Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་སྲིད་རང་སྐྱོང་དང་རྒྱལ་ཁབ་ཚུར་ལེན།

Posted on 2012-02-062012-03-07 By ཤར་ཕྱོགས་ཁུག་རྟ། 6 Comments on རང་སྲིད་རང་སྐྱོང་དང་རྒྱལ་ཁབ་ཚུར་ལེན།

ལྷོ་པ་ལུང་རིགས།

༼ང་ཚོས་གནས་སྟངས་ལ་ལྟ་ཞོར་ལྟ་ཞོར་གྱིས་ལས་འགུལ་སྤེལ་ཟེར་བ་དེ། སྤྱིར་བཏང་གི་དེ་འདྲ་ཞིག་ཞུས་པ་ཡིན་མ་གཏོགས་ཐ་མའི་དམིགས་ཡུལ་དེ་ང་ཚོས་རྒྱལ་ཁབ་ལེན་ཐུབ་པ་དང་། བོད་ནང་གི་བོད་མི་ཚོར་རང་དབང་དང་བདེ་སྐྱིད་ཡོང་རྒྱུ་དེ་དམིགས་ཡུལ་གཙོ་བོ་རེད།༽འདི་ནི་དེ་རིང་ཕྱི་དྲིལ་བཀའ་བློན་མཆོག་གིས་གསར་འགོད་གསལ་བསྒྲགས་སྐབས་ཀྱི་དྲི་བ་ཞིག་ལ་བཀའ་ལན་གནང་བའི་ཚིག་དུམ་ཞིག་ཡིན།

ངའི་ངོ་ཤེས་གྲོས་ཚོགས་འཐུས་མི་ཁག་ཅིག་གིས། བཀའ་ཤག་གསར་པའི་ལངས་ཕྱོགས་ཅི་ཡིན་ད་དུང་གསལ་པོ་ཆགས་མེད། ཕྱི་ཟླ་གསུམ་པའི་ནང་གསལ་པོ་ཆགས་པའི་ཚོད་དཔག་བྱེད་ཀྱི་ཡོད་རབས་ཟེར། དེ་རིང་ཕྱི་དྲིལ་བཀའ་བློན་མཆོག་ནས་ང་ཚོའི་མཐའ་མའིོ་དམིགས་ཡུལ་དེ་རྒྱལ་ཁབ་ལེན་ཐུབ་པ་ཡིན་སྐོར་གསལ་པོར་གསུང་སོང་། ད་བཀའ་ཤགགསར་པའི་ལངས་ཕྱོགས་གསལ་པོ་ཆགས་ཡོད། དེ་རིང་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ནས་འདུག་རྒྱུའི་༼བསམ་འཆར་ཡིག་ཆ༽་དེ་ངས་ཀློག་མ་དགོས་པ་ཆགས་སོང་། ད་ནི་ང་ཚོས་ཡིག་ཆ་གསར་པ་ཞིག་ལ་རེ་བ་བྱེད་དགོས། ཁྱེད་རང་གི་ལྟ་སྟངས་བྱས་ན། ཡིག་ཆ་གསར་པ་དེ་རི་མོ་འབྲི་སྟངས་གང་འདྲ་ཞིག་ཏུ་བྱས་ན་ལེགས་སམ།

ང་ནི་དབུ་མའི་ལམ་ལ་ཞུགས་མཁན་ཞིག་ཡིན། འོན་ཀྱང་། བོད་གཞུང་གི་སྲིད་བྱུས་ལངས་ཕྱོགས་གསར་པ་ལ་གཞོགས་འདེགས་བྱེད་དགོས་པ་སེམས་ལ་ཉར་དགོས་པ་རེད་བཟམ་གྱི་ཡོད། འདི་ངས་འགལ་བ་ཞིག་རེད་བསམ་གྱི་མེད། ད་ཆ་བོད་གཞུང་གི་ལངས་ཕྱོགས་དེ་སྔའི་རང་སྐྱོང་ནས་༼རྒྱལ་ཁབ་ཚུར་ལེན༽་ལ་འགྱུར་བ་ཕྱིན་པའི་སྐོར་གྱི་གསལ་བཤད་ཐུང་ངུ་འདི་མཇལ་མ་ཐག ད་ནི་ང་ཚོས་མ་འོངས་པ་ཟེར་བ་དེར། ཡང་བསྐྱར་རི་མོ་གསར་པ་ཞིག་བཞེངས་རྒྱུ་ཡིན་པ་མཐོང་སོང་། ལོ་ངོ་སུམ་ཅུ་ལྷག་གི་སྲིད་བྱུས་ཁ་ཕྱོགས་ལ་འགྱུར་བ་བཏང་བ་འདི། འགྱུར་བ་རྩ་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

ཡིན་ནའང་། ཡང་གསར་འགོད་པས་དེ་སྔ་བཙན་བྱོལ་ནང་བོད་དུ་ལོག་རྒྱུའི་ཞི་བའི་གོམས་བགྲོད་སོགས་གནང་མྱོང་ཡོད་པ་རེད། བོད་གཞུང་ལ་གོམ་བགྲོད་ལས་འགུལ་དེ་འདྲ་གོ་སྒྲིག་གནང་འཆར་ཡོད་མེད་དྲིས་སྐབས། ཁོང་མོས་༼བོད་མིའི་སྒྲིག་འཛུགས་ལ་ད་སྔ་གོམ་བགྲོད་ལས་འགུལ་དེའི་རིགས་སྤེལ་འཆར་གང་ཡང་མེད། མ་གཞི་ལས་འགུལ་དེའི་རིགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་སྤེལ་གྱི་ཡོད་པ་རེད༽ཅེས་གསུངས་སྟངས་འདིར་ངོས་ལེན་མེད། བོད་དོན་ལས་འགུལ་སྤེལ་བ་ལ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཟེར་ནས་དབྱེ་བ་ཕྱེ་ས་ཡོད་པ་མ་རེད་བསམ་གྱི་ཡོད།

མཆན་འདེབས་མཁན་ཞིག་གི་རེ་འདོད་བཞིན་མདུན་དུ་བཞག

རྩོམ་རིག

Post navigation

Previous Post: བོད་ནང་གི་གནས་སྟངས་ཚབས་ཆེ་རུ་འགྲོ་སྲིད།
Next Post: མཁས་དབང་ཐུབ་བསྟན་སྦྱིན་པའི་མཉམ་དུ་།

Comments (6) on “རང་སྲིད་རང་སྐྱོང་དང་རྒྱལ་ཁབ་ཚུར་ལེན།”

  1. ཀ་དག་ཆོས་དབྱིངས། says:
    2012-02-06 at 4:17 pm

    ཤར་ཁུག་འདིས་་་་་་་་་་་་་་་་་་།

  2. ཀརྡོ་གཉེར་ཕྱག་པ་ says:
    2012-02-06 at 4:43 pm

    ང་ནི་དབུ་མའི་ལམ་ལ་ཞུགས་མཁན་ཞིག་ཡིན། འོན་ཀྱང་། བོད་གཞུང་གི་སྲིད་བྱུས་ལངས་ཕྱོགས་གསར་པ་ལ་གཞོགས་འདེགས་བྱེད་དགོས་པ་སེམས་ལ་ཉར་དགོས་པ་རེད་བཟམ་གྱི་ཡོད། འདི་ངས་འགལ་བ་ཞིག་རེད་བསམ་གྱི་མེད། ད་ཆ་བོད་གཞུང་གི་ལངས་ཕྱོགས་དེ་སྔའི་རང་སྐྱོང་ནས་༼རྒྱལ་ཁབ་ཚུར་ལེན༽་ལ་འགྱུར་བ་ཕྱིན་པའི་སྐོར་གྱི་གསལ་བཤད་ཐུང་ངུ་འདི་མཇལ་མ་ཐག ད་ནི་ང་ཚོས་མ་འོངས་པ་ཟེར་བ་དེར། ཡང་བསྐྱར་རི་མོ་གསར་པ་ཞིག་བཞེངས་རྒྱུ་ཡིན་པ་མཐོང་སོང་། ལོ་ངོ་སུམ་ཅུ་ལྷག་གི་སྲིད་བྱུས་ཁ་ཕྱོགས་ལ་འགྱུར་བ་བཏང་བ་འདི། འགྱུར་བ་རྩ་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ་་་་་
    ངས་ཐལ་ཆ་ཆེ་བའི་སྐད་ཆ་འདི་ལ་ཆིད་འཆེས་མེད། འབྲི་མཁན་གྱི་ཀུན་སློང་དང་། སུ་ཡིན་མིན་ཡག་པོ་དཔྱད་དགོས་ངེས་འདུག

  3. ཁཱ་ཏ་ཁ་ཏ་བ། says:
    2012-02-06 at 6:49 pm

    ད་ངོ་མ་་་་་་་་བཀའ་ཤག་གསར་པ་ལ་སྙིང་རྗེ་གི་འདུག ལྷ་པར་བཀའ་ཁྲི་དང་བདེ་སྐྱིད་མར་སྙིང་རྗེ་གིའདུག དེ་རིང་ཁ་སང་ཁྱེད་ཚོའེ་རྒྱབ་ལ་། ཁྱེད་ཚོས་བྱེད་ཚད་ལབ་ཚད་ལ་ཡི་མ་རང་བའི་བསམ་ཚུལ་། བཤད་མཁན་དང་འབྲི་མཁན་འདི་འདྲའི་མང་ཀི། སྨྲ་བརྗོད་པ་ཚོར་རང་དབང་ལོས་ཡོད། བཤད་པ་བདེན་པ་ཡང་གང་ཚམ་འདུག་ཏེ། ཐད་ཀར་ཕན་ཚུན་ངོ་འཕྲོད་ན་ འཇུག་འབྲས་ནིཉིན་མོའི་སྐར་མ་རེད་། ང་ཚོ་ཚང་མས་སྟོང་ལབ་རྐྱང་རེད་། བར་སྣང་ལབརྡོ་ཞུས་པ་དང་གཅིག་མཚུངས་རེད། ཁ་བརྡ་ནང་རྟག་ཏུ་མི་བཅུ་ཁ་ཞིག་ཡོད་རེད་། གོམ་པ་ཆེ་ཙམ་རྒྱབ་ན་མ་གཏོགས། སླེབ་དགོས་ས་གང་ལ་མི་སླེབ་ནི་ཁོ་ཐག་རེད་། དེ་ཙམ་ཞུ།

  4. ཐང་ལྷ་གཡ་རྩེ། says:
    2012-02-06 at 6:50 pm

    བཙན་བྱོལ་བོད་གཞུང་གི་སྲིད་བྱུས་སམ་ལངས་ཕྱོགས་ནི་བོད་གཞིས་བྱེས་གཉིས་ཀྱི་མི་མང་གི་མངོན་འདོད་ལྟར་རང་རེའི་གྲོས་འཚོགས་ནས་གཏན་འབེབས་བཟོ་གིན་ཡོད་ལ། སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་དེ་གཞི་ནས་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ཡིན་ལ་ལངས་ཕྱོགས་ཀྱང་ཡིན། དེ་ནི་མང་གཙོ་ཡང་དག་ཞིག་གི་འགྲོ་སྟངས་ཡིན། གཞུང་གི་ལངས་ཕྱོགས་མི་ཤེས་པའི་གྲོས་འཚོགས་འཐུས་མི་ཞིག་མེད་ལ། གྲོས་འཚོགས་འཐུས་མིས་མི་ཤེས་པའི་གཞུང་གི་ལངས་ཕྱོགས་ཤིག་དེ་བས་ཀྱང་ཡོད་མི་སྲིད་པ་ཞིག་རེད། ཁྱི་སྐད་འདི་སུས་བརྒྱབ་པ་རེད། ” ངའི་ངོ་ཤེས་གྲོས་ཚོགས་ འཐུས་མི་ཁག་ཅིག་གིས། བཀའ་ཤག་གསར་པའི་ལངས་ཕྱོགས་ཅི་ཡིན་ད་དུང་གསལ་པོ་ཆགས་མེད། ཕྱི་ཟླ་གསུམ་པའི་ནང་གསལ་པོ་ཆགས་པའི་ཚོད་དཔག་བྱེད་ཀྱི་ཡོད་རབས་ཟེར། ” ཚིག་འདི་བཀའ་བློན་དེ་ཉིད་ཀྱི་སྐད་ཆར་ཡག་པོ་ཞིག་སྒྱུར་འདུག ནང་ཁུལ་ལ་ཟིང་སློང་ཞིང་ཕྱི་དགྲ་ལ་ལྕེ་སྤྲོད་པའི་འཇིམ་རྐང་ཅན་གྱི་ཁྱི་སྡོམ་འདི་ཚོར་ཚད་བཀག་ཅིག་མེད་ན་ཁྱི་སྨོན་གྱི་ནད་འབྱུང་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། “རྒྱལ་ཁབ་ལེན་ཐུབ་པ་དང་། བོད་ནང་གི་བོད་མི་ཚོར་རང་དབང་དང་བདེ་སྐྱིད་ཡོང་རྒྱུ་དེ་དམིགས་ཡུལ་གཙོ་བོ་ རེད། “ཟེར་བར་དེར་དེ་འདྲ་འདྲོགས་དགོས་པའི་རྒྱུ་མཚན་ཅི་ཡོད་ཀྲོའུ་ཝེ་ཁྱོན་གྱི་རྒྱུག་ཁྱུ་ལགས། བོད་མི་མང་ཁག་ཅིག་གི་མངོན་འདོད་རྒྱལ་ཁབ་སླར་གསོ་རེད་ལ། ཁག་གི་མངོན་འདོད་༸གོང་ས་སྐུ་ཕྲེང་བཅུ་བཞི་བའི་སྐུ་ཚེ་འདིའི་རིང་ཁོང་དང་བཅས་པའི་བོད་མི་རྣམས་ལྷན་འཛོམས་བྱུང་ན་རྒྱལ་ཁབ་མེད་ཀྱང་བདེ་སྐྱིད་དུ་བརྩི་མཁན་ཡོད། དེ་དངོས་ཡོད་གནས་ཚུལ་རེད། དངོས་ཡོད་ཀྱི་གནས་ཚུལ་དེ་བོད་མི་མང་གི་མངོན་འདོད་རེད། དེ་རྩ་བའི་མདོན་འདོད་གཉིས་རེད། དེང་སྐབས་ཀྱི་སྲིད་བྱུས་ནི་ཕྱི་མ་དེ་རེད། རྒྱ་གཞུང་གི་དེང་གི་བྱེད་ཕྱོགས་ལ་གཞིགས་ན་མངོན་འདོད་སྔ་མར་མ་སོང་རང་སོང་ཆགས་སྲིད་པ་ཞིག་རེད། དེང་སྐབས་ང་ཚོ་བོད་མི་རིགས་གཙོས་འཛམ་གླིང་གི་བྱམས་བརྩེ་དང་ཞི་བདེར་ཕྱོགས་པའི་བོད་དོན་རྒྱབ་སྐྱོར་བ་ཚོས་མངོན་འདོད་ནི་གོང་ས་མཆོག་གི་སྐུ་དུས་འདིར་བོད་གཞིས་བྱེས་ལྷན་འཛོམས་དང་། བོད་ཀྱི་མ་སྐད་རིག་གཞུང་དང་བཅས་པ་སླར་གསོ་བྱུང་བ་དང་། རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་དང་ལྷན་དུ་སྐྱིད་སྡུག་མཉམ་མྱོང་བྱས་ཏེ། གུང་ཁྲན་ཏང་གི་མི་རབས་གསར་རྙིང་གི་ཁྱིམ་ཚོའང་དུས་བདེ་གནས་འཇམ་གྱི་གྲུ་ཟུར་ཞིག་ནས་བདེ་བར་འཇོག་འདོད་ལ། དེ་ནི་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་མཆོག་ཁོ་ནས་འཇོན་པ་ཞིག་རེད། གུང་ཁྲན་གི་སྲོག་སྐྱོབ་ཀྱི་དྲིན་ཆེན་༸གོང་མཆོག་ཡིན་པ་ཁོ་རང་ཚོས་ངོས་མ་ཟིན་ན། མངོན་འདོད་ཕྱི་མ་མངོན་འགྱུར་མི་ཐུབ་ལ་སྔ་མར་མི་ཞུགས་ཐབས་མེད་རེད། དེ་ནི་ང་ཚོའི་གོམས་སྟབས་གཉིས་པ་ཅིས་ཀྱང་བྱེད་དགོས་ཡོད། སྐབས་དེར་ཐོན་ན་དུས་ཡུན་ཅི་འདྲ་ཞིག་དགོས་ཀྱང་རྒྱ་བོད་ཧོར་སོག་ཡུ་ཀུར་དང་བཅས་པའི་མི་རིགས་ང་དྲུག་གི་མང་གཙོའི་ཚ་རླབས་ཏེ་བོད་ནས་འབར་ཞིང་ཡུ་ཀུར་མཆེད་པ་དང་། ཧོར་སོག་ནས་འཐོར་ཏེ་རྒྱ་ནང་ལ་ཁྱབས་པའི་ཉིན་གུང་ཁྲན་ཏང་གི་ཁྱིམ་རྒྱུད་ག་གེ་མོའི་ལྕེབ་ཐག་རིང་མོ་དེ་ས་ཏམ་ཧོ་སན་གྱི་ལྕེབ་ཐག་ལས་རིན་གོང་ལྡབ་འགྱུར་གྱིས་ཆེ་བ་མ་ཟད། འཇིག་རྟེན་འདིའི་ཐོག་གི་ལྕེབ་ཐག་ཐ་མ་དེའང་ཡིན་སྲིད་པ་རེད། རྒྱུ་མཚན་ནི་མི་ཡུལ་གྱི་དམྱལ་ཁམས་ཆེ་ཤས་དེ་འཇིག་ཚར་བའམ། ཡང་ན་འཇིག་རྟེན་འདི་ཉིད་རྟོགས་སད་ཀྱི་དུས་རབས་ཤིག་ལ་བསྙེགས་ཚར་བས་རེད། སྐབས་དེ་དུས་འཇིམ་རྐང་ཅན་གྱི་ཁྱི་སྡོམ་ཚོའང་ཤི་ཚར་ཡོད་པས་བོད་རང་བཙན་དང་རྒྱབ་ཁབ་སླར་གསོ་ཟེར་བའི་སྐད་ཆ་སུ་ཞིག་གི་བཤད་ཀྱང་ཚིག་གོང་བའི་ཁ་ནས་ཀུན་ལ་བསྒྲགས་ཤིང་རྟགས་ཕུ་ཐུང་ནང་ནས་ལྐོག་བརྗེ་བྱེད་མཁན་གཅིག་ཀྱང་ལྷག་ཡོད་པ་མ་རེད། གཙོ་བོ་ཁ་སང་དེ་རིང་གསར་འགྱུར་བརྒྱུད་ལམ་དང་མི་ཚོགས་འདུ་ས། ཐ་ན་སོ་སོའི་ཁྱིམ་སྦུག་ནས་ཀྱང་གང་བསྒྲགས་ཅི་བཤད་ལ་བདག་པོ་མ་བྱས་ན་མཛད་གཙོ་ཞིག་བཤད་ཅི་དགོས་མི་མང་དཀྱིས་མ་ཞིག་ཡིན་ཡང་ར་རྒྱ་རྒྱ་ཁྱི་རུ་གཏོང་བའི་སྤྲང་ཁྱི་ཚོ་ཉི་ལུ་ལུ་གང་འདུག
    ཚང་མས་གཟབ་གཟབ་བྱེད་རོགས།

  5. ཁཱ་ཏ་ཁ་ཏ་བ། says:
    2012-02-06 at 7:15 pm

    ད་ངོ་མ་་་་་་་་བཀའ་ཤག་གསར་པ་ལ་སྙིང་རྗེ་གི་འདུག ལྷ་པར་བཀའ་ཁྲི་དང་བདེ་སྐྱིད་མར་སྙིང་རྗེ་གིའདུག དེ་རིང་ཁ་སང་ཁྱེད་ཚོའེ་རྒྱབ་ལ་། ཁྱེད་ཚོས་བྱེད་ཚད་ལབ་ཚད་ལ་ཡི་མ་རང་བའི་བསམ་ཚུལ་། བཤད་མཁན་དང་འབྲི་མཁན་འདི་འདྲའི་མང་ཀི། སྨྲ་བརྗོད་པ་ཚོར་རང་དབང་ལོས་ཡོད། བཤད་པ་བདེན་པ་ཡང་གང་ཚམ་འདུག་ཏེ། ཐད་ཀར་ཕན་ཚུན་ངོ་འཕྲོད་ན་ འཇུག་འབྲས་ནིཉིན་མོའི་སྐར་མ་རེད་། ང་ཚོ་ཚང་མས་སྟོང་ལབ་རྐྱང་རེད་། བར་སྣང་ལབརྡོ་ཞུས་པ་དང་གཅིག་མཚུངས་རེད། ཁ་བརྡ་ནང་རྟག་ཏུ་མི་བཅུ་ཁ་ཞིག་ཡོད་པ་དེ་། བསྐྱར་ནས་ཡང་དུ་འཇུལ་བ་ལས་གཞན་སུ། གོམ་པ་ཆེ་ཙམ་མ་རྒྱབ་ན་སླེབ་དགོས་ས་ལ་མི་སླེབ་ནི་ཁོ་ཐག་རེད་། དེ་ཙམ་ཞུ།

  6. གསེར་འབྲུག་སྡེར་ལྔ་ says:
    2012-02-06 at 9:17 pm

    བོད་ཀྱི་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་དམངས་རེད་ཅེས་ནམ་རྒྱུན་མ་ཎི་འདོན་འདོན་མ་རེད་པས། བྱས་ཙང་བཙན་བྱོལ་ཚང་གིས་ཆབ་སྲིད་བཞེངས་ཕྱོགས་བོད་ནང་གཞིས་ལུས་རྒྱ་ཆེའི་མི་དམངས་དང་། ལྷག་པར་དུ་མེ་ལྕེའི་ནང་གི་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་ཀྱི་འབོད་སྒྲ་དེ་ལ་ངེས་པར་དུ་གསན་དགོས་པ་རེད། འོན་ཀྱང་མཆན་ཞབས་པ་ཐང་ལྷ་《གཡ་》རྩེ་ཟེར་བའི་མིང་གཞི་གཉིས་ཀྱི་བསྡུས་པའི་མིང་འདི་འབོད་ཀྱང་མི་ཐུབ་ལ་ད་དུང་ལུང་ཁུག་བྱེ་བྲག་པའི་སྐད་དོད་དང་བརྡ་དག་འཇུག་པ་ཀུན་ལ་མི་བདེ་བའི་མཆན་ཐུང་དེའི་ནང་སུ་ཞིག་ལ་སྡིག་སྨོད་བྱེད་ཀྱིན་པ་མི་ཤེས་ཀྱང་། ད་དུང་བོད་ཀྱི་སྐད་ཡིག་སླར་གསོ་ཟེར་གྱི་ཡོད་པ་འདྲ། མ་ཟད་《རྒྱ་ནག་མི་དམངས་དུང་ཕྱུར་བཅུ་གསུམ་ལྷག་དང་ལྷན་དུ་སྐྱིད་སྡུག་མཉམ་མྱོང་བྱས་ཏེ། གུང་ཁྲན་ཏང་གི་ཁྱིམ་ཚོའང་དུས་བདེ་གནས་འཇམ་གྱི་གྲུ་ཟུར་ཞིག་ནས་བདེ་བར་འཇོག་འདོད་》ཞེས་པའི་དུས་བདེ་གནས་འཇམ་དང་གྲུ་ཟུར་ཞིག་གི་བདེ་བ་དེ་ཅི་འདྲ་ཞིག་ལ་ངོས་འཛིན་དགོས་པ་རེད། ཏང་ཀྲུང་དབྱང་སྲིད་གཞུང་གོ་རྟིང་མ་ལོག་བར་དུ་ཁྱོད་ཀྱི་སེམས་འཚོར་ཙམ་གྱི་མངོན་འདོད་གྲུ་ཟུར་གྱི་བདེ་བ་དེ་ནམ་ཡང་འཐོབ་མི་སྲིད་ལ། ནམ་ཞིག་ཏང་ཀྲུང་དབྱང་སྲིད་གཞུང་གོ་རྟིང་ལོག་ན་ནི་རྒྱ་རོ་དུང་ཕྱུར་བཅུ་གསུམ་ལྷག་དང་ལྷན་དུ་ཡིན་གཅིག་སྐྱིད་སྡུག་མཉམ་མྱོང་བྱེད་དགོས་པ་མ་ངེས་པ་རེད། བྱས་ཙང་ཁྱོད་ཀྱི་སེམས་འཚོརཙམ་གྱི་རྗེས་སུ་འབྲངས་པའི་མངོན་འདོད་དེ། གཞིས་ལུས་རྒྱ་ཆེའི་མི་དམངས་དང་ལྷག་པར་དུ་མེ་ལྕེའི་ནང་གི་དཔའ་བོ་དང་དཔའ་མོ་ཚོའི་མངོན་འདོད་ནམ་ཡང་མ་རེད་ལ་བཙན་བྱོལ་ཚང་གིས་ཁོང་རྣམས་གྱི་མངོན་འདོད་དེ་བསྒྲུབ་མི་ཐུབ་པ་མ་ཟད་ཁོང་རྣམས་ཀྱི་ཚབས་མཚོན་ཡང་བྱེད་མི་ཐུབ་པ་ནི་གསལ་གསལ་ཐིང་ཐིང་མ་རེད་པས། བྱས་ཙང་ཁྱོད་ཀྱིས་རྫིག་གཏམ་བཤད་སྟངས་དེ་ལ་བལྟས་ན་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་གུང་ཁྲན་འདྲ་སེ་འདུག་ག། དམངས་གཙོ་དང་རང་དབང་ལྡན་པའི་ལུང་པའི་ནང་དོན་དངོས་བྱས་ན་གཟབ་གཟབ་བྱེད་དགོས་པ་དེ་ཁྱེད་རང་ཡིན་པ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme