Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རི་ཆར་ཌི་ ཌལ་ཝི་སོན་གྱི་བོད་ཀྱི་ནང་ཆོས་དང་ཀླད་པའི་ཚན་རིག་བར་གྱི་ཞིབ་འཇུག

Posted on 2009-02-02 By གཡང་འབུམ་རྒྱལ་ 6 Comments on རི་ཆར་ཌི་ ཌལ་ཝི་སོན་གྱི་བོད་ཀྱི་ནང་ཆོས་དང་ཀླད་པའི་ཚན་རིག་བར་གྱི་ཞིབ་འཇུག

བོད་ཀྱི་ནང་ཆོས་ལ་ཤེས་རྟོགས་ཡོད་མཁན་ཚོས་སྒོམ་སྒྲུབ་ཀྱི་སྟེང་ནས་མིའི་སེམས་ཁམས་ལ་འགྱུར་བ་གཏོང་ཐུབ་པར་འདོད་པ་དང་། དེང་རབས་ཚན་རིག་ལ་རྒྱུས་མངའ་ཡོད་མཁན་ཚོས་མིའི་ཀླད་པའི་གྲུབ་ཚུལ་དང་བྱེད་ལས་དེ་ང་ཚོའི་སེམས་ཁམས་ཀྱི་གནས་སྟངས་དང་ཁྱད་ཆོས་ལ་འབྲེལ་བ་དམ་ཟབ་ཡོད་པར་འདོད། ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོའི་སློབ་དཔོན་རི་ཆར་ཌི་ ཌལ་ཝི་སོན་ (Dr. Richard Davidson) ནི་བོད་ཀྱི་ནང་ཆོས་ཉམས་ལེན་པ་དང་ཁོང་ཚོའི་ཀླད་པར་ཞིབ་འཇུག་བྱས་ཏེ་མིའི་ལུས་སེམས་ཀྱི་ནུས་
སྟོབས་འཚོལ་ཞིབ་བྱེད་མཁན་མི་སྣ་གྲགས་ཅན་ཞིག་ཡིན།

སྨན་པ་ཌལ་ཝི་སོན་ནུབ་ཕྱོགས་ཚན་རིག་དང་ནང་ཆོས་གཉིས་ཀར་དོ་སྣང་སླེབས་ཚུལ་དེ། གྲུབ་འབྲས་ཆེན་པོ་ལྡན་པའི་རང་ཉིད་ཀྱི་ལོ་ངོ་མང་པོའི་རིང་གི་ཀླད་རྩའི་ཚན་རིག་གི་ཞིབ་འཇུག་ལས་དོན་ལ་འབྲེལ་བ་ཆགས་ཡོད། ཁོང་དེ་སྔ་ཧར་ཝར་ཌི་སློབ་གྲྭ་ཆེན་མོའི་སེམས་ཁམས་རིག་པའི་སྡེ་ཚན་གྱི་ཞིབ་འཇུག་སློབ་མ་ཡིན་སྐབས། ཤར་ཕྱོགས་པའི་སེམས་ཁམས་རིག་པར་དོ་སྣང་སླེབས་ཏེ་ ༡༩༧༠ པའི་ལོ་རབས་ནང་རྒྱ་གར་དུ་ཕྱིར་བསྐྱོད་ཀྱིས་དེར་སྒོམ་སྒྲུབ་བསྙེན་མཚམས་ལ་སྡོད་ཞུགས་བྱས། ཕྱི་ལོ་ ༡༩༨༠ ནས་བཟུང་ཁོང་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོའི་དགེ་རྒན་དང་ཞིབ་འཇུག་པར་གྱུར་པ་དང་། སྒེར་ངོས་ནས་སྒོམ་སྒྲུབ་ཉམས་ལེན་བྱས་པའི་ཉེར་ལེན་གྱིས་ རང་ཉིད་ལ་ངན་གྲགས་རྒྱས་ཞིང་ལོ་མང་པོའི་རིང་སྤྱི་ཚོགས་ནས་ལོགས་ཀར་ཐོན་དགོས་བྱུང་ཡོད། འོན་ཀྱང་སྒོམ་སྒྲུབ་ཉམས་ལེན་བྱས་པའི་མྱོང་གོམས་བརྒྱུད་ཁོང་གི་བསམ་བློར་སྐྱོ་སྡུག་ (anxiety) དང་ཡིད་ཞུམ་ (depression) ལྟ་བུའི་སེམས་ཁམས་ཀྱི་ཚོར་སྣང་དང་ལུས་ཁམས་ཀྱི་འབྲེལ་བའི་སྐོར་གྱི་དཔྱད་གཞི་མང་པོ་ཞིག་ལ་ཞིབ་འཇུག་བྱ་རྒྱུའི་འདོད་བློ་དེ་སྔ་ནས་སྐྱེས་ཡོད།

སེམས་ཁམས་སྐོར་ལ་སྤུས་དག་ཅིང་གྲུབ་འབྲས་ལྡན་པའི་ཞིབ་འཇུག་ལོ་མང་བྱས་མཐར། ཁོང་ནི་སེམས་ཁམས་དབང་རྩའི་གནས་ ལུགས་ལ་བརྟག་ཞིབ་བྱེད་པའི་དབང་རྩ་་རིག་པའི་རྣམ་གཞག་གི་ཤིང་རྟའི་སྲོལ་འབྱེད་མཁན་དང་དེའི་ལས་དོན་སྒྲུབ་མཁན་མི་སྣ་གཙོ་བོ་ཞིག་ཏུ་གྱུར་པ་དང་། དེ་འབྲེལ་དཔྱད་རྩོམ་༢༥༠ དང་དཔེ་དེབ་ ༡༣ ལྷག་རྩོམ་འབྲི་གནང་ཞིང་གཟེངས་རྟགས་དང་ཞིབ་འཇུག་བྱ་དགའ་མང་པོ་རེག་མྱོང་ཡོད། ཁོང་གིས་དེང་སྐབས་ཝེ་སི་རྨན་ཀླད་རིས་དང་བྱ་སྤྱོད་ཚོད་ལྟ་ཁང་ (Waisman Laboratory for Brain Imaging and Behavior) གི་འགན་འཛིན་ལས་འཁུར་གནང་བཞིན་ཡོད་ཁར་རྒྱལ་སྤྱིའི་སྟེང་དེང་གསར་འཕྲུལ་ཆས་བེད་སྤྱོད་ཀྱིས་ཀླད་པའི་བྱེད་ལས་ལ་ཞིབ་འཇུག་བྱེད་མཁན་སྐད་གྲགས་ཡོད་པ་ཞིག་ཡིན་པ་མ་ཟད། ཉེ་བའི་ལོ་ཤས་ནང་རང་ཉིད་ཀྱི་རྣམ་དཔྱོད་དང་ཆེ་བ་བཏོན་ཏེ་ཚན་རིག་གི་ལག་ཆ་ཕུལ་བྱུང་བརྒྱུད་ནས་བོད་ཀྱི་ནང་ཆོས་ཀྱི་ཉིང་བཅུད་ལ་བརྟག་དཔྱད་རབ་དང་རིམ་པ་བྱེད་བཞིན་ཡོད།

དེང་རབས་ཚན་རིག་པ་དང་ནང་ཆོས་ཀྱི་བར་འབྲེལ་མོལ་བྱེད་ཡུལ་གཙོ་བོ་ཞིག་ནི་སེམས་དང་ཚེ་སྲོག་ཞིབ་འཇུག་ཁང་(Mind and Life Institute) ཞེས་པ་དེ་ཡིན། ཞིབ་འཇུག་ཁང་འདི་ནི་༧ གོང་ས་ཏཱ་ལའི་བླ་མ་དང་རྒྱལ་སྤྱིའི་ཚན་རིག་པ་ཁག་ཅིག་གིས་དེང་རབས་ཚན་རིག་དང་ནང་ཆོས་བར་འབྲེལ་འཛུགས་ཞིབ་འཇུག་ལས་གཞི་སྤེལ་ཆེད་ཕྱི་ལོ་ ༡༩༨༠ ལོའི་ནང་དབུ་འཛུགས་བྱས་པ་ཞིག་ཡིན། ༧ གོང་ས་མཆོག་ནང་ཆོས་ལ་མཁྱེན་ཡོན་རྒྱས་ཤིང་དེང་རབས་ཚན་རིག་ལ་དགའ་མོས་ཆེ་བའི་ཉེར་ལེན་ལ་བརྟེན་ནས་ དུས་དང་རྣམ་པ་ཀུན་དུ་ཚན་རིག་དང་ནང་ཆོས་བར་གྱི་ཞིབ་འཇུག་བགྲོ་གླེང་གི་ལས་རིམ་འདིའི་དབུ་བཞུགས་གཙོ་སྐྱོང་མཁན་གནང་དང་གནང་མུས་ཡིན་ལ། སྨན་པ་ཌལ་ཝི་སོན་ཡང་ལོ་རེའི་བགྲོ་གླེང་ཚོགས་འདུ་འདིའི་ཚོགས་ཞུགས་པ་གཙོ་གྲས་ཤིག་ཡིན། ཐེངས་རྗེས་མའི་བགྲོ་གླེང་ཚོགས་འདུ་དེ་སེམས་ཁམས་དང་དབང་རྩ་རིག་པ། བློ་སྦྱོང་བཅས་ཀྱི་ནུས་སྟོབས་ཏེ་དམིགས་པ་དང་དྲན་པ།སེམས་ ཞེས་པའི་བརྗོད་གཞི་སྟེང་རྒྱ་གར་རྡ་རམ་ས་ལར་ཕྱི་ལོ་ ༢༠༠༩ ཟླ་༤ བའི་ནང་འཚོགས་འཆར་ཡོད་པ་རེད།

སྨན་པ་ཌལ་ཝི་སོན་གྱི་ཞིབ་འཇུག་ལས་དོན་གྱིས་ཚན་རིག་པས་མིའི་ཀླད་པར་ངོས་འཛིན་བྱེད་སྟངས་ལ་གཞི་རྩའི་འགྱུར་བ་ཐེབས་པར་བྱས་ཡོད། ཕྱི་ལོ་ ༢༠༠༣ ལ་ཁོང་དང་ཞིབ་འཇུག་ལས་རོགས་སྐོར་ཞིག་གིས་ཟླ་བ་གཉིས་རིང་གི་ནང་པའི་སྒོམ་སྒྲུབ་ཉམས་ལེན་ སྟེང་ནས་སྐྱོན་ལྷད་མེད་པའི་སེམས་ཚོར་དང་འབྲེལ་བའི་ཀླད་པའི་ (མགོ་ཡི་མདུན་ངོས་ཀླད་པའི་རྒྱ་དར་ལ་བསྒུལ་སྐུལ་བྱེད་པ) བྱེད་ལས་ལ་འགྱུར་བ་གཏོང་ཐུབ་པ་འགྲེལ་བརྗོད་བྱས་ཡོད། ཐོག་མར་ཉམས་མྱོང་ལྡན་པའི་སྒོམ་རྒྱག་མཁན་གྱི་ཀླད་པའི་རྒྱ་དར་གྱི་བྱེད་ལས་ཀྱི་རྣམ་པ་མི་འདྲ་བ་དང་ཁྱད་པར་ལ་ལྟ་ཞིབ་བྱས་ཏེ་སྒོམ་རྒྱག་མཁན་གསར་པ་ལ་བཟང་ཕྱོགས་ཀྱི་ཀླད་པའི་འགྱུར་བ་ཐེབས་སླ་བའི་སྐོར་ར་སྤྲོད་བྱེད་ཐུབ་བྱུང་བ་ནི་ཆེས་ཐོག་མའི་ཞིབ་འཇུག་གི་གྲུབ་འབྲས་ཤིག་ཡིན་པ་མ་ཟད། ཁོང་གི་ཚོད་ལྟ་ཁང་གིས་བོད་ ཀྱི་ནང་ཆོས་ཉམས་ལེན་པ་ཚོའི་ཀླད་པར་བདེ་སྐྱིད་ཀྱི་རྣམ་པ་ཆེན་པོ་ཡོད་པ་དང་ཁོང་ཚོ་ནི་ཚད་མཐོར་སླེབས་པའི་སྒོམ་ཉམས་ལེན་ བྱེད་མཁན་ཡིན་པ་ཤེས་རྟོགས་བྱུང་། འདི་ལྟ་བུའི་ཞིབ་འཇུག་རྣམ་གྲངས་མང་པོ་ཞིག་གིས་ཀླད་པ་ཡིས་སྦྱོང་བརྡར་བརྒྱུད་ནས་རང་ཉིད་ཀྱི་བྱེད་ལས་དང་ཆགས་ཚུལ་ལ་འགྱུར་བ་གཏོང་ཐུབ་ཀྱི་ཡོད་ལུགས་ར་སྤྲོད་བྱས་པ་དེས་ཀླད་པའི་མཉེན་ཆའི་ (plasticity) ཕྱོགས་ཀྱི་ཞིབ་འཇུག་ལས་དོན་ལ་ལེགས་སྐྱེས་ཆེན་པོ་ཞིག་བཞག་ཡོད། འདི་ལྟའི་ཞིབ་འཇུག་ལ་ ༧ གོང་ས་མཆོག་རང་ངོས་ནས་ ཐུགས་སྨོན་རྒྱབ་སྐྱོར་ཤུགས་ཆེན་གནང་བར་བརྟེན། མི་འགྱུར་རིན་པོ་ཆེ་དང་སྨ་ཐིའུ་ རི་ཀར་ཌི་(ཞིང་གཤེགས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་སློབ་མ ) ལྟ་བུའི་ཉམས་ལེན་པ་གང་མང་ཞིག་སྨན་པ་ཌལ་ཝི་སོན་གྱི་ཞིབ་འཇུག་ལས་རིམ་ནང་མཉམ་ཞུགས་གནང་གི་ ཡོད།

སྨན་པ་ཌལ་ཝི་སོན་གྱིས་བྱམས་སྙིང་རྗེ་དང་བཟོད་སྒོམ་བཅས་ཀྱི་ཚོར་ཤེས་དབང་རྩའི་རིག་པ་ལ་ཞིབ་འཇུག་གཏིང་ཟབ་བྱེད་པར་ དམིགས་ཏེ་ཕེ་ཊི་རྫར་ལྟེ་གནས་(Fetzer Institute) ཀྱིས་ཨ་སྒོར་ས་ཡ་གཉིས་དང་ཕྱེད་ཀའི་རོགས་དངུལ་འབུལ་གཏོང་བྱས་ཡོད། ཁོང་གི་ཞིབ་འཇུག་ལས་དོན་འདི་དག་གིས་དབང་རྩ་རིག་པ་ཡིས་དུས་རྒྱུན་གྱི་ནད་རིགས་དང་སེམས་ཁམས་ཀྱི་དངངས་སྐྲག སྐྱོ་སྡུག ཡིད་ཞུམ་བཅས་ལ་ཞིབ་འཇུག་བྱེད་པའི་རྒྱུན་སྲོལ་ལས་བརྒལ་ཏེ། ནད་གཞི་མེད་པ་ཙམ་གྱིས་བདེ་ཐང་ཡིན་ཟེར་བ་མི་འདོད་པར་ འཕྲོད་བསྟེན་ཐོག་ལྟ་ཚུལ་གསར་པ་ལུགས་དང་མཐུན་པ་ཞིག་འདོན་སྒྲུབ་བྱེད་ཀྱི་ཡོད། ཁོང་གི་ཞིབ་འཇུག་གྲུབ་འབྲས་ཁག་གིས་བོད་ཀྱི་ནང་ཆོས་ཉམས་ལེན་པ་ཚོས་དུས་རབས་མང་པོའི་རིང་ཉམས་ལེན་བྱས་ཤིང་མིའི་སེམས་ཁམས་ཀྱི་འཕྲོད་བསྟེན་ཡར་རྒྱས་གོང་ མཐོར་གཏོང་བར་དམིགས་པའི་བློ་སྦྱོང་སྒོམ་སྒྲུབ་ཀྱི་ལག་ལེན་ལ་ཚད་མཐོའི་གདེང་འཇོག་དང་དེ་དར་སྤེལ་གཏོང་བར་སྐུལ་འདེད་ བྱས་ཡོད། ཕེ་ཊི་རྫར་ལྟེ་གནས་གྱི་རོགས་དངུལ་ནི་སྨན་པ་ཌལ་ཝི་སོན་གྱི་དམིགས་ཡུལ་ཏེ་མལ་ཌི་སིན་གྲོང་ཁྱེར་དུ་ཡོད་པའི་ཝི་སི་ ཀོན་སིན་སློབ་གྲྭ་ཆེན་མོའི་ཝེ་སི་རྨན་ཞིབ་འཇུག་ལྟེ་གནས་ཁོངས་སུ་བདེ་སྟེར་སེམས་ཁམས་ཞིབ་འཇུག་ཁང་ (Center for Creating a Healthy Mind) ཞེས་པའི་སྣ་འཛོམས་ཞིབ་འཇུག་ལྟེ་གནས་ཤིག་འཛུགས་འཆར་ཡོད་པ་དེར་ལེགས་སྐྱེས་མཆོག་ཏུ་གྱུར་པ་ཞིག་ཡིན།

སྨན་པ་ཌལ་ཝི་སོན་གྱི་བྱས་རྗེས་ནུས་ཤུགས་དེ་ད་ལྟ་ཚན་རིག་དང་རིག་གནས་ཀྱི་ཁྱབ་ཁོངས་ཁོ་ན་མ་ཡིན་པར་ཨ་མེ་རི་ཀའི་སྤྱི་ཚོགས་ཡོངས་སུ་ཁྱབ་གདལ་དུ་འགྲོ་བཞིན་ཡོད་པ་དང་། ཨ་མེ་རི་ཀ་པ་རྒན་གཞོན་དར་གསུམ་ཚང་མས་སྒོམ་སྒྲུབ་དང་བོད་ཀྱི་ནང་ཆོས་ལ་དོ་སྣང་སྔར་ལས་ལྷག་པ་བྱེད་བཞིན་ཡོད་པ་ཡོངས་གྲགས་གསར་འགྱུར་བརྒྱུད་ལམ་ཁག་ནས་མཐོང་ཐུབ། ཁོང་ཉིད་ཊེམ་དུས་དེབ་ཀྱི་ཆེས་ནུས་ཤུགས་ཆེ་བའི་མི་སྣ་བརྒྱ་དང་མལ་ཌི་སིན་དུས་དེབ་ཀྱི་ཕྱི་ལོ་ ༢༠༠༧ ཡི་ཕུལ་བྱུང་མི་སྣ་ཞེས་པར་འདེམས་ཐོན་བྱུང་ཡོད། འདི་ལྟར་སྤྱི་ཚོགས་སྟེང་ཆེ་མཐོང་དང་ནུས་ཤུགས་ཡོད་པའི་ཁོང་གི་ཞིབ་འཇུག་ལས་དོན་གྱིས་བོད་ཀྱི་ནང་ཆོས་ཀྱི་ཉིང་བཅུད་དང་ དེང་རབས་ཚན་རིག་གཉིས་ཟུང་འབྲེལ་བྱས་པར་གྲུབ་འབྲས་ཆེན་པོ་ལྡན་པ་མཚོན་པར་བྱེད་ཅིང་། ཟུང་འབྲེལ་འདི་ལ་མ་འོངས་ པར་གྲུབ་འབྲས་ཇི་འདྲ་ཞིག་འབྱུང་བར་མི་རྣམས་ཀྱིས་རེ་སྒུག་བྱེད་བཞིན་ཡོད་པ་གདོན་མི་ཟ།

ལྷག་པར་དུ་ཉེ་བའི་ཟླ་ཤས་ནང་། སྨན་པ་ཌལ་ཝི་སོན་གྱི་ཞིབ་འཇུག་མི་སྣས་རྒྱ་གར་དུ་དགའ་ལྡན་ཁྲི་ཟུར་བློ་བཟང་ཉི་མ་མཆོག་ ཐུགས་དམ་ངང་དགོངས་པ་གཞན་དོན་དུ་གཤེགས་སྐབས་ཁོང་གི་སེམས་ཁམས་དང་ཀླད་པའི་འགྱུར་བ། ལུས་དྲོད་ཀྱི་གནས་སྟངས་བཅས་ལ་ཚན་རིག་གིས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་བོད་ཀྱི་ནང་ཆོས་ཀྱི་དགོངས་དོན་ཉམས་ལེན་ལ་དེང་རབས་ཚན་རིག་གིས་ དཔྱད་ཞིབ་མུ་མཐུད་བྱེད་བཞིན་ཡོད་དོ།

སྨན་པ་སུར་ཡ་དང་ཨེ་མི་ལེ། གཡང་འབུམ་རྒྱལ་གྱིས་བསྒྱུར།

གསོ་རིག

Post navigation

Previous Post: བོད་པ་རྣམས་བོད་པར་སྡང་དོན་ཅི།
Next Post: གསོ་རིག་གསར་འཕྲིན། ༢༠༠༨ དབྱར་ཁའི་འདོན་ཐེངས།

Comments (6) on “རི་ཆར་ཌི་ ཌལ་ཝི་སོན་གྱི་བོད་ཀྱི་ནང་ཆོས་དང་ཀླད་པའི་ཚན་རིག་བར་གྱི་ཞིབ་འཇུག”

  1. ཀླུ་སྨྱོན། says:
    2009-02-03 at 12:29 am

    ད་ཡང་སྒྱུར་རེས་བྱེད་ན་སྒྱུར་རེས་ཤིག་བྱེད། ཞེ་བསམ་པས་སྒྱུར་རེས་ཤིག་བྱེད།

  2. དགེ་འདུན་རབ་གསལ་ says:
    2009-02-03 at 1:55 pm

    སྨན་དང་འབྲེལ་བའི་ཐ་སྙད་མང་པོ་ང་ཚོས་ཤེས་ཀྱི་མི་འདུག ཁ་སང་༧གོང་ས་མཆོག་སྐུ་གཟུགས་བདེ་མིན་གྱིས་ལྡི་ལིར་ཕེབས་པའི་གནས་ཚུལ་ཐོན་པ་དང་། དེ་རིང་ཕ་ཡུལ་དྲ་རྒྱའི་ནང་གནས་ཚུལ་འདི་འདྲ་ཞིག་འདུག སྐུའི་བསྙུན་གཞི་དེ་རྩ་མདུད་ཐེབས་པ་ཞིག་རེད་དམ། pinched nerve ཞེས་བྲིས་འདུག་པ་དེ་ག་རེ་རེད།

    73 year old Tibetan leader His Holiness the Dalai Lama arrives at the Gagal airport from New Delhi where he underwent medical tests at Apollo Hospital yesterday. He was diagnosed to be suffering from a pinched nerve.

  3. བསྟན་འཛིན། says:
    2009-02-03 at 2:46 pm

    སྤྱིར་གུས་པ་སྨན་པའི་ཤེས་བྱ་མེད་སྟབས་ཐག་ཆོད་པོའི་ངང་ཞུ་མི་ཐུབ་རུང་། Pinch Nerve ཟེར་བ་འདི་རྩ་་འཐེན་པ་ལ་གོ་བ་མིན་འགྲོ་ྙམ། དཔེར་ན། དགོངས་མོ་ཉལ་སྟངས་མ་འགྲིག་པའི་སྐབས་ལ། མཇིང་རྩ་་
    འཐེན་ནས། མགོ་བོ་འགུལ་སྐྱོད་གཏོང་མི་ཐུབ་པ་ཡོང་གི་འདུག དེ་གཅིག་པ་རེད་དམ།

    གཉིས་པ། གཡང་འབུམ་ལགས་ཀྱིས། Anxiety ལ་སྐྱོ་སྡུག་ཅེས་སྒྱུར་འདུག་རུང་། སྤྱིར་ཚིག་འདི་ལ་དངང་སྐྲག བཞེད་སྣང་། འཇིགས་སྣང་སོགས་སྒྱུར་བཞིན་འདུག མ་ཟད། Anxiety ཅེས་པའི་འཚོར་སྣང་འགྲེལ་བཤད་རྒྱག་པའི་སྐབས་ལ། དངང་སྐྲག་དང་། བཞེད་སྣང་། དེ་བཞིན་བློ་སྡོད་གཟོད་མི་ཐུབ་པའི་འཚོར་བ་ཞིག་ཡོང་གི་འདུག ཡིན་ནའི་སྨན་གཞུང་ནང་ལ་Anxiety ཟེར་སྐབས། ནང་དོན་གཞན་པ་ཡོད་དམ། འདི་དྭོགས་འདྲི་ཞིག་ཡིན་པས། འཇགས་ལན་ཡོད་པ་ཞུ།

  4. སྟག་སྨྱོན། says:
    2009-02-03 at 7:20 pm

    Pinch nerve སྨན་ལུགས་སུ་སྙུང་གཞི་འདིའི་རྒྱུ་རྐྱེན་དབང་གིས་རིགས་མི་འདྲ་བ་ཁ་ཤས་ལ་ངོས་འཛིན་ཡོད་ཀྱང་། ༧སྐབས་འདི་ལ་རྩ་དཀར་གླང་ཐབས་མིན་འགྲོ་སྙམ་པ་བྱུང་། དེ་ནི་ཡན་ལག་འགུལ་བསྐྱོད་དང་བརྐྱང་བསྐུམ་ལ་བྱེད་ནུས་འདོན་པའི་ཤ་གནད་དང་རྩ་གནད་ལ་གློ་བུར་ཟུག་གཟེར་ལྡང་བ་དང་བརྐྱང་བསྐུམ་ལ་དཀའ་ངལ་སྤྲོད་སྲིད་པ་ཞིག་རེད་སྙམ། འདི་ནི་རྒྱུན་མཐོང་ཉེན་ཆུང་དང་ལྟར་སྣང་ཕྲ་ནད་ལྟ་བུ་ཡིན་ཡང་། རྒྱུ་གཞན་པའི་སྙུང་གཞིའི་ནད་རྟགས་ཡིན་མིན་སོགས་ཞིབ་གསལ་བརྟག་དཔྱད་བརྒྱུད་དགོས་པ་རེད། འདི་ལྟར་སྣང་ཕྲ་ནད་ཀྱི་ནད་གཞི་རྐྱང་བ་ཡིན་ན་ཚབས་ཆེན་ལ་བརྩི་མི་དགོས། རྒྱུ་གཞན་པའི་སྙུང་རྟགས་འདྲ་ཡིན་མིན་གསལ་བོ་བརྟག་དཔྱད་གནང་རྒྱུ་ཙ་ཅང་གལ་ཆེན་པོ་རེད། དགོངས་དག་འདི་ཚོའོ་སྐོར་ཚོད་དཔག་གི་སྐད་ཆ་མང་པོ་བཤད་རྒྱུའི་བློ་ཁོག་མི་འདུག་པས་དགོངས་དག།
    Anxiety རྔམ་དྲགས་ཆེན་པོ་ལ་གོ་ན་འགྲིག་པ་འདྲ། depression ནི་ཡིད་གདུང་ཞེས་བོད་སྨན་གྱི་གཞུང་ཚིག་དེ་ཐད་ཀར་བསྒྱུར་ན་མ་འོས་པ་མེད་པ་འདྲ། གོང་གི་འགྲེལ་བརྗོད་གཞན་པ་དེ་ཚོ་ཡང་མ་འགྲིག་པ་མེད་པ་མཐོང་།

  5. yangbum says:
    2009-02-03 at 9:08 pm

    ༡། དགེ་འདུན་རབ་གསལ་ལགས་ཀྱིས་སྐུའི་བསྙུན་གཞི་དེ་རྩ་མདུད་ཐེབས་པ་ཞིག་རེད་དམ། pinched nerve ཞེས་བྲིས་འདུག་པ་དེ་ག་རེ་རེད་ཅེས་པའི་དྲི་བ་དེར།
    pinched nerve་ཟེར་བ་དེ་སྤྱིར་ལུས་སྟེང་གི་རྩ་དཀར་ཆེ་ཕྲ་ཚང་མར་གཡས་གཡོན་གྱི་རུས་པ་དང་ཁྲོམ་རུས།
    ཤ་སྒྲིམ། ཆུ་རྒྱུས་བཅས་ཀྱིས་གནོན་བཙིར་འཁེལ་ཏེ་རྩ་དཀར་རང་གི་བྱེད་ལས་ལ་ཤུགས་རྐྱེན་ཐེབས་ནས་ན་ཟུག་གཏོང་བ་དང་ཚ་འཁྱུག་རྒྱག་པ། སྦྲིད་པའམ་ཚོར་བ་ཉམསཔ། ཐ་ན་བརྐྱང་བསྐུམ་བྱ་བ་ཉམས་པ་ཡང་ཡོང་གི་ཡོད།ནད་འདིའི་འབྱུང་རྐྱེན་གཙོ་བོ་བརྡབ་སྐྱོན་དང་ཉལ་སྟངས་སྡོད་སྟངས་མ་འགྲིག་པས་གནོན་བཙིར་འཁེལ་བ། དྲག་ཤུལ་ལམ་ལུས་རྩོལ་མང་དྲགས་པའམ་སེམས་ལས་ཆེ་དྲགས་པས་སློང་གི་ཡོད། བོད་སྨན་གཞུང་གི་རླུང་ནད་བི་ཤ་ཙེ་དང་འདྲ་བོ་ཡོད། རྩ་དཀར་ལ་གནོན་བཙིར་ཐེབས་ཡུན་ཐུང་ཁར་ན་ཡུན་ཡང་ཐུང་ན་སྐྱོན་ཆེར་མེད་ལ་ངལ་གསོ་ཡག་པོ་ཞིག་བྱུང་བས་རྩ་དཀར་ཀྱི་བྱེད་ལས་སླར་ཡང་གསོ་ཐུབ། འོན་ཀྱང་གནོན་བཙིར་ཐེབས་ཡུན་རིང་ན་ཡུན་ཡང་རིང་ན་དེ་བལྟོས་ཀྱི་སྨན་བཅོས་སྤེལ་དགོས། ༧ གོང་ས་མཆོག་སྨན་ཁང་དུ་བཞུགས་མ་དགོས་པར་རྡ་སར་ཕེབས་གྲུབ་པས་གནད་སྐྱོན་ཆེ་མེད།

    ༢། བསྟན་འཛིན་ལགས་ཀྱིས་ Anxiety ལ་སྐྱོ་སྡུག་ཅེས་སྒྱུར་འདུག་གསུངས་པར།
    Anxiety ནི་སེམས་ཚོར་དང་འབྲེལ་བའི་སེམས་ཁམས་ཀྱི་འགྱུར་ལྡོག་ཅིག་ཡིན་ལ། དེ་ཡང་དང་པོ་སེམས་
    ཁྲལ་(worry) བྱེད་དྲགས་པ་ལ་བརྟེན་ནས་སེམས་འཚུབ་(tension) འབྱུང་། དེ་ནས་སེམས་འཚུབ་
    ཆེ་དྲགས་པས་རིམ་བཞིན་ཡིད་སྐྱོ་བས་གདུང་སྟེ་སྐྱོ་སྡུག་(anxiety) འབྱུང་གི་ཡོད། དངངས་སྐྲག་དང་ཞེད་
    སྣང་ནི་fear ལ་གོ་དགོས་སྙམ། དེ་ནི་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་ཞིག་གིས་ནང་སེམས་ལ་བདེ་འཇགས་མིན་པའི་ཚོར་བ་སྤྲད་པ་ཞིག་ཡིན། དངངས་སྐྲག་དེ་ཇེ་སྡུག་ཏུ་སོང་ན་ Anxiety ནད་གཞི་སློང་གི་ཡོད།

  6. མགོན་པོ་ཕྱག་གཉིས་པ། says:
    2009-02-03 at 10:07 pm

    anxiety ཟེར་ན་སེམས་ཚེགས་ཡིན་པ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme