Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རབ་ཏུ་བྱུང་བའི་བར་ཆད།

Posted on 2008-11-06 By ཡེ་ཤེས་ 5 Comments on རབ་ཏུ་བྱུང་བའི་བར་ཆད།

སྟོན་པས་རབ་ཏུ་བྱུང་བའི་བར་ཆད་དུ་གྱུར་པ་སྐོར་ཞིག་གསུངས་པའི་ནང་ཚན་སྐྲ་སེར་སྐྱ་ཡིན་པ་ཞེས་པ་ཞིག་གསུངས་པའི་དོན་ཅི། སྐྲ་སེར་སྐྱ་ཅན་རབ་ཏུ་བྱུང་མི་རུང་ན་དེང་སང་གི་ཕྱི་གླིང་གི་གྲྭ་པ་དང་བཙུན་མ་འདི་དག་ཅི་ཞིག་ཡིན།

གསར་འགྱུར།

Post navigation

Previous Post: རྨི་ལམ་མངོན་དུ་འགྱུར་ངེས།
Next Post: བཀའ་ཤག་གི་ཚོགས་འདུ།

Comments (5) on “རབ་ཏུ་བྱུང་བའི་བར་ཆད།”

  1. གླེན་པ་ལུག says:
    2008-11-06 at 4:28 am

    སྟོན་པས་རབ་ཏུ་བྱུང་བ་ལ་ཆ་རྐྱེན་སྐོར་ཞིག་གསུངས་པའི་ནང་དུ་སྐྲ་སེར་པོ་ཅན་རབ་ཏུ་བྱུང་མི་རུང་བར་གསུངས་པ་ནི་སྐབས་དེའི་རྒྱ་གར་མུ་སྟེགས་པའི་ཆོས་ལུགས་དང་དེའི་རྒྱབ་ཕྱོགས་ཀྱི་སྲིད་དོན་ཕྱོགས་ཁག་ལ་བསྟུན་པ་ཞིག་ཡིན། སྐབས་དེའི་བྲམ་ཟེའི་རིགས་རྒྱུད་ནི་སྐྲ་སེར་པོ་མིག་ལྗང་ཁུ་ཡིན། དེ་ནི་བྲམ་ཟེའི་རིགས་མ་ཉམས་པའི་མཚོན་རྟགས་སུ་བརྩི་བཞིན་ཡོད། འོན་ཀྱང་རིམ་གྱི་བྲམ་ཟེ་རུ་འབོད་པའི་ཡོ་རོབ་ཀྱི་མི་རྒྱུད་དེ་རྒྱ་གར་གདོད་མའི་མི་རྒྱུད་དང་འདྲེས་ནས་ད་ལྟ་དབྱེ་མཚམས་གཏན་ནས་མི་ཤེས་པར་གྱུར་ཡོད། སྐབས་དེའི་བྲམ་ཟེའི་མཐོ་རིམ་དབང་འཛིན་པ་ཕལ་མོ་ཆེས་དགེ་སྦྱོང་གོའུ་ཏམ་གྱིས་གསར་བཏོད་ཆོས་ལུགས་དེ་ལ་གཏན་ནས་དགའ་བཞིན་མེད་པ་མ་ཟད། ཁོ་ཚོའི་རྗེས་སྐྱོང་བ་ཚོ་ཡང་ཆོས་ལུགས་དེར་ཞུགས་པར་དགག་བྱ་ཆེན་པོ་བྱེད་ཀྱི་ཡོད། སྟོན་པ་བཅོམ་ལྡན་འདས་ཀྱིས་རང་དང་རང་གི་རྗེས་སྐྱོང་བ་ཚོའི་བདེ་འཇགས་དང་། རླབས་ཆེ་བའི་དགོངས་དོན་ཟབ་མོ་དེའི་མ་འོངས་པར་ཐུགས་དགོངས་གཏད་ནས་སྐྲ་སེར་པོ་ཅན་རབ་ཏུ་བྱུང་བར་དགག་བྱ་བྱས་ཡོད། ད་ལྟའི་ཕྱི་གླིང་མགོ་སེར་ཚོ་ལ་གནས་དུས་གང་གི་དབང་དུ་བྱས་ཀྱང་དེ་འདྲ་དགག་བྱ་བེད་མི་རུང་། ཨ་ལགས་ཁྱེད་སར་སྡོམ་ཞུ་མཁན་སུ་ཞིག་སླེབས་ན་གནང་རྐྱང་གྱིས་དང་གནད་འགག་གཏན་ནས་མེད། དེའི་ཕྱོགས་གནས་གླེན་པ་ལུག་གིས་འགན་ཁུར་ཐུབ།

  2. ཀླུ་སྨྱོན། says:
    2008-11-06 at 1:15 pm

    ཨོ་ན་དེང་སང་ཡང་ཡེ་ཤུའི་ལྟ་བ་མཁྲེགས་འཛིན་ཅན་ཧ་ཅང་མང་པོ་ཞིག་གིས་ནང་བསྟན་ནུབ་ཕྱོགས་སུ་དར་བར་ཧ་ཅང་མ་རངས་པ་བྱེད་ཀྱི་ཡོད་ལ། ལྷག་པར་ཨ་རིའི་ནང་གི་ལྟ་བ་མཁྲེགས་འཛིན་པ་སྐོར་ཞིག་གོང་ས་མཆོག་གི་ཡུལ་འདིའི་ནང་དུ་ཉི་མའི་འོད་ལྟར་ཁྱབ་བཞིན་པའི་མཛད་འཕྲིན་ལ་ཕྲག་དོག་གིས་སྐུར་འདེབས་བྱེད་བཞིན་ཡོད། ལོ་ཤས་གོང་ཡེ་ཤུ་བའི་མཐོ་རིམ་མི་སྣ་ཞིག་གིས་ཨ་རི་ནི་ཡེ་ཤུའི་ལུང་པ་ཞིག་ཡིན་པས་ཏྰ་ལའི་བླ་མ་འདི་རུ་ག་རེ་བྱེད་དུ་ཡོང་བ་རེད་ཟེར་བ་འདྲ་བོ་མི་འདོད་པའི་རྣམ་འགྱུར་བསྟན་སོང་ལ། གོང་ས་མཆོག་གིས་ཀྱང་གནད་འགག་འདི་གཟིགས་ནས་རྟག་པར་ནུབ་ཕྱོགས་པ་ཚོའི་ཕ་མེས་ཀྱི་ཆོས་ལུགས་དེ་ཡེ་ཤུའི་རིང་ལུགས་ཡིན་པས་རིང་ལུགས་དེ་རང་བསྐྱངས་ན་དགའ་གི་རེད། རང་རང་གི་ཕ་མེས་ནས་བརྒྱུད་པའི་ཆོས་ལུགས་བརྗེ་བོ་བརྒྱབ་ན་དཀའ་ངལ་དང་འཕྲད་ཀྱི་རེད་ཅེས་བཀའ་གནང་གིན་འདུག་པས། སྐྲ་སེར་སྐྱ་ཅན་རབ་ཏུ་བྱུང་མི་རུང་བའི་ཁྲིམས་དེ་ཡུལ་འདིར་ལྷག་པར་རྩི་སྲུང་བྱེད་དགོས་པ་འདྲ་བོ་ཞིག་འདུག ཡིན་ན་ཡང་། ཨ་རི་བ་འདི་ཚོ་ཨ་གསར་ལ་དགའ་བ་ཡིན་པས། ནང་པ་ལ་ཞུགས་ནས་ངའི་མི་ཚེར་འགྱུར་བ་ཐེབས་སོང་ཟེར་མཁན་མང་པོ་ཞིག་འདུག དགོད་བྲོ་བ་ཞིག་ལ་ཁོ་རི་ཡ་འདི་ཚོ་རང་རང་གི་ལུང་པ་ནས་ནང་པའི་རྗེས་འཇུག་ཡིན་ན་ཡང་ཨ་རིར་བསླེབས་མ་ཐག་ཡེ་ཤུ་ལ་འགྱུར་འགྲོ་གིན་འདུག་པས། འདི་ཚོས་ནང་པའི་ཞན་ཆ་དང་ཡེ་ཤུའི་བཟང་ཆ་ཅི་ཞིག་མཐོང་བ་ཡིན་ནམ། གང་ལྟར་ངས་ནི་འདི་གར་སྐྱབས་འགྲོའི་སྡོམ་པ་རེ་དགོས་ཟེར་མཁན་སུ་ཡིན་ལ་སྤྲོད་བཞིན་ཡོད། མཐའ་འཁོབ་ཀྱི་ཡུལ་དུ་མི་ཞིག་གི་རྣ་ལམ་དུ་སངས་རྒྱས་ཀྱི་མཚན་ལན་གཅིག་བསྒྲགས་ན་ཡང་དེ་ཡི་རྒྱུད་ལ་ཐར་པའི་ས་བོན་ཞིག་ཐེབས་རྒྱུ་རེད་རྟག་པར་དྲན་བཞིན་ཡོད། རབ་བྱུང་གི་སྡོམ་པ་དེ་མི་ང་འདྲ་བ་ཞིག་གིས་སྤྲོད་ཐུབ་པ་ཞིག་མ་རེད་ལ་ནུབ་ཕྱོགས་པ་འདི་ཚོ་ལས་ཀ་དང་ཕྱོགས་གང་ཅིའི་ཐད་ནས་རབ་ཏུ་འབྱུང་ཐུབ་ཀྱི་མི་འདུག་ལ། རབ་ཏུ་བྱུང་ན་ཡང་ཅང་མ་འགོར་རབ་ཏུ་འཛུལ་ཡོང་གི་འདུག

  3. ÇtôzÅ-q- says:
    2008-11-07 at 11:52 pm

    ྐླུ་སྨྱོན་ལགས། འདིའི་སྐོར་ཞིག་ཨ་མདོ་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་དུ་དོགས་གཅོད་ཡག་པོ་ཞིག་བྱས་འདུག་ག དེ་ཕལ་ཆེར་ཁྱེད་ཀྱིས་གཟིགས་ཡོད་རྒྱུ་རེད། ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་སྐྲ་སེར་ཅན་གྱི་ཨ་རུ་སུ་པ་ཞིག་རབ་ཏུ་དབྱུངས་ཡང་འགལ་བ་མེད་པར་མངོན་ནོ་ཞེས་གསུངས་འདུག མངའ་རིས་པཎ་ཆེན་གྱི་སྡོམ་གསུམ་དུ། སྐྲ་སེར་ཅན་སོགས་མཛེས་པའི་བར་ཆད་མེད། །ཅེས་མཛེས་པའི་བར་ཆད་དུ་འགྱུར་བ་ཞིག་མིན་དགོས་ཚུལ་ལས་སྐྲ་སེར་ཅན་ཡིན་པ་ཙམ་གྱིས་བར་ཆད་དུ་འགྱུར་བས་ཁྱབ་མེད་པ་འདྲ།
    སྤྱིར་བཏང་དེ་ལྟར་དོགས་སློང་བྱས་ན་རྒྱལ་པོས་མ་གནང་བ་ཡང་བར་ཆད་བཞིའི་གྲས་ཀྱི་གཅིག་ཡིན་པས་རྒྱ་ནག་གཞུང་གིས་ལོ་བཅོ་བརྒྱད་ལ་མ་སོན་པ་རྣམས་གྲྭ་བ་བྱེད་མི་ཆོག་པར་ཁྲིམས་བཅས་ཡོད་སྟབས་བོད་ཀྱི་གྲྭ་བ་ཕལ་མོ་ཆེ་ལོ་ཅོ་བརྒྱད་ཀྱི་སྔོན་ནས་རབ་བྱུང་བྱེད་ཀྱི་ཡོད་པས་དེ་ཚོ་ཡང་སྡོམ་པ་སྐྱེ་བའི་བར་ཆད་ཅན་དུ་གྱུར་ཡོད་པ་འདྲ།
    འདུལ་བ་འདི་དཀའ་མོ་རེད། དཔྱད་ཀྱིན་དཔྱད་ཀྱིན་སྡོམ་པ་ཡོད་མཁན་གཅིག་ཀྱང་མེད་པ་འདྲ་བའི་ཚོར་སྣང་ཞིག་ཡོང་གིན་འདུག ཨོྃ་བ་ཛྲ་ས་ཏྭ་ཧཱུྃ།

  4. ÇtôzÅ-q- says:
    2008-11-07 at 11:58 pm

    གླེན་པ་ལུག་ལ་ཉན་རྒྱུ་མི་འདུག སྟོན་པའི་སློབ་མའི་ཐུ་བོ་ཤཱ་རིའི་བུ་མོའུ་འགལ་གྱི་བུ། དེ་བཞིན་འོད་སྲུང་ཆེན་པོ་སོགས་ཀྱང་བྲམ་ཟེའི་རིགས་ཡིན་པས་བྲམ་ཟེ་དགག་ཆེད་ཡིན་ཟེར་བ་མི་བདེན། ཡིན་ན་ཡང་གླེན་པ་ལུག་གིས་ཨ་མདོ་དགེ་འདུན་ཆོས་འཕེལ་གྱི་དོགས་གཅོད་དེ་མཐོང་མྱོང་བ་འདྲ། ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་སྐྲ་སེར་ཅན་ཡིན་པ་ཙམ་གྱིས་བར་ཆད་དུ་མི་འགྱུར་བའི་སྒྲུབ་བྱེད་དུ་བྲམ་ཟེའི་རིགས་ངོ་མའི་སྐྲ་སེར་པོ་ཡིན་སྟབས་སྐྲ་སེར་ཅན་ཡིན་ཚད་སྡོམ་པ་སྐྱེ་བའི་བར་ཆད་དུ་མི་འགྱུར་ཚུལ་གསུངས་འདུག གླེན་པ་ལུག་གིས་དོགས་གཅོད་དེ་མཐོང་བ་ཙམ་ལས་དོན་ལེགས་པོ་ཞིག་གོ་མེད་པའམ་བརྗེད་ཟིན་པ་འདྲ།

  5. ཀླུ་སྨྱོན། says:
    2008-11-08 at 1:20 am

    དགེ་ཆོས་ཀྱི་དེ་ངས་ལོ་མང་སྔོན་ནས་མཐོང་ཟིན། ཡིན་ན་ཡང་དེས་འདོད་པ་ཅུང་མ་ཚིམས་ནས་དོགས་སློང་བྱས་པ་ལགས། དེ་དུས་ཀྱི་བྲམ་ཟེ་ཚང་མ་སྐྲ་སེར་མིག་སྔོ་ཡིན་པའི་སྒྲུབ་བྱེད་ཅིག་ཨེ་ཡོད་ན། བྲམ་ཟེ་ཚང་མ་ལུང་པ་གཅིག་གི་མི་ག་ལ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme