Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་སྲེག་འགོག་རོགས།

Posted on 2016-03-032016-03-04 By རྣམ་རྒྱལ 16 Comments on རང་སྲེག་འགོག་རོགས།

༧རྒྱལ་བ་རིན་པོ་ཆེ།  བླ་ཆེན་རྣམ་པ། སྲིད་སྐྱོང་གི་འོས་མི་རྣམ་གཉིས་བཅས་ནས་རང་སྲེག་འགོག་པའི་གསུང་རེ་འབྱོན་རོགས།

ཉེ་ཆར་རང་ལོ་བཅུ་དྲུག་ཅན་གྱི་སློབ་མ་རྡོ་རྗེ་ཚེ་རིང་ནས་རྒྱ་གར་རྡེ་ར་རྡུན་དུ་རང་སྲེག་ནི་”བོད་ཀྱི་རྩ་དོན་ཆེད་ལས་ཀ་ཞིག་བྱ་རྒྱུ་ཡིན་” པར་ངོས་འཛིན་གྱིས་རང་སྲེག་བྱས་ཏེ་ད་ལྟ་སྨན་ཁང་ན་ཡོད་པ་རེད། ཉིན་དེ་ག་རང་དུ་བོད་ཤར་ཕྱོགས་དཀར་མཛེས་ཁུལ་ཉག་རོང་རྫོང་ཁོངས་སུ་དགེ་འདུན་པ་རང་ལོ་༡༨ ཡིན་པ་སྐལ་བཟང་དབང་འདུས་ཞེས་པའི་གྲྭ་པ་ཞིགས་ཀྱང་རང་སྲེག་བྱས་ཡོད།  རང་སྲེག་གི་ལྷག་བསམ་གཙང་ན་ཡང་རང་སྲེག་གིས་བོད་ཀྱི་རྩ་དོན་ལ་ཕན་གྱི་མེད་པ་དེ་ད་ཆ་བོད་ཕྱི་ནང་གཉིས་ཀའི་བོད་པ་རྣམས་ཀྱིས་ངོས་ཟིན་ཡོད་པ་དང་།  ལས་འགུལ་འདི་མཚམས་འཇོག་དགོས་པའི་འབོད་སྐུལ་ཡང་དྲ་རྒྱ་སོགས་ནས་མང་པོ་ཐོན་ཡོད།  

སྐྱབས་བཅོལ་སྤྱི་ཚོགས་སུ་རང་སྲེག་པ་རྣམས་ཀྱི་ལྷག་བསམ་ལ་བརྩི་འཇོག་དང་།  དེ་དག་གི་ཕ་མ་གཉེན་ཉེ་རྣམས་དང་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ་རང་སྲེག་པ་རྣམས་དཔའ་བོར་བརྩིས་ནས་བསྔོ་སྨོན་རེ་བྱས་པ་ནི་རྒྱུ་མཚན་དང་ལྡན་པ་ཞིག་རེད།  ཡིན་ན་ཡང་དེ་ལ་བརྟེན་ནས་བསམ་བློ་རང་ཚུགས་མ་ཟིན་པའི་གཞོན་སྐྱེས་རྣམས་ལ་རང་སྲེག་བྱེད་པ་ནི་ “བོད་ཀྱི་རྩ་དོན་ཆེད་ལས་ཀ་ཞིག”ཡིན་པའི་འཁྲུལ་སྣང་དེ་སྐྱེས་སུ་འཇུག་མི་རུང་།  མི་གྲངས་བརྒྱ་དང་ལྔ་བཅུ་ཙམ་གྱིས་་རང་སྲེག་བྱས་རྗེས་དེས་བོད་ཀྱི་རྩ་དོན་ལ་ཕན་གྱི་མེད་པ་ནི་ང་ཚོས་མཐོང་དཀའ་བ་ཞིག་མ་རེད།

ད་༧རྒྱལ་བ་རིན་པོ་ཆེ་དང་། བླ་ཆེན་རྣམ་པ་དང་། སྲིད་སྐྱོང་གི་འོས་མི་རྣམ་གཉིས་བཅས་ནས་རང་སྲེག་འགོག་པའི་གསུང་རེ་འབྱོན་རོགས།

 

བསམ་ཚུལ།

Post navigation

Previous Post: ཨོ་སི་ཁྲོ་ལེ་ཡའི་གྲོས་ཚོགས་གོང་འོག་ནང་བོད་དོན་ཞུ་གཏུགས་སྤེལ་བ།
Next Post: མེ་ལྕེ་རེ་རེ། ཚེ་སྲོག་རེ་རེ།

Comments (16) on “རང་སྲེག་འགོག་རོགས།”

  1. རེ་བ་ says:
    2016-03-03 at 8:36 pm

    རྒྱབ་སྐྱོར་ཆ་ཚང་ཡོད་། རྒྱུན་རིང་ནས་གསོལ་འདེབས་ཞུ་བཞིན་ཡོད་།
    བློ་སེང་གིས་ལྐོག་ཏུ་བླ་ཆེན་ཚོས་འགན་འཁུར་གནང་གི་མེད་ཚུལ་ཤོད་ཀྱི་ཡོད་། མཚམས་འཇོག་དགོས་པའི་བཀའ་གནང་རོགས་།ཐུགས་རྗེ་གཟིགས་།

  2. ༄།།སྟར་བུ་དམར་བོ། says:
    2016-03-03 at 10:35 pm

    རང་བསྲེག་འགོག་དགོས་ན། ཁྱེད་ཀྱིས་རྒྱ་ནག་ལ་ཤོད། རྒྱ་ནག་གི་སྲིད་ཇུས་འཛིན་བཏང་ལ་སྐྱོན་བརྗོད་ཀྱིས། ཁ་ལ་རོ་ལ་འཁོར་ནས་ཆོ་ངེ་མི་འདེབས་པར་གྱང་ལ་འཁོར་ནས་འདེབས་དོན་ཅི། རང་བསྲེག་གཏོང་མི་ཀུན་གྱིས་གཅིག་མཐུན་དུ་རྒྱ་ནག་གིས་གཉའ་གནོན་འཁུར་མ་ནུས་ཤིང་མ་འདོད་པར། རིག་ན་བལྟ་མི་བཟོད་ཅིང་གོ་ན་སྙིང་འདར་བའི་བློས་གཏོང་ཆེན་པོས་ཚད་མཐོ་བའི་ཞི་རྒོལ་གནང་བ་རེད། ཁྱེད་ཀྱིས་ད་དུང་། རང་བསྲེག་པ་ཚོར་བསམ་བློའི་རང་ཚུགས་མ་ཟིན་པ་ཞེས་མོལ་བ་དེ། ཧ་ཅང་ཐལ་ཆེས་པའི་སྐད་ཆ་རེད་དཱ། རིགས་ཀྱི་འདུ་ཤེས་བདོག་ཅིང་བོད་དྲི་བྲོ་བ་ཞིག་གི་སྐད་ཆ་རེད་དམ། ད་དུང་རྒྱ་ནག་གིས་བཤད་པ་ཇི་བཞིན་རང་བསྲེག་དེ་༧ གོང་ས་མཆོག་གཙོས་པའི་བཙན་བྱོལ་བའི་མགོར་གཡུག་གི་ཡིན་ནམ། ཁྱེད་ཀྱིས་རྒྱ་ཕྱོགས་ནས་བཤད་ཀྱིན་ཡོད་དམ། བོད་ཕྱོགས་ནས་བཤད་ཀྱིན་ཡོད། ཡང་ན། ཁྱེད་རང་ཧ་ཅང་དོགས་པ་ཟ་དགོས་པའི་མི་ཞིག་རེད། ཡང་མིན་ན། ཁྱེད་ཆབ་སྲིད་དང་བསམ་བློའི་གོ་རྟོགས་ཡེ་ནས་མེད་པ་ཞིག་རེད་འདོད། རྗེས་མ་སྐད་ཆ་དེ་འདྲ་མ་བཤད་རོགས། རླབས་ཆེ་བའི་དཔའ་རྒོད་ཚོ་དང་རང་རིགས་ཀྱི་ཆེད་དུ་སྐུ་སྲོག་བཏང་བ་ཚོར་དམའ་མ་འབེབས་རོགས། ཁྱད་གསོད་མ་གནང་རོགས། སེམས་ཤུགས་ཀྱིས་སྐད་ཆ་ཡིན་རུང་བཤད་བཏང་ལ་གཟབ་གཟབ་ཀྱིས།

  3. བསྟན་འཛིན་ནོར་བུ། says:
    2016-03-03 at 11:46 pm

    ཉིན་གཅིག་ལ་ངའི་བརྩེ་བའི་གཅུང་པོ་གཉིས་རང་ཡུལ་རང་དབང་གི་ཆེད་དུ་ཕེབས་སོང་། མེ་ལྷའི་ཞལ་དུ་ཕེབས་སོང་། ངའི་སེམས་ལ་སྡུག་གི་མཆི་མ་བཞག་ནས་ཕེབས་སོང་། འོན་ཀྱང་། ཁྱེད་གཉིས་ཕེབས་པ་ནི་གཞིས་བྱེས་མཉམ་འཛོམས་ཀྱི་དགའ་བདེའི་དཔལ་དུ་རོལ་ཆེད་དང་། བོད་ཀྱི་ཐུན་མིན་ནང་ཆོས་ཀྱི་སྲོལ་ཉམས་ལྡན་པའི་རིག་གཞུང་བསྐྱར་དར་ཡོང་ཆེད། མདོར་ན། རང་ཁྱིམ་རང་བདག་དང་། རང་མི་རང་ལས། ཀྱི་ཁྲིམས་ཡིག་ཕྱག་བསྟར་ཡོང་ཆེད་རེད། ངོ་མ་བློ་ཕམ་དགོས་པའི་གནད་དོན་གཅིག་ནི། ཁྱེད་གཉིས་ཕེབས་རྗེས་སུ་སྲིད་སྐྱོང་བློ་སེང་སྲིད་སྟེགས་རྩོད་རྒྱུར་རྔམས་ནས་ལྷོ་ཕྱོགས་སུ་ (གསུངས་དང་ལན་མོ།) ཞེས་པའི་གླུ་དབྱངས་འུར་འདོན་བྱེད་བཞིན་པ་དེ་རེད། སྲིད་སྐྱོང་ལགས། གཅུང་པོ་ལགས། ཐུགས་མ་སྐྱོ། རྒྱལ་ཁབ་ནི་མི་མང་ལ་དབང་བས། བོད་མི་མང་ཁྱེད་དང་མཉམ་དུ་ཡོད།

  4. ཀརྡོ་གཉེར་ཕྱག་པ་ says:
    2016-03-03 at 11:53 pm

    ་་་་་་་་་་་་་་་ ད་༧རྒྱལ་བ་རིན་པོ་ཆེ་དང་། བླ་ཆེན་རྣམ་པ་དང་། སྲིད་སྐྱོང་གི་འོས་མི་རྣམ་གཉིས་བཅས་ནས་རང་སྲེག་འགོག་པའི་གསུང་རེ་འབྱོན་རོགས། ་་་་་་་་་་་་་་

  5. ཀརྡོ་གཉེར་ཕྱག་པ་ says:
    2016-03-03 at 11:54 pm

    ཞི་བའི་སྒོ་ནས་ངོ་རྒོལ་གྱིས། དྲག་པོའི་སྒོ་ནས་རང་བསྲེག་ཀྱང་མ་གཏོང་། ཐུགས་རྗེས་གཟིགས།། །།

  6. ཀརྡོ་གཉེར་ཕྱག་པ་ says:
    2016-03-04 at 12:04 am

    རྡོ་རྗེ་ཚེ་རིང་ལགས་སྐུ་གྲོངས།
    http://tibettimes.net/%E0%BD%A2%E0%BE%A1%E0%BD%BC%E0%BC%8B%E0%BD%A2%E0%BE%97%E0%BD%BA%E0%BC%8B%E0%BD%9A%E0%BD%BA%E0%BC%8B%E0%BD%A2%E0%BD%B2%E0%BD%84%E0%BC%8B%E0%BD%A3%E0%BD%8A%E0%BC%8B%E0%BD%A6%E0%BE%90%E0%BD%B4%E0%BC%8B/

  7. ཀརྡོ་གཉེར་ཕྱག་པ་ says:
    2016-03-04 at 12:06 am

    རྡོར་ཚེ་ལགས། འདས་པར། མྱ་ངན་གུས་དུད་དང་། དལ་འབྱོར་རྟེན་བཟང་མྱུར་དུ་ཐོབ་པའི་སྨོན་འདུན་ཞུའོ།། །།

  8. ཚེ་རིང་ says:
    2016-03-04 at 1:21 am

    རྒན་ལགས་ཁྱེད་ལ་ཁག་གང་ཡང་མིན་འདུག་་་་་་་ཡིན་ནའང་ད་བར་བོད་ཕྱི་ནང་གཉིས་སུ་བོད་མི་ཁྱོན་་151ཙམ་ནས་རྒྱ་དམར་གྱིས་བཙན་གནོན་ལ་མ་བཟོད་པར་གཙོ་བོ་༸གོང་ས་མཆོག་བོད་ནང་ཕྱིར་ཕེབས་རྒྱུ་དང་བོད་རྒྱལ་ཁབ་དང་མི་རིགས་ཆེད་དུ་རང་ངོས་ནས་སེམས་ཐག་གཙང་བཅད་གནང་བ་ཡིན་པ་ལས་དེའི་རྒྱབ་ཏུ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱུལ་སྐུལ་བྱས་ནས་བྱུང་བ་ཞིག་མིན་པས་ད་ཆ་གང་ཟག་གཉིས་པ་ཞིག་གིས་གང་འདྲ་བྱས་ནས་འགོག་དགོས་པ་རེད།

  9. ཇུང་ཏོག་ says:
    2016-03-04 at 1:34 am

    ལུས་ཅན་རྣམས་ཀྱི་ལས་རྣམས་ནི་།
    སྐལ་བ་བརྒྱར་ཡང་ཆུད་མི་བཟའ་།
    ཚོགས་ཤིང་དུས་ལ་བབས་པ་ན་།
    འབྲས་བུ་སྨིན་པ་ཉིད་དུ་རྒྱུར་།
    ཨོམ་མ་ཎི་པད་མེ་ཧུང་།
    འོད་དཔག་མེད་པའི་ཞལ་མཐོང་མཇལ་བ་ཤོག་།

  10. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-03-04 at 3:04 am

    མཆན་དགུ་པ་དེར། ཚེག་དང་ཤད་འབྲི་སྟངས་ལ་གང་འདོད་ཨེ་ཡིན་ནམ།

  11. སྐལ་བཟང་རྒྱལ་མཚོ།། says:
    2016-03-04 at 5:21 am

    (༸རྒྱལ་དབང་ཀརྨ་པ་མཆོག་གི་ངོ་དེབ་ལས་བཤུས།)གཟའ་འཁོར་འདིའི་ནང་བོད་ཕྱི་ནང་གཉིས་ཀར་ལོ་ཆུང་བྱིས་པ་རེ་རང་སྲེག་བཏང་འདུག །སེམས་ལ་ན་ཟུག་ཆེས་ཆེར་སློང་བའི་གནས་ཚུལ་འདི་དག་རྣ་བར་ཐོས་དུས། བཟོད་ཐབས་བྲལ་ཏེ་སླར་ཡང་གཞིས་བྱེས་བོད་མི་སྤུན་ཟླ་ཡོངས་ལ་འབོད་སྐུལ་ཞིག་ཞུ་འདོད་བྱུང་། ༢༠༠༩ ལོ་ནས་ད་བར་བོད་ཕྱི་ནང་དུ་བོད་མི་བརྒྱ་ཕྲག་དང་ཕྱེད་ལ་ཉེ་བས་གཅེས་པའི་རང་ལུས་ཞུགས་སུ་ཕུལ་ཏེ་ཚད་མཐོའི་ལས་འགུལ་ཤུགས་ཆེར་སྤེལ་མོད། འོན་ཀྱང་མིག་སྔར་དེ་ལ་ཐོབ་འོས་པའི་སེམས་ཁུར་དང་། ཚེ་སྲོག་ལ་རིན་ཐང་དང་བརྩི་འཇོག །དེ་བཞིན་ཁོང་ཚོས་རང་སྲེག་གཏོང་བའི་རྒྱུ་རྐྱེན་དང་མངོན་འདོད་གང་ཡིན་ལ་དོ་ཁུར་བྱེད་མཁན་རྒྱལ་སྤྱི་དང་རྒྱལ་ཁབ་གང་ཡང་ཕལ་ཆེར་བྱུང་མེད་པའི་ཚོད་ཙམ་རེད། བོད་མི་ནང་ཁུལ་དུའང་དང་པོ་ཉིན་ཤས་རིང་དཔའ་བོ་རེད། དཔའ་མོ་རེད། ཧ་ལས་པ་རེད་ཟེར་འུར་སྒྲོགས་བྱེད་པ་ཙམ་གྱིས་མི་ཕན་པར། རང་སྲེག་གཏོང་མཁན་གྱི་ལུས་ཀྱི་ན་ཚ། ཤུལ་ལུས་ནང་མི་ཚོའི་སེམས་ཀྱི་སྡུག་བསྔལ། བོད་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་གནོད་ཅི་ཡོང་ཐད་བསམ་གཞིགས་གཏིང་ཟབ་བྱེད་རྒྱུ་གལ་ཆེན་པོ་རེད། ངའི་ངོས་ནས་མགོ་ནག་བོད་མི་གཅིག་ཡིན་ཡང་མུ་མཐུད་བདེ་ཐང་ངང་གསོན་གནས་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ཡིན། བོད་ཡུལ་ནི་དེ་འདྲའི་རྒྱ་ཆེ་བ་ཞིག་ཡིན་ཡང་། བོད་པ་ནི་གྲངས་ཉུང་མི་རིགས་ཤིག་ཡིན་པས་བོད་ཀྱི་སྣོད་བཅུད་སྲུང་སྐྱོབ་ཀྱི་སླད་བོད་མི་རེ་རེ་ཡང་གསོན་པོར་འཚོ་རྒྱུ་ནི་ཧ་ཅང་གལ་གནད་ཆེ་ཞིང་། ལྷག་པར་རང་སྲེག་གཏོང་མཁན་ཕལ་ཆེར་ན་གཞོན་ཤ་སྟག་རེད་ལ། ཁོང་ཚོ་ནི་འབྱུང་འགྱུར་གྱི་རེ་བ་དང་སོན་རྩ་ཡིན་པས། འདི་ལྟར་ཚེ་སྲོག་གི་འགྲོ་གྲོན་བར་མེད་དུ་འགྲོ་བ་ནི་བོད་སྤྱི་ལ་མཚོན་ན་གྱོང་གུད་ཚབས་ཆེན་ཞིག་རེད། ང་ཚོས་ཕ་ཡུལ་གྱི་མ་འོངས་པ་དང་། མི་རིགས་ཀྱི་དཀའ་སྡུག་སེལ་བའི་ཆེད་དུ་དབུགས་ཀྱི་རྒྱུ་བ་གཅིག་ཡིན་ཡང་གཅེས་སྤྲས་དང་། ཆུ་ཚོད་སྐར་མ་གཅིག་ཡིན་ཡང་དམ་འཛིན་གྱིས། ཕུ་ནུ་ནང་མཐུན། སྤྱི་སེམས་གོང་སྤེལ། རྙིང་ཞེན་གུ་དོགས་ཀྱི་བློ་སྤངས་ཏེ། གནའ་དེང་གི་ཤེས་ཡོན་ལ་འབུར་དུ་ཐོན་པའི་གྲུབ་འབྲས་ཐོབ་པ་བྱས་ཏེ། ནམ་ཞིག་བོད་མི་རྣམས་རང་གི་རྐང་ཐོག་ཏུ་རང་ཉིད་ལངས་ཐུབ་པ་ཞིག་བྱུང་ན་གཞི་ནས་རང་རེའི་འདོད་དོན་འགྲུབ་ངེས་རེད་སྙམ།
    ཀརྨ་པ་ཨོ་རྒྱན་ཕྲིན་ལས་པས།
    སྤྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༤ ལ་ཕུལ།

  12. ཀརྡོ་གཉེར་ཕྱག་པ་ says:
    2016-03-04 at 6:54 am

    ་་་་་་་་་ རང་སྲེག་གཏོང་མཁན་གྱི་ལུས་ཀྱི་ན་ཚ། ཤུལ་ལུས་ནང་མི་ཚོའི་སེམས་ཀྱི་སྡུག་བསྔལ། བོད་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་གནོད་ཅི་ཡོང་ཐད་བསམ་གཞིགས་གཏིང་ཟབ་བྱེད་རྒྱུ་གལ་ཆེན་པོ་རེད། ་་་་་་་
    ཀརྨ་པ་ཨོ་རྒྱན་ཕྲིན་ལས་པས།
    སྤྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༤ ལ་ཕུལ།

  13. བསྟན་འཛིན་སྐལ་བཟང་ says:
    2016-03-04 at 8:20 am

    རྒྱལ་བ་ཀརྨ་པ་མཆོག་གིས་རང་སྲེག་གི་སྐོར་ལ་བཀའ་སློབ་ཕེབས་འདུག་པ་དེ་ཡག་པོ་རེད། གུས་ཞབས་བླ་མེད་ཞུ་རྒྱུ་ཡིན། ད་རི་ངོགས་ནས་གཙང་པོ་ཞིག་མཆེད་དེ་རྦབ་ཆུ་བཞིན་འགྲིལ་ཡོང་སྐབས་གཤམ་འོག་གི་གྲོང་གསེབ་དེ་ཆུས་འཁྱེར་བཞིན་ཡོད་པ་མཐོང་ཆོས་སུ་གྱུར་ནའང་། ད་དུང་གྲོང་གི་དཔོན་པོ་ཚོས་མ་གཟིགས་མ་མཐོང་ཁུལ་གྱིས་བཞུགས་ན་ཡག་པོ་མི་འདུག དེ་ལ་བསམས་ན་སྐད་ཆ་འདི་ཚོ་བོད་ཀྱི་དབུ་འཁྲིད་རྣམས་ཀྱིས་བོད་མི་ལ་འགན་འཁྱེར་ནས་བཤད་དགོས་པ་ཞིག་ཡིན་པ་ལས་རྒྱ་ནག་གཞུང་དང་འཛམ་གླིང་ལ་བཤད་དགོས་པ་ཞིག་མ་རེད་དོ་༎

  14. ༄།།སྟར་བུ་དམར་བོ། says:
    2016-03-04 at 10:01 am

    སྐལ་རྡོ་གཉེར་ཕྱག་ལགས། ཁྱེད་ཀྱི་མཆན་བུ་རྣམས་ཀྱིས་རྩོམ་ཡིག་ཁག་དང་མཆན་བུ་གཞན་རྣམས་བརྫད་འཇོག་གི། གུས་ཞབས་ཡོད་པ་གནང་རོགས། དྲ་ཚིགས་འདི་བསམ་ཚུལ་དང་གསར་འགྱུར་སོགས་སྤེལ་ས་ཡིན་པ་ལས། མི་སྒེར་གྱི་ཡི་གེ་འབྲི་སྦྱང་བྱ་ས་མ་རེད། དེ་ཧ་གོ་བ་བྱོས།

  15. ཀརྡོ་གཉེར་ཕྱག་པ་ says:
    2016-03-04 at 2:37 pm

    #14 ༄།།སྟར་བུ་དམར་བོ། ་ལགས་ཀྱིས་སྤེལ་དོན།:
    March 4th, 2016 at 10:01 am
    སྐལ་རྡོ་གཉེར་ཕྱག་ལགས། ཁྱེད་ཀྱི་མཆན་བུ་རྣམས་ཀྱིས་རྩོམ་ཡིག་ཁག་དང་མཆན་བུ་གཞན་རྣམས་བརྫད་འཇོག་གི། གུས་ཞབས་ཡོད་པ་གནང་རོགས། ་་་་་་་་་ འདི་དྲྭ་བདག་ངུ་འབོད་གྱིས། སྟར་བུ་ལགས། སྟར་ས་ནོར་བ་རེད་དོ།།

  16. རྣམ་རྒྱལ says:
    2016-03-04 at 2:37 pm

    མི་གྲངས་བརྒྱ་དང་ལྔ་བཅུ་ང་གཅིག་གིས་རང་སྲེག་བྱས་པ་འདི་དོན་དག་ཆུང་ཆུང་ཞིག་གཏན་ནས་མ་རེད། རྩ་དོན་ལ་མི་ཕན་ན་དེ་ལ་བཤོལ་འདེབས་རེ་བྱེད། རྩ་དོན་ལ་ཕན་གྱི་ཡོད་ན་ཡང་ཤི་གསོན་གཉིས་ཀར་ལུས་སེམས་གཉིས་ཀ་སྡུག་བསྔལ་དྲག་པོ་སྦྱིན་པའི་བྱེད་སྟངས་དེ་འདྲ་ལ་བཤོལ་འདེབས་རེ་བྱེད་རྒྱུ་ནི་འགྲོ་བ་མི་ལ་རང་བཞིན་གྱིས་ཡོད་དགོས་པ་ཞིག་རེད།

    ད་ལྟ་ང་ཚོའི་སྤྱི་ཚོགས་ལ་དེ་འདྲ་ཞིག་ཀྱང་མེད་པ་འདྲ། ༧རྒྱལ་བ་ཀརྨ་པ་ཚང་མ་གཏོགས་བླ་ཆེན་མི་ཆེན་གྱི་ནང་ན་བཤོལ་འདེབས་ཙམ་བྱེད་མཁན་ཡང་བྱུང་མེད། ད་ལྟ་སྲིད་སྐྱོང་གི་འོས་འགྲན་བྱས་ནས་དུས་ཡུན་ག་ཚོད་ཅིག་ཕྱིན་པ་རེད། བགྲོ་གླེང་ག་ཚད་ཅིག་བྱས་པ་རེད། ད་བར་དུ་རང་སྲེག་ནི་རྗོད་མཁན་ཡང་མེད་ལ་འདྲི་མཁན་ཡང་མེད། མི་སྲོག་བརྒྱ་དང་ལྔ་བཅུ་ལ་འདས་པ་དང་མ་འོངས་པའི་སྲིད་སྐྱོང་ལ་དྲི་བ་གཅིག་གི་རིན་ཐང་ཡང་མེད་པ་ཡིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme