Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རི་ཉིལ་བ་དང་འདམ་ཟེགས་བཞུར་བའི་རྒྱུ་རྐྱེན་བཙལ་བ།

Posted on 2017-09-102017-09-10 By ཁ་བརྡ་ No Comments on རི་ཉིལ་བ་དང་འདམ་ཟེགས་བཞུར་བའི་རྒྱུ་རྐྱེན་བཙལ་བ།

མགར་ཚང་བསོད་ནམས་དར་རྒྱས།

 
ད་ལོར་ང་ཚོ་བོད་ཁུལ་གྱི་ས་ཆ་ཡར་མར་གང་སར་རི་ཉིལ་བ་དང་འདམ་ཟེགས་བཞུར་བ་སོགས་བྱས་ནས་གནོད་འཚེ་བསྟུད་མར་བྱུང་དང་འབྱུང་བཞིན་འདུག སྤྱིར་ན་རི་ཉིལ་བ་ནི་ས་འགུལ་བྱུང་ནས་ཉིལ་བ་དང་། ཆུ་ལོག་གིས་ཉུལ་བ།མེ་རི་འབར་གས་བྱུང་ནས་ཉིལ་བ། གངས་འཁྱག་ཞུ་ནས་ཉིལ་བ་སོགས་རིགས་མང་པོ་ཞིག་ཡོད་པ་ནིས་གཤིས་བརྟག་དཔྱད་པ་དང་སྐྱེ་དངོས་ཞིབ་འཇུག་པ། ཆེད་མཁས་པ་མང་པོའི་གསུང་པ་ནང་བཞིན་རེད།
ཡིན་ནའང་ཁ་སང་དེ་རིང་གི་ཁོར་ཡུག་གནད་དོན་ཐད་འདམ་ཟེགས་བཞུར་བ་དང་རི་ཉིལ་བའི་གནས་ཚུལ་ལ་ཞིབ་མོར་བལྟས་ནས་ཡོང་ན་གཙོ་བོ་ས་གཤིས་དང་འབྲེལ་བ་ཡོད་པའི་ཁར་དྲོ་གྲང་མར་ཆགས་པ་དང་མཁའ་དབུགས། དྲག་ཆར་འབབ་པ།ཆར་བ་འབབས་ཚད་ཧ་ཅང་མང་ལ་རྒྱུན་ལྡན་མ་ཡིན་པ། མིའི་བཟོས་བཟོ་ལས་ཐོན་སྐྱེད་རང་བྱུང་ཐོན་ཁུངས་གཏེར་ཁ་རིགས་སོགས་སྔོག་འདོན་གྱི་གཞི་རྒྱ་ཆེ་རུ་སོང་བ། རི་ལྡེབས་སྲུང་སྐྱོབ་བྱེད་མི་ཐུབ་པ། ཤིང་སྡོང་རིགས་མང་པོ་བཅད་པ། རི་ཁོག་བྲུས་ནས་ལྟུང་པ་བཟོ་བ།ལྕགས་ལམ་དང་མྱུར་ལམ། ཆུ་རྐ་སོགས་ལུགས་དང་མི་མཐུན་པར་ས་རྡོ་རྐོ་སློག་བྱས་དེ་རི་ངོས་ཀྱི་ས་ཤུན་ལ་གཏོར་བརླག་ཐེབས་ནས་སྔོ་ལྗང་གི་ཁེབས་ཚད་ཇེ་ཆུང་དུ་སོང་བ་ལས་འབྱུང་གི་ཡོད་པ་རེད་འདོད།

རྒྱུ་མཚན་དཔེར་བཞག་ན། ཀན་སུའུ་ཞིང་ཆེན་གྱི་འབྲུག་དཀར་གཙང་བའི་དཀྱིལ་རྒྱུད་ནི་ལོ་ངོ་ལྔ་སྟོང་ལྷག་གི་ཡར་སྔོན་དུ་རི་ལུང་ཐམས་ཅད་ནགས་ཀྱིའི་ཕྱུག་པར་མ་ཟད་ཁོར་ཡུག་ལྗང་མདོག་གིས་ཁྱབ་ཡོད་སྐད། ཡིན་ནའང་རྗེས་སུ་ཤིང་སྡོང་གང་འདོད་དུ་བཅད་ནས་ནགས་ཚལ་ལ་གཏོར་བརླག་ཚབས་ཆེན་བཟོས་བས། ད་ལྟ་རང་རྒྱལ་གྱི་འདམ་ཟེགས་བཞུར་བའི་གནོད་འཚེ་མང་པོ་འབྱུང་བའི་ས་ཁུལ་ཞིག་དུ་གྱུར་ཡོད་པ་ལྟ་བུ་དང་།

གཞན་ཡང་ཡུན་ནན་ཞིང་ཆེན་ཏུན་ཁྲོན་ནས་ཁུང་མིན་གཞུང་ལམ་བར་གྱི་ལོ་ཀན་ལུང་བ་རུ་གཞུང་ལམ་དང་ཆུ་རྐ་བཟོ་སྐྲུན་བྱེད་པ་རྐྱེན་བྱས་ཏེ། རི་ངོས་ཀྱི་ས་ཤུན་ལ་གཏོར་བརླག་ཆེན་པོ་ཐེབས་ནས་འདམ་ཟེགས་བཞུར་བའི་གནོད་འཚེ་བྱུང་བ་ལྟ་བུ་རེད།

ད་དུང་རི་ཉིལ་བྱུང་བ་ནི་སྤྱི་ལོ༡༩༤༣ ལོའི་ཟླ་༢པའི་ཚེས་༧ ཉིན་མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་དུ་རི་ཉིལ་བའི་གནོད་འཚེ་བྱུང་བ་དང་། ཡུད་ཙམ་གྱི་རིང་ལ་ཞིང་སྡེ་གཉིས་བསྣུབས་པ་མ་ཟད། མི་༢༡༣ གསོན་པོར་ས་འོག་ཏུ་སྦས། ཞིང་ས་མུའུ་༡༠༠༠ ལྷག་མེད་བརླག་ཏུ་བཏང་བ་རེད།
དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་རྗེས་སུ་འདམ་ཟེག་བཞུར་བ་དང་རི་ཉིལ་བའི་གནོད་པ་བྱུང་གྲངས་ཇེ་མང་དང་གནོད་འཚེ་ཇེ་ཆེར་འགྲོ་གིན་ཡོད་ལ། འདི་ནི་ང་ཚོ་འགྲོ་བ་མིའི་རིགས་ཀྱིས་ལུགས་མཐུན་མ་ཡིན་པར་རང་བྱུང་ཐོན་ཁུངས་སྔོག་འདོན་བྱས་པ་དང་འབྲེལ་བ་དམ་པོ་ཡོད། ཉེ་བའི་ལོ་འདི་འགར་འདམ་ཟེགས་བཞུར་བ་དང་རི་ཉིལ་བྱུང་ཚད་ཇེ་མང་དུ་སོང་ཡོད།

སྤྱི་ལོ༡༩༨༨.༧.༦ཉིན་ཀན་སུའུ་ཞིང་ཆེན་ཅོ་ནེ་རྫོང་དུ་འདམ་ཟེགས་བཞུར་ནས་མི་༤༦ ཤི་བ་དང་། ཁང་མིག་༡༩༦༦ ལྷག་མེད་པར་བཟོས་པ། ཕྱུགས་རིགས་༦༨༤ཤི་བ། ཞིང་ས་མུའུ་ཁྲི་༣ ལ་གནོད་པ་ཐེབས་པ་དང་ཐད་ཀར་དཔལ་འབྱོར་སྒོར་ཁྲི་༡༠༥༢ ཡི་གྱོང་གུད་ཐེབས་པ་ལྟ་བུ།

ད་ལོ་སྟེ་༢༠༡༧ ལོའི་ཟླ་༦ ཚེས་༢༤ ཉིན་གྱི་སྔ་དྲོའི་དུས་ཚོད་༦ཡས་མས་སུ། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མའོ་རྫོང་གི་ཞིན་མོ་གྲོང་སྡེ་རུ་རི་ཉིལ་ནས་ཆུ་རྐ་འཚང་འགག་བྱུང་པས། དུད་ཚང་༤༠ ཡི་མི་༡༠༠ ལྷག་ས་འོག་ཏུ་མནན་པ་ལྟ་བུ།

༢༠༡༧.༨.༣༠སྔ་དྲོའི་དུས༤དང་སྐར་མ༣༠ཡས་མས་སུ་མཚོ་སྔོན་ཞིང་ཆེན་མགོ་ལོག་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་སུ་རིག་ཆེན་སྡེ་བའི་གཤགས་ལུང་ལ་རི་ཉིལ་དོན་རྐྱེན་བྱུང་ནས་མི་༩ རྐྱེན་ལམ་དུ་ཤོར་བ་དང་སྒོ་ཕྱུགས་བཅུ་ཕྲག་འགའ་དང་སྡོད་ཁང་ས་འོག་དུ་མནན་པ་སོགས་ཀྱི་གནོད་འཚེ་བྱུང་བ།

༢༠༡༧ལོའི་ཟླ་བ་༩པའི་ཚེས་༧ཉིན། ཞོགས་པའི་དུས་ཚོད་༩པ་ཡོལ་ཙམ་ནས་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་རྫ་སྟོད་གྲོང་རྡལ་འབྲི་སྨད་གྲོང་ཚོ་ཕྱུགས་རྭ་བྱུང་ཀྱི་རི་ངོས་མཐོ་གནས་རྡིབ་ནས་ཁྱིམ་ཚང་ཁག་གཅིག་གི་རྩྭ་ས་དང་དཔལ་འབྱོར་གྱི་གྱོང་གུད་བཟོས་ནས་གནོད་འཚེ་བྱུང་བ་སོགས་གནས་ཚུལ་མང་པོ་མང་པོ་ཞིག་ཐོན་བཞིན་ཡོད།

ངའི་བསམ་ན་ནི་དེ་མ་ཡིན་པའི་གཞན་མཚོ་སྔོན་པོའི་མཚོ་རྒྱུད་ཀྱི་ཆུ་ལག་མཚོ་ཆུང་ནོར་བུ་གློ་བུར་དུ་གློ་དམར་དུ་གྱུར་བ་འདི་དང་རི་ཉིལ་བ། འདམ་ཟེགས་འཕྱུར་བ། ཆུ་ལོག་རྒྱུག་པ། ཆར་ཆུ་དུས་སུ་མི་འབབ་པར་ཐན་པ་འོང་བ་འདི་ཚང་མ་འབྲེལ་བ་དམ་པོ་ཡོད་པར་འདོད་ལ། ང་ཚོ་འགྲོ་བ་མིའི་རིགས་ཀྱི་སྔོན་ཐོན་ཚན་རིག་ལག་རྩལ་དང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཏེ་དངོས་པོའི་ལོངས་སྤྱོད་སྦྱིན་པ་དང་དུས་མཚུངས་སུ་ཕྱི་སྣོད་ཀྱི་འཇིག་རྟེན་ནམ་སྐྱེ་ཁམས་ཁོར་ཡུག་འདིར་ནང་བཅུད་ཀྱི་སེམས་ཅན་མང་པོ་ཞིག་མིའི་རིགས་ཀྱིས་འདོད་དང་མི་འདོད་ལས་བཟོས་པའི་གནོད་འཚེ་ཆེན་པོ་ཕོག་སྟེ་སྐྱེ་ཁམས་དོ་མི་མཉམ་པར་གྱུར་བ་དང་ཁོར་ཡུག་ཇེ་སྡུག་དུ་སོང་ནས། མི་དང་ཁོར་ཡུག་བར་མཐུན་སྦྱོར་མེད་པར་མ་ཟད་འགལ་བ་ཇེ་ཆེར་གྱུར་ནས་རྣོ་ངར་ལྡན་པ་ཞིག་དུ་འགྲོ་བཞིན་ཡོད། དེ་ཡིན་དུས་རང་བྱུང་སྐྱེ་ཁམས་ལ་ཕར་རྒྱབ་འགལ་བྱས་ཚེ་ཕྱིར་འཁོན་ལན་སློག་ནས་གནོད་འཚེ་འབྱུང་བ་ནི་ཆོས་ཉིད་དུ་གྲུབ་ཡོད་པ་ལྟ་བུའོ།

དེ་ལས་གནས་ཚུལ་གཞན་ཞིག་སྟེ་༢༠༡༧ སྤྱི་ཟླ༤ བའི་ཚེས་༡༢ ཉིན་གྱི་ཉིན་གུང་། མཚོ་སྔོན་པོའི་མཚོ་རྒྱུད་ཀྱི་ཆུ་ལག་མཚོ་ཆུང་ནོར་བུ་གློ་བུར་དུ་གློ་དམར་དུ་གྱུར་བ་རེད། མཚེའུ་འདི་ནི་བྱེ་མ་ལ་བདུན་གྱི་འགྲམ་དུ་ཆགས་ཤིང་། གཞི་ཁྱོན་ལ་སྤྱི་ལེ་རྒྱ་དཔངས་གྲུ་བཞི་མ་༡ལས་མེད། མཚེའུ་ཡི་མཐའ་འཁོར་འབྲོག་པའི་རྩྭ་ས་དང་འབྲོག་ཁྱིམ་ཆགས་པས་བཟོ་ལས་ཀྱི་འབག་བཙོག་ཐེབས་མི་སྲིད་ལ། སྣོད་བཅུད་གཏོར་བརླག་གི་སྐྱོན་ཡང་འབྱུང་མི་སྲིད། ལྷག་པར་ཆུའི་མ་དཔེ་དེ་ཧ་ཅང་དྭངས་ཤིང་གསལ་ལ་དྲི་མ་མེད་པས། མཚེའུ་མདོག་དམར་པོར་གྱུར་བ་ནི་རྩྭ་ལྡུམ་དང་འདམ་ལ་འབྱར་བའི་ཚོས་རྒྱུ་དམར་པོའི་སྐྱེ་དངོས་ལས་བསྐྱེད་པ་ཞིག་རེད་ཟེར།

མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་དུས་དང་པོར་ཀྲུང་གོ་ཚན་རིག་གླིང་ལ་འབྲེལ་བ་བྱས་ནས་མ་དཔེ་དག་ཀྲུང་གོ་ཚན་རིག་གླིང་ཝུའུ་ཧན་ཆུའི་སྐྱེ་དངོས་ཞིབ་འཇུག་ཁང་ལ་བསྐྱལ་པ་དང་། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིང་ཆེད་ལས་ལྟ་ཞིབ་ཚད་འཇལ་ལས་ཁུངས་ཀྱིས་ཀྱང་སྐྱེ་དངོས་དེ་རིགས་ལ་ལྟ་ཞིབ་ཚད་འཇལ་བྱས་ཡོད་པ་རེད། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིང་དང་འབྲེལ་ཡོད་སྡེ་ཚན། ཚན་རིག་ཞིབ་འཇུག་གླིང་སོགས་ཞིབ་འཇུག་ལས་ཁུངས་དང་ཟུང་སྦྲེལ་བྱས་ནས་ལྟ་ཞིབ་ཚད་འཇལ་གྱི་མཇུག་འབྲས་ལ་བརྡར་ཤ་བཅད་རབས་སོགས་བཤད་ཀྱང་མཇུག་འབྲས་ནི་འདི་རེད་ཞེས་ཁ་ཚོད་གཅོད་ཐུབ་མེད།

མུ་མཐུད་དུ་ཀྲུང་གོ་ཚན་རིག་གླིང་གི་འབྲེལ་ཡོད་རིག་ཚན་ཞིབ་འཇུག་ཁང་དང་མཉམ་དུ་བརྟག་དཔྱད་ཞིབ་འཇུག་གི་བྱ་བར་རྒྱུན་སྐྱོང་ངེས་ཡིན་ཞེས་བརྗོད་འདུག་མོད། དོན་དངོས་སུ་གོ་ལ་སྤྱི་དང་ཁྱད་པར་དུ་མདོ་དབུས་མཐོ་སྒང་གི་ཁོར་ཡུག་སྤྱིའི་མ་ལག་ལ་གཏོར་སྐྱོན་ཐེབས་པ་མདོར་ན་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཕན་ཚུན་དོ་མི་མཉམ་པར་ཁོར་ཡུག་སྤྱིའི་གནོད་པ་ཚབས་ཆེ་བས་ཡིན་པ་ནི་གདོན་མི་ཟའོ།།

རྩོམ་རིག

Post navigation

Previous Post: རབ་བྱུང་གི་འཚོ་བའི་ཡོ་བྱད་ཀྱི་གོས་ལ་དཔྱད་པ་མེ་ཁྱེར་གྱི་སྣང་བ།
Next Post: ཚ་བ་མདའ་སྨྱུག་གི་གྱེས་ཁའི་རྩོམ་ཐུང་འགའ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme