Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་ལ་ཡོད་རུང་། རང་གིས་མ་ཚོར།

Posted on 2013-07-082013-07-08 By ཁ་བརྡ་ 4 Comments on རང་ལ་ཡོད་རུང་། རང་གིས་མ་ཚོར།

བཀྲ་ལྷ་ཉི་མ་རྡོ་རྗེ་།

 ༣/༠༧/༢༠༡༣ཉེ་དུས་ང་རང་ཡིག་རྒྱུགས་གལ་ཆེ་ཤིག་གི་ནང་གྲུབ་འབྲས་ཡག་པོ་མ་སོན་པའི་དབང་གིས་ཉིན་ཤས་རིང་སེམས་པ་མ་སྐྱིད་པ་དང་ཟས་པའི་ལྟོ་ལ་ཡང་བྲོ་བ་ཡང་མེད་པར་རྒྱུར། དུས་རྒྱུན་ང་རང་མི་སྣ་འདྲ་མིན་ཁག་དང་ཐུགས་ཕྲད་བྱེད་རྒྱུར་དགའ་མོས་ཆེན་པོ་ཡོད། ཡིན་ཡང་། སྐབས་དེར། ངས་ཉིན་ཤས་རིང་ལས་ཁུངས་ནས་ནད་དགོངས་ཞུས་རྗེས་རང་ཉིད་བཟང་བཙོན་ནང་བཅུག་པ་ལྟར་། ཉིན་ལྟར་རང་གི་ལས་ཤག་ཁང་ཆུང་འདོམ་གང་གྲུ་བཞི་དེའི་ནང་འཛུལ་ནས་བསྡད། དུས་ཡུན་དེ་དག་གི་རིང་ངས་བློ་ཡི་སྒོ་མོ་ཡངས་པོར་ཕྱེ་ནས་གནད་དོན་འདྲ་མིན་ཞིག་གི་ཐོག་བསམ་བློ་ཇེ་མང་ཞིག་བཏང་རུང་དོན་ལ་སྨིན་པའི་བློ་ཁ་ཅི་ཡང་མ་འཁོར།     ཕྱི་དྲོ་ཞིག་ང་རང་ཁྱེར་རྐྱང་དུ་གཙང་འགྲམ་ལ་འཆམ་འཆམ་དུ་བསྐྱོད། ཚུར་ལོག་འོང་བའི་ལམ་བར་ང་རང་ཤིང་ཏོག་ཟ་འདོད་བྱུང་སྟབས་ངས་ལམ་ཟུར་དུ་ཐེར་ཆུང་ནང་ཤིག་ཏོག་ཚོང་མཁན་གི་སར་བསྐྱོད་ནས་ཤིང་ཏོག་ཉོ་བར་ཕྱིན་། ང་རང་ཤིང་ཏོག་གང་ཞིག་ཟ་དགོས་མིན་ཆ་མ་འཚལ་བའི་སྐབས། ངས་ཤིང་ཏོག་ཚོང་མཁན་དེ་ནར་མ་སོན་པའི་བྱིས་པ་ཞིག་ཡིན་པ་ཤེས། ཁོས་ལག་ཏུ་ཚགས་ཤོག་རྙིང་ཧྲུལ་ཞིག་བཟུང་ནས་བློ་ནུས་གང་ཡོད་ཀྱི་ཚགས་ཤོག་དེ་ཀློག་ཨེ་ཐུབ་ལྟ་བཞིན་འདུག་པ་ངས་མཐོང། ངས་ཁོ་པར་ “ཁྱེད་རང་ག་རེ་བྱེད་ཀྱི་ཡོད་” ཅེས་དྲིས་པར་ཁོས་ “ང་རང་ཀློག་རྩལ་ནུས་པ་ཡར་རྒྱས་གཏོང་གི་ཡོད་”ཅེས་བཤད་བྱུང་། ཁོས་བརྗོད་དོན་ཁོ་རང་འཛིན་རིམ་གསུམ་པ་བར་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་ཐོབ་རུང། ཁྱིམ་ཚང་ལ་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་ཕྲད་སྟབས་སློབ་གྲྭ་ནས་ཕྱིར་འཐེན་མ་བྱེད་དཀའ་མེད་ཐུགས་། ད་ཆ་ཁོས་ཉིན་མོར་ལམ་འགྲམ་དུ་ཤིང་ཏོག་ཚོང་ནས་ནང་ལ་ཡོང་འབབ་བསགས་པ་དང་། མཚན་མོར་ཀློག་རྩལ་ནུས་པ་ཡར་རྒྱས་གཏོང་གི་ཡོད།འོན་ཀྱང་ཁོ་པའི་ནང་གི་དཔལ་འབྱོར་གྱི་གནས་སྟངས་གཞན་པའི་དབང་གི་ཁོ་པའི་ཤེས་ཚད་དང་སྙོམས་པའི་ཀློག་དེབ་རྣམས་ཉོ་ཐུབ་ཀྱི་མེད་པ་རེད། དེར་རྟེན་། ཁོས་རང་གི་ལག་ཏུ་ཀློག་རུང་བའི་ཡིག་རིགས་ཅི་དང་གང་ཞིག་ཐེབས་རུང་ཐེ་ཚོམས་མེད་པར་ཀློག་རྐྱང་བྱེད་ཀྱི་ཡོད་པ་རེད།”ཁྱིམ་དུ་ཁྱེད་རང་ལ་སློབ་སྦྱོང་ཐད་རོགས་རམ་བྱེད་མཁན་སུ་ཡོད་དམ།“ཅེས་དྲིས་པར་ཁོས་”ང་ཚོའི་གྲོང་པའི་བུ་འཛིན་རིམ་ལྔ་པར་སླེབས་པ་དེས་ང་ལ་རོགས་རམ་བྱེད་ཀྱི་རེད། ཁོང་ཡང་མཚན་ལ་སློབ་སྦྱོང་བྱེད་ཀྱི་རེད་”ཅེས་བཤད། ཤིང་ཏོག་ཚོང་མཁན་གྲོགས་པོ་ཆུང་ཆུང་དེས་ཤེས་བྱའི་གནས་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་ཤེས་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པ་ངས་དོ་སྣང་བྱུང་། ང་རང་ལ་དགོས་པའི་ཤིང་ཏོག་དེ་རྒྱ་མར་བཏེགས་རྗེས་ངས་ཁོ་པར་ཁྱོན་བསྡོམས་རིན་གོང་ག་ཚོད་གནས་སོང་ཞེས་དྲིས་པར། ཁོས་ཇི་མི་སྙམ་པའི་གོ་ནས་ཁྱོན་བསྡོམས་རིན་གོང་སྒོར་ ༡༩༧ ཐོབ་ཀྱི་འདུག་ཅེས་ལན་བཏབ། ངས་ཁོས་ལབ་པ་དེ་ཏག་ཏག་ཨེ་ཡིན་སྙམ་ནས། ལྐོག་ཏུ་ཀླད་པའི་ནང་མཚུངས་བསྡུར་གྱི་ཁོག་རྩིས་ཤིག་རྒྱབ་རྗེས་ཁོས་གང་ལབ་པ་དེར་ནོར་འཁྲུལ་སྤུ་ཙམ་མེད་པ་ཤེས། དེ་ནས་ངས་གྲོགས་པོ་ཆུང་ཆུང་དེར་ཁྱེད་ཀྱི་དེ་མིན་ཨང་རྩིས་ཐད་གང་ཤེས་ཀྱི་ཡོད་ཅེས་དྲིས་པར་། ཁོས་རང་གི་འཐེན་རྩིས་ཀྱི་ནུས་རྩལ་དེ་ང་ལ་ལག་ལེན་དངོས་ཀྱི་ཐོག་ནས་བཏོན། ངས་ཤིང་ཏོག་གི་རིན་པར་ཁོ་ལ་སྒོར་ ༥༠༠ སྤྲས་སྐབས་ཁོས་”སྐུ་ཞབས་དེ་ཁྱེད་ཀྱི་ཕྱག་དངུལ་ལྷག་མ་དེ་རེད་རྩིས་བཞེད་གནང་རོགས། ཚང་ཡོད་མེད་གཟིགས་ཙམ་གནང་དང་།”ཅེས་ངའི་ལག་ནང་སྒོར་ ༣༠༣ ཏག་ཏག་སློག ངའི་སེམས་ནང་བརྗོད་མ་ཤེས་པའི་ཚོར་བ་བདེ་པོ་ཞིག་དང་བཅས་ང་རང་ས་ཆ་དེ་ནས་ཁ་བྲལ།

གྲོགས་པོ་ཆུང་ཆུང་དེ་དང་ཐུགས་ཕྲད་བྱུང་བའི་རྗེས་ངའི་སེམས་ནང་ང་རང་གི་མི་ཚེའི་ནང་གང་ཡོད་པ་དེར་བློ་ཡིད་འཚེམ་པའི་ཚོར་བ་ཤུགས་ཆེན་ཞིག་ངམ་ངམ་ཤུག་ཤུག་གི་སླེབས་སོང། ཆུ་ཚོད་འགའ་ཤས་སྔོན་ང་རང་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཡག་པོ་མ་བྱུང་བའི་དབང་གིས་སེམས་སྡུག་གི་མནར་བའི་མི་ཞིག་ཡིན་རུང། ཧུར་བརྩོན་ཅན་གྱི་གྲོགས་པོ་ཆུང་ཆུང་དེ་དང་ཕྲད་རྗེས་ངས་རང་ཉིད་ཀྱི་མི་ཚེའི་ནང་གང་ཚང་གི་མེད་པ་ལས་ལྡོག་སྟེ་གོ་སྐབས་དང་ཆ་རྐྱེན་ག་ཚོད་ལྡན་ཡོད་པ་དེ་ངོས་འཛིན་བྱུང་སོང། ང་རང་ཡིག་རྒྱུགས་ཀྱི་གྲུབ་འབྲས་ལ་བློ་ཡིད་མ་ཚེམས་པར་སེམས་སྡུག་གི་མནར་བཞིན་པའི་སྐབས་དེར་གྲོགས་པོ་ཆུང་ཆུང་དེ་ཚགས་པར་རྙིང་ཧྲུལ་ཀློག་ནས་རྒྱལ་ཁའི་ཚོར་བ་བདེ་པོ་ཞིག་མྱོངས་བཞིན་ཡོད་པ་རེད།སྐབས་དེར་ངའི་སེམས་ནང་། ང་རང་ལ་སློབ་སྦྱོང་གི་གོ་སྐབས་བཟང་པོ་དེ་འདྲ་ཞིག་ཐོབ་པ་ནི་དངོས་གནས་བསོད་ནམས་ཆེན་པོ་རེད་ཨང་སྙམ་བྱུང། གོ་སྐབས་དེ་ལ་བརྟེན་ནས་ངས་ད་ཆ་རང་གི་སེམས་ནང་གི་ཚོར་བ་བདེ་སྡུག་གང་ཡིན་པ་རྣམས་ཡིག་རྨོངས་དུ་ལུས་པའི་སྐྱེ་བོ་ཁྲི་འབུམ་མང་པོ་ལས་ལྡབ་བརྒྱ་ཕྲག་མང་པོས་གསལ་བར་འགྲེལ་བརྗོད་ཐུབ་ཀྱི་ཡོད། ང་རང་ལ་མཚོན་ན་ཆ་རྐྱེེན་དང་གོ་སྐབས་དེ་དག་འབད་མེད་ལྷུན་གྲུབ་ངང་ཐོབ་ཀྱི་ཡོད་རུང་གྲོགས་པོ་ཆུང་ཆུང་དེར་མཚོན་ན་འགན་འཁྲི་དང་འདེམས་ཀའི་དབར་ལ་རྒྱུན་དུ་འཐབ་རྩོད་བྱེད་དགོས་ཀྱི་ཡོད་པ་རེད།

སྣ་ཚོགས།

Post navigation

Previous Post: སྙན་དངགས་ཆེན་མོ་འི་ཁ་སྐོང་།
Next Post: སྤེལ་ལྗམ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི།

Comments (4) on “རང་ལ་ཡོད་རུང་། རང་གིས་མ་ཚོར།”

  1. བན་དེ་བ། says:
    2013-07-08 at 10:00 am

    ཡག་པོ་བྲིས་ཤག་ཐུགས་རྗེ་ཆེ། དངོས་གནས་རེད་་་་མི་མང་པོ་ཞིག་གིས་རང་ངོ་མ་འཕྲོད་ནས་རང་སྲོག་གཅོད་པ་དང་མང་པོ་ཞིག་རང་སྡུག་ཁུར་ནས་ཁེར་རྐྱང་གི་སེམས་སྡུག་གིས་མནར་ཏེ་མི་ཡི་སྤྱི་ཚོགས་ནས་ཟུར་དུ་ཐོན་ཏེ་རང་ཉིད་ནི་མི་འཇོན་མཁན་ཞིག་དང་ནུས་མེད་ཀྱི་མི་བུ་ཞིག་ཏུ་སེམས་ནས་རང་སྡུག་རང་གིས་སྨྱོངས་བཞིན་ཡོད། ང་ཚོས་རྟག་ཏུ་དམའ་སར་བལྟ་དགོས་པ་ལས་རང་ལ་དཔལ་འབྱོར་ཡག་པ་དང་མིང་གྲགས་ཆེ་བ་གང་ནས་ཀྱང་ཕུན་སུམ་ཚོགས་པ་ཚོར་བལྟས་པ་ཡིན་ན་རྟག་ཏུ་རང་ལ་མ་ཚང་བ་དང་ཕུན་སུམ་མ་ཚོགས་པར་མཐོང་ནས་ཕྲག་དོག་དང་ཁོང་ཁྲོ་ལས་སོགས་ཀྱིས་མི་ཚེ་བདེ་སྐྱིད་གཅིག་འབྱུང་རེ་བྲལ་བ་རེད། དེ་ལ་ནང་ཆོས་ནས་ཆོག་ཤེས་ཞེས་ཟེར། སྟོན་པ་གཤེན་རབ་ཀྱིས། ཆོག་ཤེས་དམ་པའི་ཚོད་ཅིག་མ་བཟུང་ན། འཇིག་རྟེན་གསེར་དུ་གྱུར་ཀྱང་ངོམ་དུས་མེད། ཅེས་གསུངས་ཡོད་འདུག

  2. ཨ་དམར་པོ། says:
    2013-07-08 at 11:52 am

    འདི་འདྲའི”༣/༠༧/༢༠༡༣ཉེ་དུས”ཟླ་ཚེས་འགོད་སྟངས་བོད་ཀྱི་སྲོལ་རྒྱུན་ལ་མ་གྲགས་པས་ན། བོད་ཡིག་ཀློག་པ་པོ་ཞིག་ལ་མཚོན་ན་གོམས་ལོབ་མེད་པའི་འབྲི་སྟངས་ཤིག་རེད། གཞན་ལུགས་ཤེས་ཚད་ནང་འདྲེན་བྱེད་དགོས་པའི་ངེས་པ་གཏན་ནས་མེད། ས་རླུང་ལ་བསྐུར་ནས་དགོས་མཁོ་ཆེ་ཞིང་། རིན་ཐང་ལྡན་པའི་གསེར་ནང་འདྲེན་བགྱིས་ན་བསྔགས་འོས་ལ་ཕྱག་ཀྱང་འབུལ་ཆོག གཅིག་ཤོས་དེ་ལས་ལྡོག་གོ།

  3. གནམ says:
    2013-07-08 at 5:51 pm

    སྐྱིད་པོ་མེད་ན་གླུ་ཞིག་ལོངས།།
    ངག་ལ་འགུག་ལུགས་མི་བདེ་རུང་།།
    རང་སེམས་གསོ་བའི་ཚོར་གླུ་རེད།
    གླུར་ཚོར་བ་ཡོད་དུས་སྐྱིད་པོ་ཡིན།

  4. དགའ་སྐུ་ says:
    2013-07-08 at 10:59 pm

    ཁྱེད་ཀྱིས་གྲོགས་ཆུང་གི་གནས་སྟངས་ནས་ཡོན་ཏན་ལེན་ཐུབ་པ་དེ་ཡང་ཡ་མཚན་ཆེན་པོ་རེད། དངོས་ནས་ཡག་པོ་བྱས་བཞག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme