Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱའི་གྲོས་གཞི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཐོག་རང་འཇགས་གནས་ཡོད།

Posted on 2015-03-212015-03-21 By ཁ་བརྡ 15 Comments on བོད་རྒྱའི་གྲོས་གཞི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཐོག་རང་འཇགས་གནས་ཡོད།

ཡོང་ཁུངས། བོད་ཀྱི་དུས་བབ།

 
དེ་རིང་སྤྱི་འཐུས་གྲོས་ཚོགས་ནང་སྤྱི་འཐུས་ཁག་ཅིག་དང་སྲིད་སྐྱོང་མཆོག་གི་བར་བོད་རྒྱ་འབྲེལ་མོལ་སྐོར་ལ་འདྲི་བ་དྲིས་ལན་བྱུང་སྐབས། སྲིད་སྐྱོང་མཆོག་གིས་འབྲེལ་མོལ་སྐོར་ལ་ཐབས་ཇུས་དང་འབྲེལ་བའི་ཐོག་ནས་ག་རེ་ཡིན་ན་ཡོང་སྲིད་པ་དང་རྒྱལ་སྤྱིའི་རྒྱབ་སྐྱོར་དེ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

དེ་རིང་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དགུ་བའི་ཉིན་དྲུག་པའི་སྔ་དྲོར། སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན་གནང་སྐབས། སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ། བཀའ་ཤག་སྐབས་བཅོ་ལྔ་པའི་ལས་ཡུན་གང་འཚམ་སོང་ཟིན་པ་དང་། བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཆགས་ཡོད་སྟབས། ད་ཆ་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་གང་འདྲ་ཆགས་ཡོད་པ་དང་། ལྷག་པར་དུ་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ཀྱི་ཁོར་ཡུག་གང་ཞིག་བསྐྲུན་ཡོད་པ། རྒྱ་གཞུང་དང་ཐད་ཀར་གྲོས་མོལ་ཡོང་རྒྱུའི་ཐབས་བྱུས་གང་དག་གནང་པ་བཅས་ལ་དྲི་བ་བཏོན་པའི་ལན་དུ་སྲིད་སྐྱོང་མཆོག་གིས། བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཐོག་རང་ཕྱོགས་ནས་འབད་བརྩོན་ཞུ་བཞིན་ཡོད། ཅེས་དྲི་བ་གཞན་དག་ལ་ད་ལྟའི་ཆར་ལན་འདེབས་བདེ་བོ་མེད་སྐོར་གསུངས་སོང་།

Lobsang_sangay2

ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་སླར་ཡང་། དྲི་བ་གཞན་དག་ལ་ལན་རྒྱག་རྒྱུ་བདེ་བོ་མེད་པ་དེ་ཁོར་ཡུག་བསྐྲུན་པ་ཡིན་མིན་དྲིས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། བོད་རྒྱ་འབྲེལ་མོལ་དེ་གནད་དོན་གལ་ཆེ་ཤོས་ཤིག་ལ་བརྩི་བཞིན་ཡོད་སྟབས། རྒྱལ་ཁབ་གང་ཞིག་ཡིན་ཡང་གནད་དོན་དེ་རིགས་ཕྱི་གསལ་ནང་གསལ་མ་བྱས་པའི་འོག་ནས་འབད་བརྩོན་ཞུ་བཞིན་ཡོད་པ་རེད། ཕྱི་གསལ་ནང་གསལ་བྱས་ན་ཕན་ལས་གནོད་ཆེ་བ་ཡོང་གི་ཡོད་སྟབས། དྲི་བ་དེ་དག་ལ་ལན་གསལ་བོ་མ་ཞུས་པ་མ་གཏོགས་ཁོར་ཡུག་བསྐྲུན་པ་མིན་ཞེས་གསུངས་སོང་།

སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་ཀྱིས་བཀའ་ཤག་གིས་རྒྱ་ནག་གཞུང་ལ་འབྲེལ་བ་བྱེད་སྟངས་ཀྱི་ཐབས་ལམ་གཅིག་ཡིན་ནམ། ཡང་ན་ཐབས་ལམ་མང་པོ་བརྒྱུད་ཀྱི་ཡོད། ད་ལྟའི་བཀའ་ཤག་གིས་ཁོར་ཡུག་བསྐྲུན་གྱི་མེད་གསུང་གི་ཡོད་སྟབས། ཐོག་མར་ཁོར་ཡུག་བསྐྲུན་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་དྲིས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། ཁོར་ཡུག་བསྐྲུན་ཟེར་བ་དེ་བཀའ་ཤག་སྔོན་མས་བར་ལམ་ཞིག་ལ་ཁོར་ཡུག་བསྐྲུན་པའི་གནས་ཚུལ་ཞིག་ཡོད། སྐབས་དེར་ཁོར་ཡུག་ག་འདྲ་ཞིག་ཡིན་མིན་གསལ་བཤད་གནང་ཡོད་པ་མ་ཟད། དེ་ཕྱིར་འཐེན་ཡང་གནང་ཚར་བ་ཡིན་སྟབས། བཀའ་ཤག་སྔོན་མས་ཐུགས་ཐག་བཅད་པ་དེ་ད་ལྟ་རང་འཇགས་གནས་ཡོད། ཅེས་གསུངས་སོང་།

སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བཀའ་ཤག་སྐབས་སྔོན་མས་རྒྱ་ནག་གཞུང་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་སྤྲད་པ་དེར། རྣམ་པ་འགྱུར་བའི་རང་བཙན་དང་ཕྱེད་རང་བཙན་རེད་ཅེས་སྐབས་དེའི་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ངོས་ལེན་མེད་པའི་གསལ་བསྒྲགས་བྱས་པ་རེད། འབྲེལ་མོལ་ཆད་དེ་ལོ་ ༥ འགྲོ་བཞིན་ཡོད་སྟབས། ད་ལྟའི་བཀའ་ཤག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་དུ་ཡོང་བར་གཞི་རྟེན་དེ། སྔར་ལྟར་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དེ་རང་གི་ཐོག་བསྡད་ཡོད་མེད་བཀའ་འདྲི་ཞུས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། གཙོ་བོ་བོད་རྒྱ་གཉིས་བར་ཐད་ཀར་འབྲེལ་བ་གནང་སྟེ་བོད་དོན་སེལ་ཐུབ་ལ་འབད་བརྩོན་གནང་དགོས་པ་ཞིག་ཡིན་ཡང་། ང་ཚོའི་ནུས་པ་སོགས་གང་ཅིའི་ཐོག་ནས་འདང་གི་མེད་སྟབས། རྒྱལ་སྤྱིའི་གནད་ཡོད་མི་སྣ་དང་གཞུང་བརྒྱུད་དེ་རྒྱ་ནག་གཞུང་ལ་དྲན་གསོ་བྱེད་པར་རྒྱལ་སྤྱིའི་རྒྱབ་སྐྱོར་དེ་གལ་ཆེན་པོ་ཡིན་སྟབས། སྲིད་སྐྱོང་གཙོས་པའི་ཕྱག་རོགས་བཀའ་བློན་རྣམ་པ་ཕྱི་རྒྱལ་ལུང་པ་གང་དུ་བཅར་ཡང་། རྒྱ་ནག་གཞུང་གི་སྐུ་ཚབ་ག་འདྲ་ཞིག་དང་མཇལ་ཡང་བོད་པའི་ལངས་ཕྱོགས་གསལ་བོར་ཞུ་རོགས་ཞུ་བཞིན་ཡོད། རྒྱལ་སྤྱིའི་རྒྱབ་སྐྱོར་གལ་ཆེན་པོ་ཞེ་དྲགས་ཆགས་ཡོད་པ་རེད། ཅེས་དང་། ཁོང་གིས་མུ་མཐུད་དུ། བོད་རྒྱ་འབྲེལ་མོལ་ཚོགས་ཆུང་གིས་བཀའ་བསྡུར་རིམ་པ་མང་པོ་གནང་གི་ཡོད་པ་རེད། ཐབས་ཇུས་དང་འབྲེལ་བའི་ཐོག་ནས་ག་རེ་ཡིན་ནའང་ཡོང་སྲིད་པ་ཞིག་རེད། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་ཡིག་ཆ་དང་ལངས་ཕྱོགས་སོགས་གང་ཅིའི་ཐད་ནས་དེ་སྔ་བཀའ་ཤག་གིས་ག་རེ་ཕུལ་བཞག་པ་དེའི་ཐོག་རང་འཇགས་གནས་བསྡད་ཡོད། ཅེས་གསུངས་སོང་།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། ང་ཚོའི་སྤྱི་ཚོགས་ནང་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་ལ་ཉམས་ཞིབ་གནང་མཁན་མང་པོ་ཞིག་གིས་རྒྱ་ནག་གི་མགོ་ཁྲིད་ཁག་གི་རྒྱབ་ལྗོངས་འདི་རེད། འདི་དང་༧རྒྱལ་བ་རིན་པོ་ཆེའི་ཐུགས་ཉེ་བོ་ཡོད་པ་རེད། འདིའི་ཕ་མ་འདི་རེད། འདིའི་སྤུན་ཉེ་འདི་རེད་ཟེར་བ་སོགས་མང་པོ་ཞིག་ཤོད་བཞིན་ཡོད་པ་དེས། རྒྱ་ནག་མི་མང་དང་མགོ་ཁྲིད་གཞན་དག་ཚོས། ཁོ་དང་བོད་པའི་བར་འབྲེལ་བ་ཆེན་པོ་ཞིག་འདུག་བསམ་སྟེ། ངས་འདི་བྱས་ན་ང་ལ་སྐྱོན་ཆ་གང་ཞིག་རག་མི་ཡོང་ངམ་བསམ་སྟེ། བོད་དོན་ཐོག་ལས་ཀ་ཞིག་བྱེད་རྒྱུར་འགོག་རྐྱེན་འཕྲད་ཀྱི་ཡོད་མེད་ཐོག་བཀའ་ཤག་ལ་ཐུགས་སྣང་ཡོད་དམ་ཞེས་དྲི་བ་བཏོན་པའི་ལན་དུ་སྲིད་སྐྱོང་མཆོག་གིས། རྒྱ་ནག་གི་མགོ་ཁྲིད་སྒེར་གྱི་ཡབ་དང་ནང་མི་བོད་དང་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་བ་ཡོད་པའི་གནས་ཚུལ་གསར་ལམ་ཁག་ཁག་ཏུ་ཐོན་ཡོད་པ་རེད། དེ་ལ་བསྟན་ཏེ་རང་བཞིན་གྱིས་འཛིན་སྐྱོང་ལ་འགན་ཞིག་དང་དྲི་བ་ཞིག་སླེབ་ཡོང་གི་ཡོད་པ་རེད། གསར་འགྱུར་བརྒྱུད་ལམ་ཁག་ཏུ་འདི་འདྲ་བཀོད་འདུག དེ་ལ་བརྟེན་ཏེ་ཁྱོད་རང་ཚོས་རེ་བ་ཆེན་པོ་བྱེད་ཀྱིན་ཡོད་དམ་ཞེས་དྲི་བ་མང་པོ་ཞིག་ཡོང་སྐབས། དེ་ལ་ལན་མི་རྒྱག་ཟེར་ས་ཡོད་པ་མ་རེད། དེ་འདྲ་ཞིག་ཡོད་པ་རེད། ཡིན་ནའང་ཁོ་རང་སྒེར་དང་ནང་མིའི་གནས་ཚུལ་འདི་རེད། ཁོ་རང་རྒྱ་ནག་གི་མགོ་ཁྲིད་ཡིན་པའི་གནད་དོན་འདི་རེད་ཅེས་ཞུ་བཞིན་ཡོད། ད་ལྟའི་བོད་ནང་གི་གནས་སྟངས་དང་། རྒྱ་ནག་གཞུང་གི་སྲིད་བྱུས་དང་ཐབས་ཇུས་ལག་བསྟར་ལ་བལྟས་ཡོང་ན་འགྱུར་བ་གང་ཡང་མི་འདུག ཅེས་ཞུ་བཞིན་ཡོད། དེ་ལ་བརྟེན་ཏེ་དོ་ཕོག་ཕྱིན་པའི་གནད་དོན་དེ་འདྲ་ད་སྔ་ཤེས་མ་སོང་། ཞེས་སོགས་གསུངས་སོང་།

སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས། ང་ཚོའི་ངོས་ནས་བོད་རྒྱ་འབྲེལ་མོལ་ཆེད་སྐུ་ཚབ་ག་དུས་གཏོང་དགོས་ནའང་གཏོང་ཆོག་ཆོག་ཡིན་གསུང་གི་ཡོད་ཀྱང་རྒྱ་ནག་ཕྱོགས་ནས་ཡ་ལན་མེད་སྟབས། ང་ཚོའི་ངོས་ནས་དམིགས་བསལ་སྐུ་ཚབ་མ་ཡིན་པར་སྐུ་ཚབ་གཞན་པ་གཏོང་བའི་རེ་བ་དང་འཆར་གཞི་སྒྲིག་གི་ཡོད་མེད་དང་། ཐུག་འཕྲད་དེའང་འཐབ་ཕྱོགས་གཅིག་གྱུར་ཁང་མ་ཡིན་པའི་རྒྱ་ནག་གཞུང་གི་ལྷན་ཁང་གཞན་པར་ཐུག་འཕྲད་གནང་བའི་རེ་བ་དང་འཆར་གཞི་ཡོད་མེད་དྲིས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། སྤྱིར་བཏང་ཞི་བའི་ལམ་གྱི་ཐོག་ནས་རྩ་དོན་བརྩད་དེ་འགྲུབ་མཁན་མང་པོ་ཞེ་དྲགས་ཡོད་པ་རེད། དཔེར་ན་རྒྱ་གར་ལ་ཆ་བཞག་ན་གྷན་དྷི་ཡིན་ནའང་ལས་འགུལ་མང་པོ་སྤེལ་ཏེ་དབྱིན་གཞུང་དང་བཀའ་མོལ་གནང་བ་རེད། དེ་བཞིན་ནལ་སིན་མན་ཌ་ལ་ཡིན་ནའང་ལས་འགུལ་མང་པོ་སྤེལ་ཏེ་ཁ་གཏད་ཚོགས་པ་དང་མཉམ་དུ་གཞུང་འཛིན་པར་བཀའ་མོལ་གནང་ནས་གྲུབ་པ་ཞིག་རེད། ངས་ཁ་སང་ཞུས་པ་ལྟར་གནང་སྟངས་མ་འདྲ་བ་མང་པོ་ཡོད་སྟབས། ང་ཚོས་ཀྱང་ལས་འགུལ་མང་པོ་སྤེལ་དགོས་པ་རེད་ཞུ་དོན་དེ་ཡིན། རྒྱལ་སྤྱིའི་འགྲོ་སྟངས་འགྲོ་ལུགས་ནང་བརྒྱུད་ལམ་གཞན་དག་བེད་སྤྱོད་གཏོང་བ་དེ་སྤྱི་ཡོངས་ཀྱི་འགྲོ་སྟངས་ཤིག་ཡིན་སྟབས། ང་ཚོས་གནང་གི་ཡོད་དང་མེད་ཐད་ཀར་ཞུ་མ་དགོས་པའི་ཐོག་ནས་ང་ཚོས་དུས་རྟག་ཏུ་འབད་བརྩོན་བྱས་ཏེ། རྒྱལ་སྤྱིའི་ཐོག་ནས་ག་འདྲ་གནང་གི་འདུག འགྲུབ་སོང་བ་ཚོས་ག་འདྲ་གནང་གི་འདུག དེ་འདྲ་ང་ཚོས་གནང་ཐབས་བྱེད་ཀྱིན་ཡོད། ཅེས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

གསར་འགྱུར།

Post navigation

Previous Post: བདེ་བའི་གླུ
Next Post: དཔྱིད་ཀྱི་རྒྱལ་མོ་སླེབས་བྱུང་།

Comments (15) on “བོད་རྒྱའི་གྲོས་གཞི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཐོག་རང་འཇགས་གནས་ཡོད།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-03-21 at 11:00 pm

    ་་་་་་་་་་་ སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན་་་་་་་་་་་་་་་་་ ཟེར་ན་གང་རེད།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-03-21 at 11:01 pm

    ་་་་་་་་་་་་ཁོར་ཡུག་བསྐྲུན་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་་་་་་་་་་་་་་་

  3. ཀརྡོ་གཉེར་ཕྱག་པ་ says:
    2015-03-21 at 11:06 pm

    ་་་་་་་་་་་་་་་་་་་་་་ རྒྱ་ནག་གི་མགོ་ཁྲིད་སྒེར་གྱི་ཡབ་དང་ནང་མི་བོད་དང་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་བ་ཡོད་པའི་གནས་ཚུལ་གསར་ལམ་ཁག་ཁག་ཏུ་ཐོན་ཡོད་་་་་་་་་་་་་་་་་་

  4. རྒྱང་མིག says:
    2015-03-21 at 11:40 pm

    སྲིད་སྐྱོང་གིས་གནས་གང་ཞིག་དང་དུས་ནམ་ཡིན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་གལ་ཆེན་པོ་ཞེ་དྲག་ཆགས་ཡོད་ཚུལ་བརྗོད་ཀྱིན་འདུག་པས། མི་རིགས་ཤིག་གི་བདེན་པའི་འཐབ་རྩོད་ཀྱི་གནད་དོན་ཞིག་འདི་ལྟར་གཞན་གྱི་རྒྱབ་སྐྱོར་དང་། གཞན་ལ་རེ་ལྟོས་གཙོ་གལ་རྐྱང་བྱས་བསྡད་ན་ནམ་ཡང་འགྲུབ་ཁག་པོ་ཡིན་པ་གསལ་བོ་རེད་ལ། དུས་མཚུངས་འགྲུབ་རེ་མེད་པའི་ཨུ་ཚུགས་ཀྱི་བཟོ་ལྟ་ཞིག་ཀྱང་རང་བཞིན་གྱིས་མངོན་ཡོང་།

    གྷན་དྷི་དང་ནལ་སིན་མན་ཌ་ལ་གཉིས་ཀྱིས་སྐབས་དེའི་སོ་སོའི་གཞུང་འཛིན་དང་ལྷན་དུ་བཀའ་མོལ་གནང་ཡོད་པ་ནི་བདེན་ཡང་། ཁོང་གཉིས་ཀྱིས་རྒྱལ་སྤྱིའི་རྒྱབ་སྐྱོར་དེ་ཆེས་གཙོ་གལ་དུ་མ་བཟུང་བར་སོ་སོ་རང་ངོས་ནས་དངོས་སུ་སྣེ་ཁྲིད་ཏེ་ཞི་བའི་འཐབ་རྩོད་རྒྱུན་མི་ཆད་དུ་བྱས་པ་ལས་ད་གཟོད་རྩ་དོན་འགྲུབ་པ་ཞིག་རེད། གྲུབ་པའི་རྩ་དོན་དེ་ཡང་མི་རིགས་ཤིག་གི་རང་བཙན་ནམ་རྒྱལ་ཁབ་ཅིག་གི་ངོ་བོ་རེ་རེ་ཡིན་པ་ལས། བཙན་རྒྱལ་རྒྱལ་ཁབ་ཅིག་གི་འོག་གི་ས་གནས་རང་སྐྱོང་དུ་བརྗོད་པ་དེ་འདྲ་ནི་གཏན་ནས་མ་རེད།

    སྔོན་ཆད་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ནི་ཕྱི་གསལ་ནང་གསལ་ཡིན་ཞེས་བརྗོད་ཀྱིན་ཡོད་པས། སྲིད་སྐྱོང་གིས་བོད་རྒྱ་འབྲེལ་མོལ་ཐད་གསང་བའི་ངང་ནས་ཅིག་སྒྲུབ་ཀྱིན་ཡོད་མདོག་གིས་དེ་སྐོར་ཐད་ཀར་ཞུ་བདེ་མིན་ལུགས་བརྗོད་ཀྱིན་པ་དེ་ནི་ལན་སྟབས་བདེ་ཞིག་རེད་བསམ།

  5. ཀརྨ་བློ་གསལ་ says:
    2015-03-22 at 5:00 am

    ད་དེ་འདྲ་མ་གནང་རང་གནང་རེད་པཱ། རྒྱ་མིའི་རྩ་ཁྲིམས་འོག་ལ་འཛུལ་མ་ཐུབ་པར་ལྷག་བསྡད་ཡོད་པས། བོད་མི་ནང་ཁུལ་ལའང་ངོ་ཚ་ནས་བསྡད་ཡོད་པ་རེད།

  6. སྐར་ཆེན། says:
    2015-03-22 at 5:03 am

    དེ་སྔོན་རྒྱ་གར་གྱིས་འཐབ་རྩོད་བྱེད་ཕྱོགས་དང་དེང་སང་ང་ཚོས་འཐབ་རྩོད་བྱེད་ཕྱོགས་ཀྱི་རྣམ་པ་འདྲ་ཡང་། འཐབ་རྩོད་བྱེད་སའི་འཁོར་ཡུག་དང་གང་ལ་འཐབ་རྩོད་བྱེད་སའི་ཡུལ་གཉིས་ལ་བརྒྱ་འགྱུར་གྱིས་ཁྱད་པར་ཡོད་པས་གྲུབ་འབྲས་ཐོན་མིན་གྱི་ནུས་པ་ལ་ཡང་དེ་བཞིན་ཁྱད་པར་ཡོད། དེ་ན་ང་ཚོས་ནམ་ཡང་དཔེ་འདྲེན་ལུང་འདྲེན་ལྟ་བུར་བྱས་ནས་གྲུབ་འབྲས་གང་ཡང་མེད། རང་གི་ལྟ་ཚུལ་ཡིན་ན་གྲོས་མོལ་གནང་སྟངས་ལ་འགྱུར་བ་གཏོང་དགོས་གྱི་འདུག དེ་སྔའི་གནང་སྟངས་དེས་དེ་ཙམ་གྱི་ནུས་པ་ཐོན་མེད་པ་གསལ་བོ་རེད། ད་དུང་སྔར་རྒྱུན་བཞིན་བཞག་པ་ཡིན་ན་གྲུབ་འབྲས་ཀྱང་དེ་སྔ་ནང་བཞིན་རེད། གསང་བའི་ཐོག་ནས་གྲུབ་འབྲས་ཤིག་ཐོན་འགྲོ་ཡིན་ཁུལ་བྱེད་པ་དེས་གང་ཡང་འགྲུབ་མི་སྲིད། ནང་ཁུལ་ལ་རྩོད་པ་བྱེད་དགོས་བྱུང་ན་རྣམ་དཔྱོད་ལྡན་པ་ཤ་སྟག་རེད། དོན་དངོས་ཀྱི་གནད་དོན་ལ་ཐུག་དུས་རྩོད་པ་མེད་པ་དེ་ཡག་རྟགས་ཤིག་ཁྱོན་ནས་མ་རེད།

  7. ལྡོང་གསེར་མིག says:
    2015-03-22 at 12:36 pm

    ད་ལྟའི་རྒྱ་ནག་གི་ཆབ་སྲིད་དང་འགྱུར་འགྲོས་གང་ལ་བལྟས་ཀྱང་བོད་རྒྱ་ཞི་མོལ་ཞེས་པའི་དབུ་མ་ཚང་གི་ཚིག་སྐམ་འོག་ནས་བོད་ལ་རང་སྲིད་རང་སྐྱོང་ངམ་བདེན་དོན་གསལ་མི་ཐུབ་པ་ཕྱི་གསལ་ནང་གསལ་ཡིན་པ་མིག་ལྡན་ཞིག་ཡིན་ཕྱིན་མཐོང་ཚོད་རེད། ད་ནི་ལམ་ཁ་གཞན་ཞིག་ལ་བསམ་བློ་གཏོང་བའི་དུས་སུ་སླེབས། །

  8. ཅོ་རི་ཉི་མ། says:
    2015-03-22 at 2:47 pm

    སྲིད་སྐྱོང་མཆོག་གིས། 《གཙོ་བོ་བོད་རྒྱ་གཉིས་བར་ཐད་ཀར་འབྲེལ་བ་གནང་སྟེ་བོད་དོན་སེལ་ཐུབ་ལ་འབད་བརྩོན་གནང་དགོས་པ་ཞིག་ཡིན་ཡང་།》་་ཞེན་གསུངས་འདུག་ཟེར། འདི་གསར་འགོད་པས་བྲིས་ནོར་ཡིན་ནའང་འདྲ། སེང་གེས་བཤད་ནོར་ཡིན་ནའང་རེད་་་་བོད་དོན་སེལ་ཟེར་ན་བོད་དོན་མེད་པ་བཟོ་ཞེས་པའི་དོན་རེད། དཔེར་མི་སྲིད་ཚིག་བེད་སྤྱོད་བཏང་སྟངས་སྡུག་སྐྱ་རེད། སྐྱུག་མེར་ལངས་ཡ་རེད། སྔོན་ནས་འདི་འདྲ་ཞིག་བཤད་བསྡད་ཀྱི་འདུག

  9. ཅོ་རི་ཉི་མ། says:
    2015-03-22 at 2:51 pm

    བོད་དོན་སེལ་ཟེར་ན་བོད་དོན་མེད་པ་བཟོ་ཞེས་པའི་དོན་རེད།
    བོད་དོན་སེལ་ཟེར་ན་བོད་དོན་མེད་པ་བཟོ་ཞེས་པའི་དོན་རེད།
    བོད་དོན་སེལ་ཟེར་ན་བོད་དོན་མེད་པ་བཟོ་ཞེས་པའི་དོན་རེད།
    བོད་དོན་སེལ་ཟེར་ན་བོད་དོན་མེད་པ་བཟོ་ཞེས་པའི་དོན་རེད།
    བོད་དོན་སེལ་ཟེར་ན་བོད་དོན་མེད་པ་བཟོ་ཞེས་པའི་དོན་རེད།
    བོད་དོན་སེལ་ཟེར་ན་བོད་དོན་མེད་པ་བཟོ་ཞེས་པའི་དོན་རེད།་་་་རྣམ་རྟོག་ལོངས་མཁན་ཚོས་བསམ་བློ་ཡག་པོ་ཐོངས། བོད་དོན་རྩ་མེད་བཟོ་ཆོག་མི་ཡོང་།

  10. རྒྱ་ཞིང་མྱི་དཀར། says:
    2015-03-22 at 4:16 pm

    ཅོ་རི་་་་་སྐད་ཆ་འདི་འདྲའི་རིགས་ཀྱིས་ཕན་ཐོག་མི་ཡོང་མོད་་་་སྲིད་སྐྱོང་མཆོག་གིས་བོད་དོན་མེད་པར་ག་ལ་བཟོ་སྲིད་དེ་ནི་ཕལ་ཆེར་ཁྱེད་རང་ཉིད་མགོ་རྨོངས་བ་འདྲ་བོད་དོན་ལ་དགག་ཕྱོགས་དང་སྒྲུབ་ཕྱོགས་གཉིས་ཡོད་དགག་ཕྱོགས་སེལ་ནས་སྒྲུབ་ཕྱོགས་མངོན་དུ་གྱུར་ཐུབ་ན་ད་བཟོད་བོད་དོན་གྲུབ་པ་ཡིན།

  11. ཅོ་རི་ཉི་མ། says:
    2015-03-22 at 4:26 pm

    རྒྱ་ཞིང་་་ཨ་མཆོག་བཅད་ནས་རྐུབ་ལ་ལྷན་པོ་བརྒྱབ་མ་སྡོད། བོད་དོན་སེལ། བོད་སྐད་སེལ། བོད་ཁོ་རང་སེལ་འཇོག་ན་་་་་་་་ཧཧ བོད་སྐད་མ་ཤེས་ན་ཨེན་སྐད་ཐོག་ནས་བཤད་ན་འགྲིག་གི་རེད་བ། མ་ཤེས་མདོག་

  12. ཅོ་རི་ཉི་མ། says:
    2015-03-22 at 4:42 pm

    རྒྱ་ཞིང་མཁས་མདོག བོད་དོན་གྱི་དགག་ཕྱོགས་ཡིན་ན་བོད་དོན་མ་ཡིན་པའི་ཁྱབ། མི་རྟག་པའི་དགག་ཕྱོགས་ཡིན་ན་མི་རྟག་པ་མ་ཡིན་པའི་ཁྱབ། ཁྱོད་དང་བློ་སེང་གཉིས་ཀྱིས་རིག་ལམ་ཏོག་ཙམ་སྦྱོངས།

  13. རང་བྱུང་རིག་པའི་རྡོ་རྗེ says:
    2015-03-23 at 12:44 am

    ངས་བལྟས་ན་མ་འོང་བའི་ལོ་ལྔའི་ཚུན་ལ་བོད་རྒྱའི་བར་ལ་བཀའ་མོལ་ཡང་དག་ཅིག་བྱེད་ཐུབ་རྒྱུ་རེད་བསམ་གྱིན་འདུག ཡིན་ནའང་རང་སྐྱོངཚད་ལྡན་ཞིག་དཀའ་ལས་ཁག་པོ་རེད་མིང་ཙམ་ཞིག་སྟེར་སྲིད་པ་རེད། ༧གོང་ས་བོད་ལ་ཕེབས་སྲིད་པ་རེད། ཆབ་སྲིད་ཀྱི་ཐད་ནས་གྲུབ་འབྲས་ཆེན་པོ་ཁག་པོ་རེད་སྙམ། །

  14. ཀརྡོ་གཉེར་ཕྱག་པ་ says:
    2015-03-23 at 1:50 am

    བོད་དོན་སེལ། མ་རེད། བོད་དོན་གསལ། རེད། བོད་ཀྱི་དོན་གྱི་བདེན་པའི་མཐའ་གསལ་བ་ལ། བསྡུས་ནས། བོད་དོན་གསལ། ཞེས་ངག་འབྱམས་སུ་གྱུར་པ་རེད།
    ཡང་།
    བོད་ཀྱི་དཀའ་གནའ་སེལ་ཟེར་ན་ནི། བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་གཞན་ཞིག་ཏུ་འགྱུར་འགྲོ་བ་རེད།

  15. ཀརྡོ་གཉེར་ཕྱག་པ་ says:
    2015-03-24 at 2:00 pm

    བོད་ཀྱི་དཀའ་གནའ་སེལ་
    འདི།
    བོད་ཀྱི་དཀའ་གནད་སེལ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme