དགོན་པ་རྙིང་པ་མང་པོ་འདུག་མོད་བོད་ཀྱི་དགོན་པའི་སྟེང་གི་གསེར་ཏོག་དེ་འདྲ་བ་ནི་མི་འདུག

  10. ཨ་རིག་དགེ་མཐོང་གིས། says:
    2012-12-21 at 7:13 am

    དེ་རིང་གི་བསམ་འཆར་འདི་དག་ནི་ཧ་ཅང་བཟང་གི ལོག་སྨྲ་ཚར་གཅོད་ཀྱིས་བཤད་པ་ལ་གོ་རྒྱུ་འདུག འོན་ཀྱང་ཕྲན་ནི་དབང་རྣོ་རིགས་ཡིན་པས་ལམ་སེང་བདེན་ནོ་ཟེར་ཐུབ་ས་མ་རེད། ཀུ་རེ། རྒྱུན་ཤེས་འདི་དག་མ་ཤེས་དུས་དཀའ་ངལ་གང་མང་འཕྲད་ཀི སྤོབས་པ་མཐའ་ཡས་ཀྱི་དྲི་བ་དེ་ལ་ལན་རེ་བཀྱོན་མཁན་བྱུང་ན་ལེགས།

  11. བན་དེ་བ། says:
    2012-12-21 at 7:52 am

    བོད་ཀྱི་དགོན་པའི་སྟེང་སེར་ཏོག་གྷན་འཇི་ར་ཟེར་བ་དེ་ཚོ་ནི་ཧིན་དྷུའི་ལྷ་ཁང་ནས་བྱུང་བ་རེད་འདུག་ད་ལྟའང་ཁོང་ཚོས་འཇོག་སྲོལ་ཡོད་འདུག་ རྒྱ་ཕིབས་ནི་རྒྱ་ཕུབས་རེད། རྒྱ་ནག་གི་ཐོག་ཕུབས་སྟངས་རང་རེད། ད་ལྟའང་རྒྱ་ནག་གི་ཁང་པ་དང་ལྷ་ཁང་དེ་ཚོར་གཟིགས་དང།

  12. འཇམ་གཅེས says:
    2012-12-21 at 8:19 am

    ༡བོད་ཀྱི་དགོན་པའི་སྒོ་དང་སྒེའུ་ཁུང་གི་ཟུར་དུ་ནག་པོ་མཚོན་ནག་པོ་བྱུག་དོན་གང་ཡིན་ནམ།
    ༢ཀ་ཡི་མགོར་འཛིན་སྦ་མགོ་བྲིས་དོན་གང་ཡིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (9)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme