Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་ལུས་མེར་སྲེག་མཚམས་འཇོག་དགོས་སམ་མི་དགོས།

Posted on 2012-11-242012-11-25 By ཁ་བརྡ་ 25 Comments on རང་ལུས་མེར་སྲེག་མཚམས་འཇོག་དགོས་སམ་མི་དགོས།

ཁྲི་རལ་པ།

ད་ཆ་བོད་ནང་བོད་མི་རྒན་གཞོན་དང་ཕོ་མོ་སེར་སྐྱ་དབྱེ་བ་མེད་པར་མི་༨༡གིས་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་ཕྱིར་ཕེབས་དང་། བོད་ནང་རང་དབང་གཙང་མ་ཅིག་ཡོང་ཆེད་དུ་རང་ལུས་མེར་བསྲེགས་གནང་ཟིན་ཡོད། བོད་མི་དེ་ཚོ་ཀུན་གྱིས་ང་ཚོ་བོད་མི་རེ་རེའི་རང་དབང་དང་བདེ་སྐྱིད། འཚོ་གནས་དང་རིག་གཞུང་གི་ཆེད་སྲོག་བཏང་བ་ཡིན་དུས། མིའི་གཤིས་ཀ་དང་བསམ་བློ་ཡོད་པའི་བོད་མི་ཅིག་ཡིན་ན་མར་མེ་ཁྲོམ་བསྐོར་དང་མཆོད་འབུལ་བསྔོ་སྨོན་གྱི་ཆོ་ག་ཕྱག་ལེན་ཙམ་བྱས་ཏེ་འཇམ་ཐིང་ཐིང་ངང་སྡོད་ཚོད་མ་རེད། ཡག་སྡུག་ག་རེ་བཤད་ན་བོད་མིའི་འཐབ་རྩོད་ཀྱི་འགོ་ཁུངས་ངོ་མ་དང་ཁ་ལོ་བསྒྱུར་ཐུབ་མཁན་དངོས་བཙན་བྱོལ་ནང་ཡོད་པ་བརྗེད་མི་ཉན། འོན་ཀྱང་། བཙན་བྱོལ་གྱི་གནད་ཡོད་ཚོས་ད་སྔ་རང་ལུས་མེར་བསྲེགས་སྟེང་གནད་འགག་གི་སྐད་ཆ་གཉིས་བཤད་ཡོད་པ་ནི། ཁོང་ཚོར་བོད་ནང་བཀའ་གཏོང་རྒྱུའི་དབང་ཆ་མེད་པ་དང་བོད་ནང་གི་བོད་མི་ཐབས་ཟད་འུ་ཐུག་གིས་མེར་བསྲེགས་བཞིན་པ་དེ་རེད།
ཡིན་ནའང་། བཀའ་གཏོང་དབང་ཡོད་ནས་བོད་རང་བཙན་དང་དབུ་མའི་ལམ་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་བའི་བསམ་འཆར་ཡིག་ཆ་སོགས་གཞུང་དང་ཚོགས་པ་ཁག་གིས་གཏན་འབེབས་དང་ཐ་ན་རྒྱ་ནག་གཞུང་ལའང་ཕུལ་ཡོད་པ་རེད། དབང་ཆ་མེད་ན་བོད་ནང་གི་བོད་མིར་མོས་ཤོག་མ་བསྡུས་པར་རྩ་དོན་དེ་རིགས་གང་འདྲ་བྱས་ཏེ་ཐག་གཅོད་ཐུབ་བམ། དེར་བརྟེན་བཀའ་གཏོང་དབང་མེད་ཟེར་བ་དེ་འགན་ཁུར་ལ་གཡོལ་ཐབས་ཀྱི་མགོ་བདེ་བོའི་བསམ་བློ་ཅིག་རེད་སྙམ། ང་རང་གིས་བསམ་ན་ད་ལྟ་ཕལ་ཆེར་ཉི་མ་རེ་རེར་རང་ལུས་མེར་བསྲེགས་བྱུང་བཞིན་པའི་ཆེས་ཛ་དྲག་གི་གནས་བབ་འདིར། བྱེས་ཀྱི་བོད་མི་ཚོས་ཁྲལ་སྒྲུབ་ཙམ་གྱི་ལས་འགུལ་རེ་སྤེལ་ཏེ་ལྟད་མོ་བའི་ངང་ཚུལ་དང་སོ་སོར་གདེང་མེད་པའི་སྒོ་ནས་མི་འདུག་པར། ངེས་པར་ཡག་སྡུག་གི་ཕན་ཁྱད་འདོན་ཐུབ་པའི་ཐག་གཅོད་ཅིག་གནང་རན་རེད།

མེར་བསྲེགས་མུ་མཐུད་གཏོང་བཅུག་རྒྱུ་ཡིན་ན།
༡༽ ད་སྔ་བར་བཞུགས་སྒར་དུ་ཛ་དྲག་འཚོགས་ཆེན་མང་པོ་བསྐོངས་ཏེ་གྲོས་ཆོད་མང་པོ་ཅིག་བཞག་པ་རེ་རེ་བཞིན་བཀླགས་མོད། ཛ་དྲག་ལ་འཕྲལ་མར་ཕན་ནུས་འདོན་ཐུབ་པ་དོན་ཚན་གཅིག་ཀྱང་མཐོང་མ་སོང་བས། ད་རྒྱ་གར་དུ་བོད་གཞུང་དང་ཚོགས་པ་ཁག་ཡོངས་རྫོགས་མཉམ་རུབ་ཀྱིས་བོད་ཀྱི་བླ་ཆེན་མི་ཆེན་ཀུན་པོས་སྣེ་ཁྲིད་དེ། བོད་བསྐྱོད་ཀྱི་ལས་འགུལ་ལོ་རྒྱུས་ནང་བྱུང་མ་མྱོང་བ་ཅིག་སྤེལ་ནས་བཟང་ཐག་ངན་ཐག་ཆོད་པའི་སྐེ་མཚམས་ལ་བསྐྱལ་རན་རེད་མ་གཏོགས། མི་སྒེར་བའི་ལས་འགུལ་དང་ལྷག་བསམ་གླིང་ཚ་ཚེ་རྡོར་གྱི་རྗེས་སུ་འགྲོ་ཀི་རེད།
༢༽ ཕྱི་རྒྱལ་ཁག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་རྒྱ་ནག་གཞུང་ཚབ་ཁག་མདུན་ད་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་སྤེལ་དུས་ལ་བབ་ཡོད་པ་རེད།
༣༽བོད་ནང་གནས་ཚུལ་ཇི་ཙམ་ཛ་དྲག་ཡིན་ནའང་ང་རང་ཚོ་ནམ་རྒྱུན་ལྟར་ལྷོད་བསྡད་བྱས་པ་དེས་ཕྱོགས་གཅིག་ནས་རྒྱལ་སྤྱིས་དོ་སྣང་ཡོང་བར་གནོད་ཚབ་ཆེན་པོ་རེད་སྙམ། ང་ཚོ་སོ་སོས་ཛ་དྲག་འདི་ཕྱི་ལ་གསལ་སྟོན་དང་ཐབས་སྣ་ཚོགས་ཀྱིས་འཁྲུག་པོ་བཟོ་ཐུབ་ན། ཉེ་ལམ་གྱི་ཨི་ཟི་རལ་དང་པ་ལི་སི་ཐན་གྱི་གནད་དོན་ནང་བཞིན་རྒྱལ་སྤྱིས་ཛ་དྲག་གིས་ཇུས་འཁྲི་བྱེད་སྲིད་པ་རེད།
༤༽བོད་ནང་གི་བོད་མི་ཚོར་ཡང་འདི་ག་ནས་བོད་ས་ཁྱོན་ཡོངས་སུ་ཞི་རྒོལ་སྡེབས་ལངས་དང་ལས་འགུལ་སྤེལ་ལུགས་ཀྱི་བཀོད་ཇུས་ཚུན་ཆད་གཏོང་འོས་པ་དང་དགོས་ངེས་རེད།
༥༽ དེ་འདྲ་ཡོངས་ཁྱབ་ཀྱི་ཤི་ཐག་གསོན་ཐག་ཆོད་པའི་ལས་འགུལ་ཅིག་གནང་ཐུབ་ན་རྒྱ་ནག་གཞུང་གིས་ཚུར་བོད་མིར་འཇམ་མཁས་བྱེད་དགོས་པ་ཅིག་ཡོང་སྲིད་པ་རེད།

མེར་བསྲེགས་མཚམས་འཇོག་ན།
༡༽ བཙན་བྱོལ་དང་བོད་ནང་གཉིས་ཆར་མེར་བསྲེགས་སྐོར་ལ་བསམ་ཚུལ་མི་མཐུན་པ་གསུམ་ཡོད་པ་གསལ་བོ་རེད། མང་པོ་ཅིག་གིས་མེར་བསྲེགས་མཚམས་བཞག་ན་ཛ་དྲག་གནས་བབ་ཞི་འཇམ་དུ་ཕྱིན་ཏེ་སྔོན་མའི་མེར་བསྲེགས་རྣམས་ལོ་རྒྱུས་ཙམ་དུ་འགྱུར་བར་སེམས་ཁྲལ་བྱེད་ཀྱི་འདུག་མོད། ལས་འགུལ་གང་ཡིན་ལོ་རྒྱུས་སུ་འགྱུར་རྒྱུ་ཆོས་ཉིད་དང་དེས་ནུས་པ་འཐོན་མིན་ཡུལ་དུས་གནས་བབ་མང་པོ་ཅིག་ལ་ལྟོས་ཡོད་པ་རེད།
༢༽ རང་ལུས་མེར་བསྲེགས་མཚམས་འཇོག་འདོད་ན་བླ་ཆེན་མི་ཆེན་ཡོངས་ནས་རེ་སྐུལ་ནན་པོ་གནང་ན་བོད་ནང་མི་ཚོས་ཏན་ཏན་གསན་ཀི་རེད། ད་ལྟ་ཁོང་ཚོར་ཁག་མེད་པ་ཅིག་མདོ་སྨད་ཁུལ་དུ་བོད་མི་བརྒྱ་དང་བརྒྱད་མེར་བསྲེགས་ན་བོད་ལ་རང་དབང་ཐོབ་རྒྱུ་༧གོང་ས་མཆོག་གིས་གསུང་ཚུལ་གྱི་དཀྲོག་གཏམ་ཅིག་ཁྱབ་ཡོད་པ་ཡོངས་གྲགས་དང་། དེའི་སྣོན་པར་བཙན་བྱོལ་དུ་མེར་བསྲེགས་མ་གནང་ཟེར་བ་གོ་རྒྱུ་མེད་པ་རེད།
༣༽ དེ་སྔ་ཟམ་གདོང་རིན་པོ་ཆེའི་འཛིན་སྐྱོང་གི་སྐབས་ཁམས་ཕྱོགས་སུ་ས་ཞིང་མི་འདེབས་པར་རྒྱ་རྒོལ་ལས་འགུལ་སྤེལ་བ། ས་གནས་བོད་མི་ཚོར་གྱོང་གུད་ཚབ་ཆེན་ཡིན་པས་ལས་འགུལ་དེ་མཚམས་འཇོག་རོགས་ཞེས་ཟམ་གདོང་རིན་པོའི་བཀའ་ཤག་གི་ངོས་ནས་དངོས་སུ་འབོད་སྐུལ་ཞུས་པར་བོད་མིས་གསན་འཇོག་གནང་ཡོད་ལ། སྟག་གཟིག་པགས་པ་མེར་བསྲེགས་ཀྱི་ལས་འགུལ་ཡང་དེ་དང་གཅིག་མཚུངས་ཡིན་སྟབས། ལས་འགུལ་འདིས་བོད་མིར་གྱོང་རག་གི་ཡོད་ན་དེ་འགོག་ཐབས་ཀྱི་ནུས་པ་བཙན་བྱོལ་དུ་ཡོད་པ་རེད།
༤༽ མེར་བསྲེགས་འདི་འདྲ་མང་པོ་བཏང་བ་དེས་ཕྱོགས་གཅིག་ནས་བོད་མིའི་སེམས་ནང་ཞེན་ཁོག་དང་ལ་རྒྱའི་བག་ཆགས་མཐུག་པོ་ཅིག་བཞག་གི་ཡོད་པ་སྨྲ་མ་དགོས། འོན་ཀྱང་། བློ་གཟུ་བོའི་སྒོ་ནས་བལྟས་ན་བོད་མི་དེ་ཙམ་མང་པོས་སྲོག་བློས་བཏང་བ་དེས་ད་སྔ་ཚུན་རྒྱལ་སྤྱི་དང་བཙན་བྱོལ་ནང་། བོད་ནང་བཅས་སུ་འགྱུར་ལྡོག་གི་མངོན་རྟགས་ཙམ་ཡང་བྱུང་གི་མེད་པས། ཁོང་ཚོའི་རྗེས་སུ་ང་ཚོ་མཆོངས་མི་ཐུབ་ན་ཁོང་ཚོ་མུ་མཐད་མེར་བསྲེགས་གཏོང་བཅུག་རྒྱུ་འདི་བློས་བཟོད་དཀའ་མོ་རེད།
༥༽ གལ་ཏེ་ཛ་དྲག་ལས་འགུལ་སྤེལ་ཚེ་ངེས་པར་ཚང་མའི་ནུས་པ་མཉམ་སྤུངས་བྱེད་དགོས་འདུག་མ་གཏོགས་སྒེར་རེ་ཟུང་གི་ལས་འགུལ་གྱིས་ཕན་ཁྱད་གང་ཡང་འདོན་མི་ཐུབ་པ་མངོན་གསལ་རེད། ཛ་དྲག་ལས་འགུལ་མཚམས་བཞག་ནའང་བོད་མིའི་ངོ་བོ་དང་རིག་གཞུང་། འཁོར་ཡུག་ཚུན་དོ་ནན་སྲུང་སྐྱོབས་ཀྱིས་ན་མི་རིགས་གསོན་གནས་ཀྱི་ལམ་ཁ་རེག་གི་རེད་སྙམ།

སྣ་ཚོགས།

Post navigation

Previous Post: མེ་དང་ཚེ་སྲོག
Next Post: ཨིན་ཡིག་གི་དྲ་དེབ་གྲགས་ཅན་ཞིག

Comments (25) on “རང་ལུས་མེར་སྲེག་མཚམས་འཇོག་དགོས་སམ་མི་དགོས།”

  1. མཁས་དབང་ says:
    2012-11-24 at 5:33 pm

    ཁྲི་རལ་པ་མཆོག་ལ་ཞུ་རྒྱུ་ནི་་་་་་་་་རང་གི་བཀའ་མོལ་གསན་མཁན་ནི་ཉི་མའི་ནང་གི་དཀར་་མ་རེད་་་་་་་་་སྔོན་ལ་དུལ་རྒྱལ་བསྟེན་མཁན་ཚོ་གཙང་མ་བཟོ་དགོས་་་་་་་་་གལ་ཆེ་ཤོས་ཞིས་དེ་རེད་་་་་་རྒྱ་གར་ནང་དུལ་རྒྱལ་བསྟེན་མཁན་ཉུང་ཤས་ཞིས་རེད་་་་་དེ་ཚོ་མེད་པ་བཟོས་ན་རང་བཙན་རག་པ་དང་ཁྱེད་ཡོད་མ་རེད་་་་་་གོང་ས་མཆོག་གི་ཐུགས་དགོང་ཡང་དེ་རེད་་་་་གལ་དེ་ཁྱོད་གྱི་གོང་ས་མཆོག་ལ་དོད་པ་ཡོད་ན་དུལ་རྒྱལ་ཚོགས་པ་མེད་པ་བཟོ་དགོས་་་་་་་དེ་ནས་བོད་ནང་ག་འདྲ་བྱེད་དགོས་ཡོད་མེད་སྐོར་འགྲོ་གླིང་གནང་ཆོགས་

  2. ཆོས་འཕེལ་དར་རྒྱས་ says:
    2012-11-24 at 5:51 pm

    དེ་ཡང་འདི་ནས་བདག་གིས་ཅི་ཞུ་བ། ཕ་ཡུལ་ཕྱོགས་སུ་ཆེད་དུ་གཉེར་བའོ་། ཇི་ལྟར་མི་ལ་བསྒྲགས་པར་བྱ་བའི་ཚེ། ཕན་དང་གནོད་པ་གང་ཡོད་ལེགས་པོར་ལྟོས། ལས་ཀྱིས་བགོས་བའི་བདག་ཅག་ཕ་ཡུལ་ན། ཤ་རུས་གཅིག་པའི་བོད་རིགས་སྤུན་ཟླ་ཚོ། གཅིག་རྗེས་གཉིས་མཐུད་མེ་ལྕེ་ལ་འབར་དུས། སེམས་ཚབ་ཀུན་ལ་ཡོད་པ་བརྗོད་མ་དགོས། ད་ནི་མེ་ལ་མ་སྲེགས་ཟེར་བའི་བསྐུར་སློང་ཞིག། ཕ་ཡུལ་གངས་ཅན་ཕྱོགས་ལ་ཀུན་གྱིས་གཏོང་རན་རེད། མཉམ་འབྲེལ་རྒྱལ་ཚོགས་ཟེར་ནས་སྐྱོབས་མཁན་དང་། ཨ་རིའི་དམག་དཔུང་ཟེར་ནས་གདོང་གྲོགས་ཞིག། ཡོང་རྒྱུ་མེད་པ་བོད་ལ་བསྒྲགས་ན་བསམ། གང་ལ་ཀུན་གྱིས་ཉན་པ་གཙོ་འཛིན་དེས། ཀུན་གྱི་དོན་ལ་གསུང་ཞིག་འབྱོན་ན་ལེགས། སྨྱལ་བའི་འཕྲང་དང་འདྲ་བའི་བདག་ཅག་ལས། མྱུར་དུ་བདེ་ལྡན་ཞིང་ཏུ་གྱུར་བར་སྨོན།

  3. དགའ་ཡ། says:
    2012-11-24 at 6:03 pm

    མེར་བསྲེགས་མཚམས་ཆད་པར་སྨོན།

  4. མཁས་དབང་ says:
    2012-11-24 at 6:09 pm

    དུལ་རྒྱལ་བསྟེན་མཁན་རྣམས་མེད་པ་ག་འདྲ་སུ་བཟོ་དགོས་ཡོད་རེད་་་་་་

  5. མཁས་དབང་ says:
    2012-11-24 at 6:12 pm

    རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་མ་ཐུབ་བར་དུ་མེ་བསྲེས་མཚམ་འཇོགས་བྱས་ན་་་་་སྔར་༨༡ ཐམས་པ་མེ་བསྲེགས་པ་སྟོང་པ་རེད་་་་་་ནམས་ཡང་འཚམ་འཇོགས་བྱས་མི་རུང་་་་

  6. མཁས་དབང་ says:
    2012-11-24 at 6:15 pm

    སོ་སོར་མེ་བསྲེགས་མ་ཐུབ་ན་ཡང་་་་་རང་ལུས་མེ་བསྲེགས་མཁན་རྣམས་ལ་འཚམ་འཇོགས་དགོས་པའི་རི་བ་ནམ་ཡང་ཞུ་མི་རུང་་་་་གལ་དེ་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འདད་མེད་ན་བསམ་འཆར་མེད་་་་

  7. ཉི་མ་ལྷ་ས། says:
    2012-11-24 at 8:54 pm

    ཚིག་སྐྱོན་རྐྱང་རྐྱང་གིས་མཆན་ཞིག་བཀོད་འདུག ངོ་མ་སེམས་སྐྱོ་དགོས་པ་ཞིག་རེད། མཁས་དབང་གི་མིང་འཛིན་པ་ལགས།

  8. འཇམ་གཅེས says:
    2012-11-24 at 10:14 pm

    འོ་ཡ་་་ད་ཡང་་་དྲ་བའི་འབུ་སྲིན་ཁ་ཤས་འདིར་འབྱོར་འདུག །ཉིན་ཤས་རིང་དུ་ངས་རྩོམ་ཡིག་གཞན་ཞིག་གིནང་དུ་མཆན་བཀོད་མཁན་དྲ་འབུ་ཁ་ཤས་ལ་ཁ་བརྡུང་བཏང་ནས་འདིར་ཡོང་ཐུབ་མ་སོང་། དེ་རིང་འདིར་འབྱོར་མ་ཐག་ཏུ་ཕུ་དཀྲུགས་འདའ་དཀྲུགས་བཟོ་མཁན་དག་དང་ཁ་ཐུག་ཁེལ་འདུག །ད་ཡིན་ན་ཁྱོད་ཚོས་གྲས་ཀྱིས་བོད་མི་རིགས་ཀྱིས་བདེ་སྡུག་གླེང་མི་དགོས་ལ་ལས་འགུལ་ཡང་སྤེལ་མི་དགོས། བོད་པའི་སྤྱི་ཚོགས་ནང་དུ་ཀ་ངལ་འདུག་ན་ཡུལ་མི་གཞན་གྱི་མི་སེར་བཟོ་རོགས་གནང་། ཁྱོད་ཚོའི་གྲས་ནི་ང་ཚོ་བོད་པ་ཚང་ལ་ཕན་ལས་གནོད་ཚབ་ཆེ་བ་འདུག་ངོ་མ་ཡིན། བཀྲ་མ་ཤིས་རྒྱུ་འདི་ཚོ།

  9. ཟུར་གནས། says:
    2012-11-24 at 11:00 pm

    དི་རིང་གཟུར་གནས་བློ་ལྡན་གྱི་བཞིན་བཟང་ངོ་མ་ཞིག་མཐོང་སོང་། དི་རིང་གཟུར་གནས་བློ་ལྡན་གྱི་ཐུགས་དགོངས་ངེས་དོན་འདི་ཤར་བྱུང་། དི་རིང་གཟུར་གནས་བློ་ལྡན་གྱི་རང་གཤིས་དྲང་མོ་འདི་བསྟན་སོང་། དི་རིང་ཁོང་བོད་གངས་ཅན་ལ་གཏིང་ནས་མི་སྤྲོ་བའི་མི་ཞིག་རེད་ལགས། དི་རིང་ངའི་ཡིད་ལ་རྟོགས་པ་གསར་པ་ཞིག་སྐྱེས་བྱུང་། དི་རིང་ངའི་སེམས་ལ་ན་ཟུག་ཚ་བོ་ཞིག་རྒྱུག་བྱུང་། བོད་པ་ངེད་ཚོའི་ཁྲོད་ན་བོད་ཡིག་པ་འདི་འདྲ་ཡོད་པ་ཡིད་ལ་མི་ཤོང་། ཨོམ་ནི་པད་མེ་ཧུ། གྲོངས་མཁན་ཚོ་སྙིང་རེ་རྗེ། ཡིད་བཞིན་ནོར་བུས་མཁྱེན་ནོ།

  10. འདྲེ་རྐང་ཐོ། says:
    2012-11-24 at 11:03 pm

    དྲྭ་འབུ་ལ་ལས་གད་མོ་ཤོར་འགྲོ་བ་་དེ་འདྲ་བྲིས་འདུག་ག

  11. གངས་དཀར་རྒྱལ་སྲས། says:
    2012-11-24 at 11:08 pm

    མཁས་དབང་ཟེར་བའི་ཡིག་ནོར་རྐྱང་རྐྱང་འབྲི་མཁན་འདིས་དོན་ངོ་མ་ཅི་ཞིག་ཟེར་གྱིན་ཡོད་དམ། ར་བཟིའི་བཤད་སྟངས་རང་རེད། འདིའི་སྐད་ཆ་བཤད་སྟངས་དང་ཡིག་ནོར་འབྲི་སྟངས་ལ་བལྟས་ན་འདི་ཅི་ཡང་མི་ཤེས་མཁན་གྱི་ཇུས་གཏོགས་པ་ཞིག་དང་དཀྲུགས་ཤིང་བ་ཞིག་ཡིན་པ་འདྲ། གཟུར་གནས་བློ་ལྡན་ཟེར་བས་རྒྱལ་བ་རིན་པོ་ཆེའི་ཆེད་དུ་བོད་མི་འབུམ་གཅིག་མེ་ཡིས་འབར་ཀྱང་འགྱོད་པ་ཅི་ཡོད་། ཁོང་ཚོ་སངས་རྒྱས་གི་རེད་ལ་། རིན་པོ་ཆེའི་ཐུགས་དགོངས་རྫོགས་གི་རེད་།་་་དེ་འདྲའི་གླེན་བཤད་མ་བྱེད། ཁྱོད་ཀྱིས་ཟེར་ན་རིན་པོ་ཆེ་བོད་མི་ཚོ་མེ་ལ་བསྲེག་ན་ཐུགས་དགྱེས་ཀྱི་རེད་ཟེར་བ་རེད་ལ། འདི་འདྲ་སེམས་ལ་དྲན་ཡང་ཁ་ཡས་བཤད་ཐུབ་པ་ཡ་མཚན་རེད་ད། དེའི་འོག་གི་མེ་ཏོག་དཀར་པོ་ཟེར་བ་ནས་གཟུར་གནས་ཀྱིས་བཤད་པ་ལ་རྒྱབ་སྐྱོར་གཙང་མ་ཡོད་ཟེར་བས་ཁོའང་དེ་ལས་མ་འདས་ན་འདི་རིགས་ཀྱི་བསམ་བློའི་ནང་ལ་དོན་ངོ་མ་ཅི་ཞིག་འཁོར་གྱི་ཡོད་དམ། གཅིག་བྱས་ན་འདི་དག་ནི་ཁོ་ཚོའི་ལས་འགན་ཡིན་པ་ལའང་ཉེན་ཁ་ཡོད་ཀྱི་རེད།

  12. ཁྲི་རལ་པ། says:
    2012-11-24 at 11:27 pm

    རྣམ་པ་ཚོས་བརྗོད་གཞི་དངོས་ཀྱི་སྟེང་བགྲོ་གླེང་ཡོང་རེ་ཡོད།

  13. འདྲེ་རྐང་ཐོ། says:
    2012-11-24 at 11:29 pm

    གངས་དཀར་རྒྱལ་སྲས་ལགས་ཀྱིས་་དྲྭ་འབུ་འདི་ཚོར་ཏག་ཏག་བཟོས་འདུག་་་་བཀའ་དྲིན་ཆེ།

  14. མཁས་དབང་ says:
    2012-11-24 at 11:40 pm

    ངའི་མིང་ལ་མཁས་དབང་རེད་་་་་སྦྱོངས་སྟོབས་གྱིས་མཁས་དབང་མ་རེད་ཡིག་གི་ནོར་ཡོད་ན་དགོང་དག་་་་་གང་ལྟར་ངས་ཞུ་ཡ་ལ་་་་་་་མེ་བསྲེགས་བཏོང་དང་མ་བཏོང་སོ་སོའི་ལགས་ནང་ཡོད་པ་ཞིག་རེད་་་་་་་་གོང་ས་མཆོག་གི་དགོངས་པ་གཙོ་འོ་དེ་་་་་དུལ་རྒྱལ་བསྟེན་མཁན་མེད་པ་ཆགས་དགོས་པ་རེད་་་་་སོང་ཙམ་ཚང་མའི་ཐབས་ཤེས་རྩལ་དེ་ཁོང་ཚོ་མེད་པ་བཟོས་ཐུབ་ན་རྒྱལ་བ་དགོང་པ་འགྲུབས་ངེས་རེད་་་་་གསལ་པོ་རེད་་་་་་ཚང་མའི་ཤུགས་རྒྱབས་རོས་གནང་

  15. ཡང་ཀྱཱ་མ་མགོན says:
    2012-11-24 at 11:51 pm

    ་གངས་་དཀར་རྒྱལ་སྲས་ཀྱི་གསུང་བ་ལ་རྒྱབ་སྐྱོར་ཡོད། མཁས་དབང་དང་གཟུར་གནས་བློ་ལྡན་ཟུར་གནས་་མི་ངན་འདི་གསུམ་གྱི་ཁ་ནང་ལ་གཏོར་མ་དྲུག་བཅུ་བ་ཤིག་གིས་བརྒྱོབ་གནང་ན་དག་དག་རེད།

  16. ཁྲི་རལ་པ། says:
    2012-11-24 at 11:51 pm

    མཁས་དབང་ལགས་སུ་ཞུ་རྒྱུར།ངས་བསམ་ན་ད་ཆ་བོད་ནང་རང་ལུས་མེར་བསྲེགས་འགྲོ་བཞིན་པ་འདི་ཁོང་ལག་ཏུ་ཡོད་པ་རེད་ཅེས་འགན་ལ་གཡོལ་ཐབས་གནང་རྒྱུ་མི་འདུག།འདིའི་ཐད་ཆོས་པ་ཡིན་མིན་དང་ཆབ་སྲིད་ཀྱི་དབང་ཆ་ཡོད་མེད་སོགས་ལའང་འབྲེལ་བ་གཅིག་ཀྱང་མི་འདུག།ཁོང་ཚོའི་བློས་གཏོང་དེ་བོད་པ་སྲིད་དོན་པ་དང་ཆོས་པ་བཅས་ཀྱི་ཆེད་དམིགས་བསལ་བྱས་བཞག་པ་གང་ཡང་མ་རེད།ཁོང་ཚོས་བོད་མིར་གྱུར་ཚད་ཚང་མའི་བདེ་སྡུག་ཆེད་སྲོག་བཏང་ཡོད་པས།ད་ཆ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཡང་ན་ལས་འགུལ་འདི་ནུས་པ་འཐོན་པ་ཅིག་དང་།ཡང་ན་ལས་འགུལ་འདི་མཚམས་འཇོག་ཡོང་བར་ཀླད་པ་དཀྲུག་སྟེ་ལག་བསྟར་གནང་ཚད་རེད།

  17. ཁྲི་རལ་པ། says:
    2012-11-24 at 11:53 pm

    ཁོང་ཚོའི་ལག་ཏུ་ཅེས་པར་བཅོོས་རོགས།

  18. ཀརྡོ་གཉེར་ཕྱག་པ་ says:
    2012-11-25 at 12:12 am

    རང་ལུས་མེར་སྲེག་མཚམས་འཇོག་དགོས་ཏེ། གལ་སྲིད་རང་ལུས་མེར་སྲེག་མང་དྲགས་ན་༸གོང་ས་མཆོག་བོད་ལ་ཕེབས་ཐུབ་པ་དང་། བོད་ལ་རང་དབང་ཐོབ་ན་ཡང་། དགོས་དོན་དེ་གཉིས་ཀྱི་ཉིན་རེ་ཉིན་རེར་ཆུང་དུ་འགྲོ་བ་མིན་ནམ། མིའི་ཚེ་སྲོག་ལ་རིན་ཐང་སྤྲད་ཐུབ་མཁན་སུ་ཡང་མེད་པས་སོ། །

  19. ཟུར་གནས། says:
    2012-11-25 at 12:51 am

    ངེས་པར་དུ་མཚམས་འཇོག་བྱས་ནས། སླད་ལམ་ཁ་གསར་པ་ཞིག་འཚོལ་བར་ཞུ། མེར་བསྲེགས་ཀྱི་ཐབས་ལམ་འདིས་གྲུབ་འབྲས་མི་མངོན་པས། ཐབས་ཤེས་གཞན་པ་ཞིག་འཚོལ་བར་ཞུ།

  20. ཕྱག་འཚལ། says:
    2012-11-25 at 12:53 am

    མེར་བསྲེགས་མཚམས་འཇོག་དང་མ་འཇོག་ ་་་་ཕྱི་ཕྱོགས་ལ་དབང་ཆ་སུ་གང་ལ་ཡོད་པ་མ་རེད་་་་་་་་་་་་་འོ་ན་སུ་ལ་ཡོད་རེད་ཟེར་ན་རྒྱ་ནག་གཞུང་ལ་ཡོད་རེད་་་་་་་་་་་་་་་་་་་་་་་་་་་་་་་་ཁྱེད་རང་ལ་་ཐོབ་ཐང་ངམ་གདམ་ཀ་ཞིག་ཡོད་པ་དེ་ནི་སོ་སོས་ས་སྣུམ་དང་ཙག་སྒྲ་འཁྱེར་ཏེ་སྤོར་རྒྱུ་དང་་་་་་་་་་ཡང་ན་བོད་རྒྱལ་ཁབ་ཀྱི་ཆེད་དུ་མེར་བསྲེགས་གཏོང་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དེ་རེད་་་་་་་་་་་་་་་་་དེ་ལས་ལྷག་པའི་ལས་འགན་ཞིག་ངས་མཐོང་མ་སོང་་་་་་་་་་་་་་་་་་་ཐུགས་རྗེ་ཆེ།

  21. འདྲེ་ནག་མགོ་དགུ་ says:
    2012-11-25 at 1:41 am

    ༧གོང་ས་༧རྒྱལ་དབང་ཐམས་ཅད་མཁྱེན་པ་བོད་ལ་ངེས་པར་དུ་ཕེབས་འཇུག་པར། རྒྱ་དམར་གཞུང་ནས་མཐུན་རྐྱེན་བསྒྲུབ་དགོས།

  22. རྡོ་རྗེ་རྒྱལ་མཚན། says:
    2012-11-25 at 1:52 am

    ༡རང་ལུས་མེར་བསྲེགས་གནང་བ་འདི་ཞི་བའི་འཐབ་རྩོད་ཅིག་ཡིན་སྟབས་རྒྱལ་སྤྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་མི་སྤྲོད་པ་དང་།རྒྱ་ནག་གཞུང་གི་གནད་ཡོད་མི་སྣ་ཚོས་ཤ་ཚ་སྙིང་རྗེ་མ་བྱས་ཚེ་བོད་མི་ཚང་མ་མེར་བསྲེགས་བཏང་ཡང་དེས་རྒྱ་གཞུང་ལ་ཅི་གང་གནོད་པ་མེད་རེད།གཙོ་བོ་གྱོང་རག་ས་ང་རང་ཚོར་རག་གི་ཡོད་པ་མངོན་གསལ་དོད་པོ་རེད།
    ༢དེང་སང་མཉམ་འབྲེལ་རྒྱལ་ཚོགས་ཨ་རབ་ཀྱི་རྙོག་ཟིང་དང་ཨ་ཧྥི་རི་ཁའི་དཀའ་ངལ་ནང་ལྷུང་སྟེ་རྒྱ་ནག་ནི་ཁོང་ཚོ་བརྟེན་ས་དང་མཐུན་རོགས་སྒྲུབ་མཁན་ཅིག་ཆགས་ཡོད་པས།ད་སྔ་བར་བོད་དོན་ཐད་བོད་མིའི་རང་སྲེག་གི་ཐབས་ལམ་བསྒྱུར་དགོས་འདུག་ཅེས་པ་ཙམ་ལས་གསུང་འབྱོན་ཐུབ་ཀྱི་མེད།
    ༣ཡོ་རོབ་དང་ཨ་རི་སོགས་ཀྱང་དཔལ་འབྱོར་སླར་གསོའི་རེ་བ་ཆེ་ཤོས་རྒྱ་ནག་ལ་བཅིངས་ཡོད་པས་སོ་སོའི་ཁེ་ཕན་བཞག་སྟེ་བོད་ལ་ཤ་ཚ་བྱེད་རྒྱུ་དེ་འདྲ་རྒྱལ་ཁབ་སོའི་ཆབ་སྲིད་ནང་མེད་པ་རེད།
    ༤བཙན་བྱོལ་བོད་མི་དང་བོད་ནང་གི་ས་ཆ་སྤྱི་ཡོངས་ཧ་ལམ་ཁུ་སིམ་མེར་བསྡད་ཡོད་པ་མངོན་སུམ་མཐོང་ཆོས་ཡིན་པས།རང་ལུས་མེར་བསྲེགས་མཚམས་འཇོག་ཐད་དབང་ཆ་ཡོད་པ་མ་རེད་ཅེས་མུ་མཐུད་འགྲོ་དགོས་མདོག་སྟོན་པའི་མགོ་བདེ་བོའི་བྱེད་སྟངས་དེ་གཡོ་སྒྱུ་དང་གཞན་གྱི་ཚེ་སྲོག་ལ་ཅི་མི་སྙམ་པའི་གདུག་རྩུབ་ཆེན་པོ་རེད།
    ༥གཡོ་ཅན་ཁ་ཤས་ནས་མངོན་སུམ་ལ་བསྙོན་བཙུགས་ཡོང་གི་འདུག།ད་སྔ་བར་བོད་མིའི་འཐབ་རྩོད་དང་རྩ་དོན་ཐག་གཅོད་མང་པོ་གནང་ཡོད་པ་ཁག།ག་དུས་བོད་ནང་གི་མི་ལ་སྐད་ཆ་བྲིས་མྱོང་ཡོད།བཙན་བྱོལ་དུ་ཐག་གཅོད་རྐྱང་རྐྱང་གནང་གི་ཡོད་པ།བཙན་བྱོལ་བོད་མི་ཚོར་རྒྱལ་ཁབ་ཀྱི་རྩ་དོན་ཐག་གཅོད་དབང་ཡོད་ས་ནས་རང་ལུས་མེར་སྲེག་གི་ལས་འགུལ་ཙམ་ལ་ཇུས་འཁྲི་བྱེད་དབང་གང་ནས་མེད་པ་རེད།

  23. འཇམ་དབྱངས་ says:
    2012-11-25 at 2:55 am

    ང་ཚོ་བོད་པ་ཚང་འདི་ཅི་འདྲའི་ལས་ངན་ཞིག་རེད། ཁྱོད་ཚོས་བོད་ཀྱི་དཔའ་པོ་ཚོ་སྙིང་རྗེ་ཤ་ཚ་གི་ཡོད་ན་ཁོང་ཚོའི་སྲོག་ལས་ཀྱང་བཅེས་བར་རྩི་བའི་བླ་མ་དང་མི་ཆེན་ལ་སྒོ་གང་ས་ནས་ཟུར་ཟ་དང་དམན་འབེབ་བྱེད་རུང་གི་མ་རེད། ཨ་ལས་ངན་ཆ་བོ། ངའི་ལྟས་ན་བོད་ཀྱི་དྲ་ནང་གི་དྲ་འབུ་དང་རྒྱ་ཡི་སྒོ་ཁའི་རྒྱུགས་་ཁྱི་གཉིས་མིང་མི་འདྲ་བ་མ་གཏོགས་དོན་གཅིག་པ་རེད་འདུག་གོ གང་ཡིན་ཟེར་ན་འདི་ཚོས་ཁ་ནས་གྲགས་ཚོད་རྒྱ་ལ་དགོས་ནོ་དང་རྒྱ་མི་དགའ་ནོ། བོད་ལ་མི་དགོས་ནོ་དང་བོད་མི་མི་དགའ་ནོ་དག་དག་རེད། ཨ་དཀོན་མཆོག་མཁྱེད་ང་ཚོ་བོད་པ་ཚང་གི་ད་དུང་མྱོང་དགོས་རྒྱུ་རེད་ཡ་ལས་ངན་ཆ་བོ།།

  24. རེབ་སྐྱིད་མཚོ says:
    2012-11-25 at 2:56 am

    མེར་སྲེག་མཚམས་འཇོག་བྱེད་རྒྱུུ་ནི་ཁ་ཚ་དགོས་ཐུག་གི་བྱ་བ་ཞིག་རེད་ཡིན་ཡང་མེར་སྲེག་
    མཚམས་འཇོག་ཅེས་སྐད་ཆ་འདི་དག་ཐོས་ན་སུན་སྣང་སྐྱེ་མཁན་མང་བ་ལས་དང་ལེན་
    གནང་མཁན་ཤིན་ཏུ་ཉུང་དྲགས་པས་ཡིན་ན་རེད། མཚམས་འཇོག་ཐབས་སླ་མོ་ཞིག་ཡོད་
    ཚོད་མ་རེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་མཚམས་འཇོག་ལབ་ཡག་འདི་སྤྱོད་ལོག་
    གམ་དྲ་ཐོག་ལ་ཁ་རྩོད་ཙམ་བརྩི་མཁན་ཡང་རེ་འགའ་ཡོད་པ་རེད། སྤྱིར་བཏང་མེར་སྲེག་
    གཏོང་མཁན་རྣམས་ཀྱི་ཐུགས་ལ་རང་དབང་ཀྱི་ཆེད་དུ་ཡིན་པ་བཤད་མ་དགོས་པ་རེད་ད་
    དུང་དེ་བས་མ་ཚད་པའི་རྒྱུ་རྐྱེན་མང་དག་ཅིག་ཡོད་པ་ནི། མེར་སྲེག་གི་གྲངས་འབོར་ཚང་
    མ་ཚང་དང་མེར་སྲེག་འདིས་མཇུག་འབྲས་མགྱོགས་པོར་ཐོན་ཐུབ་པའི་ཡིད་ཆེས་སོགས་
    དད་མོས་ཀྱིས་རྣམ་པ་ཡང་དེ་བས་གཏིང་ཟབ་པ་ཞིག་གིས་འགོག་ཐབས་མེད་པའི་ཞེན་
    སྟངས་ཤིག་གིས་དེད་ཡོད་པ་ནི་བསྙོན་གནས་མེད་པ་ལྟ་བུ་རེད། འདི་དོན་རྐྱེན་མང་དྲགས་
    པས་མཚམས་འཇོག་པ་ལ་གཙོ་བོར་བོད་ནང་གི་མི་རྣམས་ཀྱི་ཡིད་ཡུལ་ལ་དོར་ཐབས་
    མེད་པའི་གང་ཟག་ཅིག་གིས་བཀའ་ཕབ་རྒྱུ་ཡོད་པ་ལས་སུ་ཐུག་ཐུག་གིས་བཀའ་ཕབ་མི་
    ཐུབ་པ་ནི་ཐེངས་ག་ཚོད་གྲོས་ཀྱང་འབྲས་བུ་གྲུབ་ཐབས་མེད་ངེས་རེད་འདོད།

  25. ཁ་བརྡ་རྩོམ་སྒྲིག་པ། says:
    2012-11-25 at 3:06 am

    མཆན་བུ་འདེབས་མཁན་རིགས་གཅིག་གིས་དངོས་དོན་ལས་བརྒལ་བའི་མཆན་འདེབས་ཡོང་བཞིན་པ་བཀག་ཡོད། མཆན་བུ་དེ་རིགས་བསུབ་ཡོད། དེ་བཞིན་མཆན་བུ་འདེབས་མཁན་རིགས་གཅིག་ནས་སྨྱུག་མིང་སྣ་ཚོགས་དང་། ཨིས་མལ་ཁ་བྱང་རྫུན་མ་བེད་སྤྱོད་བྱེད་བཞིན་པ་ཚང་མའང་རིམ་པས་འགོག་གིན་ཡོད། རྩོམ་ཡིག་འདིར་མཆན་སྒོ་བརྒྱབ་ཡོད།

    ཁ་བརྡ་རྩོམ་སྒྲིག་པས།
    –
    Khabdha editor
    http://www.khabdha.org
    http://www.khabdha.com

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme