Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་ལུས་མེར་བསྲེཊ་གནང་མཁན་ཉེན་རྟོག་པས་འཁྱེར་འདུག

Posted on 2013-06-12 By ཁ་བརྡ་ 1 Comment on རང་ལུས་མེར་བསྲེཊ་གནང་མཁན་ཉེན་རྟོག་པས་འཁྱེར་འདུག

༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས༽

ཁ་སང་གཟའ་མིག་དམར་ཉིན་ཁམས་དཀར་མཛེས་ཁུལ་རྟའུ་རྫོང་དུ་བཙུན་མ་ཞིག་གིས་རང་ལུས་མེར་བསྲེཊ་གནང་རྗེས། ས་གནས་ཉེན་རྟོག་པས་བཙན་འཁྱེར་བྱས་ཡོད་འདུག ཁ་སང་ཕྱི་ཚེས་ ༡༡ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥།༢༠ ཙམ་ལ་བོད་མདོ་ཁམས་དཀར་མཛེས་བོད་རིཊ་རང་སྐྱོང་ཁུལ་རྟའུ་རྫོང་དུ། བཙུན་མ་ཞིག་གིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་པ་དང་། གནས་ཚུལ་བྱུང་སྟེ་ཅང་མ་འགོར་བར་ས་གནས་ཉེན་རྟོག་ཡོང་སྟེ་བཙན་འཁྱེར་བྱས་པ་ཙམ་ལས། ཞིབ་ཕྲའི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག

གནས་ཚུལ་དེའི་ཐད་དེ་རིང་གསར་འགོད་པས་ཁ་པར་བརྒྱུད་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དགོན་པའི་ཕ་ཡུལ་རྟའུ་ཉི་མཚོ་ནས་ཡིན་པའི་གྲྭ་ཡ་མ་ཚེ་རིང་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས། “ གནས་ཚུལ་དེ་བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་ཁ་པར་བརྒྱུད་དེ། ཁ་སང་ཕྱི་དྲོའི་ཆུ་ཚོད་ ༥ ཡས་མས་སུ་རྟའུ་རྫོང་ཉི་མཚོ་དགོན་པའི་འདབས་རོལ་དུ་ཡོད་པའི་རྒྱ་མིའི་ལས་ཁུངས་ཉེ་འཁྲིས་སུ་བཙུན་མ་ཞིག་གིས་རང་ལུས་མེར་བསྲེཊ་གནང་སོང་བ་དང་། རང་ལུས་མེར་བསྲེཊ་གནང་སྟེ་ཅང་མ་འགོར་བར་ས་གནས་ཉེན་རྟོག་པ་ཡོང་སྟེ་དར་རྩེ་མདོའི་སྨན་ཁང་ཞིག་ཏུ་འཁྲིད་སོང་ཅེས་བརྗོད་བྱུང་། ཁ་སང་རང་ལུས་མེར་བསྲེཊ་གནང་མཁན་བཙུན་མ་ཁོང་གྲོང་སྡེ་གང་ནས་ཡིན་མིན་དང་། མིང་དང་ལོ་ག་ཚོད་ཡིན་མིན་སོགས་ཞིབ་ཕྲའི་གནས་ཚུལ་གསལ་བོ་བཤད་མ་བྱུང་། དེའི་རྗེས་ནས་ང་ལ་འབྲེལ་བ་བྱེད་པའི་གོ་སྐབས་བྱུང་མ་སོང་། ”ཞེས་བརྗོད་བྱུང་།

ཡང་ཁོང་ལ་གནས་ཚུལ་དེ་ས་གནས་སུ་འཇང་དགུན་ཆོས་ཚོགས་བཞིན་པའི་སྐབས་བྱུང་བ་ཡིན་ཚུལ་འདུག་སྟབས། ད་ལྟའི་ཆར་ས་གནས་ཀྱི་གནས་སྟངས་གང་འདྲ་ཆགས་ཡོད་མེད་དྲིས་པར་ཁོང་གིས། “ ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ནས་བཟུང་རྟའུ་ཉི་མཚོ་དགོན་ཐོས་བསམ་དར་རྒྱས་གླིང་ནང་མདོ་ཁམས་རིས་མེད་འཇང་དགུན་ཆོས་སྐབས་ལྔ་པ་མགོ་འཛུགས་གནང་སྟེ། དེ་རིང་ཉིན་གསུམ་པ་ཆགས་འདུག ཉིན་བཅུའི་རིང་ཚོགས་འཆར་ཡོད་པའི་འཇང་དགུན་ཆོས་ཐོག་མདོ་ཁམས་གཉིས་ཀྱི་རིས་མེད་ཆོས་རྒྱུད་ཁག་གི་དགོན་སྡེ་ཁག་ ༦༠ ལྷག་གི་གྲྭ་བཙུན་ ༣༠༠༠ ལྷག་མཉམ་ཞུགས་བྱས་འདུག ཉིན་གཉིས་པའི་ཐོག་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་དང་། ཁང་གསར་སྐྱབས་མགོན་ཐུབ་བསྟན་དགེ་ལེགས་རྣམ་རྒྱལ་མཆོག ཉི་མཚོ་དགོན་པའི་ཁྲི་བ་རྒན་བློ་བཟང་རྒྱ་མཚོ་བཅས་གདན་ཞུ་གནང་སྟེ་མང་ཚོགས་ལ་བཀའ་སློབ་གནང་འདུག ཐེངས་འདིའི་འཇང་དགུན་ཆོས་ཐོག་ཡོང་མཁན་གྱི་དགོན་པ་མང་ཆེ་བ་ཁམས་ཕྱོགས་ནས་རེད། མདོ་སྨད་ཕྱོགས་ནས་རྔ་པ་ཀིརྟི་དགོན་པ་དང་དགོན་སྡེ་ཁག་ཅིག་མཉམ་ཞུགས་གནང་ཡོད་འདུག ཁ་སང་གི་གནས་ཚུལ་དེ་ས་གནས་སུ་འཇང་དགུན་ཆོས་ཚོགས་བཞིན་པའི་སྐབས་སུ་བྱུང་ཡོད་སྟབས། ད་ལྟའི་ཆར་དགོན་པའི་ངོས་ནས་མི་སྣ་བསྐོ་འཇོག་གིས་ཕྱིར་ཡོང་གྲྭ་བཙུན་གཙོས་པའི་གྲྭ་མང་དགོན་ནས་ཕྱིར་འགྲོ་བ་དང་། གྲྭ་བ་ཚོས་འགྲོ་འོང་ལ་བཀག་སྡོམ་ནན་མོ་བྱེད་ཀྱི་འདུག དེ་མིན་རྒྱ་ནག་གཞུང་གིས་ས་གནས་སུ་དམག་མི་འགྲེམས་འཇོག་གིས་དམ་དྲག་བྱེད་ཀྱིན་པའི་གནས་ཚུལ་བྱུང་མི་འདུག ” ཅེས་བརྗོད་བྱུང་།

གསར་འགྱུར།

Post navigation

Previous Post: བློ་མཐུན་སྲིད་སྐྱོང་གིས་བོད་ནང་དམར་པོའི་དབང་བསྒྱུར་ལ་ངོས་ལེན།
Next Post: ལྷ་དང་ཀླུ་དང་དྲི་ཟ་སོགས་འཇིག་རྟེན་གང་འདྲ་ཞིག་ལ་དྲིས་ཀྱང་དབུ་མའི་ལམ་ལས་ལྷག་ཅིག་བསྟན་རྒྱུ་མེད།

Comment (1) on “རང་ལུས་མེར་བསྲེཊ་གནང་མཁན་ཉེན་རྟོག་པས་འཁྱེར་འདུག”

  1. ཟེ་བ་སྟག་རྩེ says:
    2013-06-13 at 2:17 am

    ཨོཾ་མ་ཏྲི་མུ་ཡེ་ས་ལེ་འདུ་ཨོཾ་མ་ཏྲི་མུ་ཡེ་ས་ལེ་འདུ་ཨོཾ་མ་ཏྲི་མུ་ཡེ་ས་ལེ་འདུ་་་་་་ཨོཾ་མ་ཏྲི་མུ་ཡེ་ས་ལེ་འདུ་་་ཨོཾ་མ་ཏྲི་མུ་ཡེ་ས་ལེ་འདུ་་་་ཨོཾ་མ་ཏྲི་མུ་ཡེ་ས་ལེ་འདུ་་་་་་མྱུར་དུ་སངས་རྒྱས་པར་གྱུར་ཅིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme