Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་རྩོམ་ལོག་རྟོག་ཕྱིར་ཟློག

Posted on 2015-02-042015-02-04 By ཁ་བརྡ 10 Comments on རང་རྩོམ་ལོག་རྟོག་ཕྱིར་ཟློག

མགོ་ལོག་རབ་ལྡན།

 
ཤེས་རབ་ཀྱི་སྒྲོན་མེ་ཐོད་ལ་བཏེགས་ཤིང་། ཐོས་བརྩོན་གྱི་གཤོག་ཟུང་མཁའ་ལ་བརྐྱངས་ཏེ། གནས་དང་གནས་མིན་ལ་དཔྱོད་པའི་བགྱི་བ་དང་དུ་ལེན་ཞོར་གནའ་དེང་གི་ཤེས་བྱའི་དབྱིངས་རུམ་ནས་བདེན་དོན་གྱི་སྙིང་པོ་འཚོལ་བའི་ཀློག་པ་པོ་རྣམ་པ་ལགས།
ད་ཐེངས། རང་གིས་སློབ་སྦྱོང་གི་ཞ་ཞོར་དུ་བྲིས་པའི་༼ལོག་རྟོག་ཕྱིར་ཟློག་༽ཅེས་པའི་ལེགས་སྐྱེས་ཆུང་ཆུང་འདི་དང་སྦྲགས་ཏེ་ཁྱེད་ཅག་དང་མཇལ་བ་འདི་བསོད་ནམས་ལེགས་པའི་ལས་སྐལ་ཞིག་དང་། ཡིད་སེམས་དགའ་བའི་དྲོད་ཐིག་ཅིག་ཏུ་བརླམས་ཡོད།

unnamed

སྤྱིར། དུས་རབས་ཉེར་གཅིག་གི་དཀྱོགས་མཚམས་འདི་རུ་བསམ་གཞིག་སྣ་མང་གི་མེ་ཏོག་བཞད། ལྟ་བ་འདྲ་མིན་གྱི་ཚ་རླབས་འཕྱུར། དྲན་ཚོར་མོད་པོ་ཡི་ཡོ་ལང་མཆེད། ཤེས་རིག་སྣ་ཚོགས་པའི་ལམ་བུ་དེད་དེ། འཚོ་གནས་ཀྱི་སྙིང་པོ། མི་ཚེ་ཡི་རིན་ཐང་། ལྟ་གྲུབ་ཀྱི་ངོ་བོ། འཇིག་རྟེན་གྱི་ཆགས་འཇིག འཁོར་འདས་ཀྱི་གཤིས་ལུགས་སོགས་ཆོས་དང་ཚན་རིག་གི་བརྗོད་དོན་གྲངས་མང་བ་ཞིག་ལ་དྲང་ལྡོག་ཅི་རིགས་ནས་དཔྱད་པ་གཏོང་མཁན་དང་མྱོང་ཚོར་འབྲི་མཁན། ལྟ་ཚུལ་གླེང་མཁན་ཤིན་ཏུ་མང་དྲགས་པས། བྲེལ་འཚུབ་ཀྱི་ལས་དོན་མང་ཞིང་། དམིགས་བསལ་གྱི་དུས་ཚོད་གང་ཡང་མ་རྙེད་པར་ཁོམ་དུས་བྲིས་ཤིང་མི་ཁོམ་དུས་བསྐྱུར་ཏེ་ད་ཆར་ཡོངས་སུ་གྲུབ་པའི་དེབ་ཆུང་འདིར་རིན་ཐང་ཆེར་མེད་ཤས་ཆེ།

འོན་ཏེ། འདི་ནི་རས་རྐྱང་གི་དྲོད་ལ་འཁྲི་ཞིང་། ཆུ་རྐྱང་གི་བཅུད་ལ་རེ་བའི་སློབ་སྦྱོང་མཁན་དཀྱུས་མ་ཞིག་གི་ཤེས་ཡོན་གྱི་གོམ་ཁ་དལ་གྱིས་སྤོ་སྟངས་དང་། དཀའ་གནད་ཀྱི་གཏིང་མཐའ་རིམ་གྱིས་གཞལ་ཚུལ་ཙམ་ཞིག་ཡིན་པ་ལས། ཚད་མཐོ་ཞིང་། རྔམས་མཐུག་པའི་རིགས་ལམ་གྱི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་དང་། བློ་སྐྱེད་ཀྱི་ནུས་པ་མཐའ་ཡས་པ་ཞིག་ཡོད་པར་གུས་པོས་ཀྱང་སེམས་ཀྱིན་མེད།
དེ་བས། སྙིང་ཉེ་བའི་ཀློག་པ་པོ་རྣམས་ཀྱི་འདོད་བློ་ཚིམ་པའི་མཆོད་སྤྲིན་དང་། དགའ་སྤྲོ་འཕེལ་བའི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡང་རུང་ལ་མ་གྱུར་ཡང་བླ་སྟེ།
གང་ལྟར། རང་ཉིད་དགའ་ཞིང་དད་པའི་རིག་གཞུང་གང་ཞིག་ལ་བཅངས་བའི་འདུ་ཤེས་ཀྱི་སྣང་བ་མཆེད་སྟངས་ཤིག་གམ། བསམ་གཞིག་གི་རྦ་རླབས་འཕྱོ་སྟངས་ཤིག་ཡིན་པས། འགྲིག་དང་མི་འགྲིག་པའི་ཆ་ཅི་བདོག་ན་རང་འགན་རང་གིས་ལེན་པའི་ལས་སུ་ཞུགས་པ་ལས། ཁ་གཡར་ས་དང་ཁག་འགེལ་ས་ཅི་ཡང་མེད།

དེབ་འདི་འབྲི་བའི་དམིགས་ཡུལ་ཉག་གཅིག་ནི། ཉེ་སྔོན་བོད་ཡུལ་ནས་ཐོན་པའི་རྩོམ་དེབ་སྐད་གྲགས་ཅུང་ཙམ་ཆེ་ཞིང་། ལྗིད་ཚད་ཀྱང་མི་དམན་པར་སོན་པ་རྣམས་ལས། རྣོ་དབལ་ཟིལ་གསུམ་གྱི་ངར་ཤུགས་ལྡན་འདུག་ཅེས་ས་འུར་རྡོ་འུར་བྱེད་བཞིན་པའི་དགག་སྒྲུབ་རྩོམ་ཡིག་སྟེ། ཚ་བ་མདའ་སྨྱུག་གིས་བྲིས་པའི་༼ལོག་རྟོགས་སྙིང་སྟོབས༽་ཞེས་པའི་དེབ་ཀྱི་བརྗོད་དོན་གྱི་ཆ་ལ། གཟུ་བོའི་མིག་གིས་བལྟས། དྲང་པོའི་བློ་ཡིས་གཞལ། ལུང་རིགས་དཔུང་དུ་བཞག་སྟེ། འཐེན་ཁྱེར་དང་ཞེན་གོག་གིས་མ་བསླད་པར་བགྲོ་གླེང་ཞིག་གི་རྣམ་པའམ། བསམ་ཚུལ་ཞིག་གི་ངོ་བོའི་སྟེང་ནས་ཁ་ཞིག་གྲག་འདོད་པ་དེ་ཡིན།

འོན་ཏེ། ཕྲན་གྱིས་ཁྱེད་ཅག་གི་མདུན་སར་བཏེགས་པའི་དེབ་ཆུང་འདི་ལ་༼ལོག་རྟོག་ཕྱིར་ཟློག་༽ཅེས་པའི་མིང་འདི་བཀོལ་ཚེ། རྣ་ལ་ཅུང་ཙམ་གཟན་ཞིང་། ཡིད་ལ་གནོད་མཁན་འགའ་རེ་ཡོད་སྲིད་ཀི་རེད། མ་ཟད་༼ལོག་རྟོགས་སྙིང་སྟོབས་༽ཀྱི་བརྒྱ་ཆའི་ལྔ་བཅུ་ཡན་ཆོད་ལ་ལན་ཕོག་ཨེ་འདུག་ཟེར་བའི་དྲི་ཚིག་བགོད་བྲོ་བ་འགའ་རེ་འཕངས་ནས་མིག་ཟུང་ཀེམ་ཀེམ་དུ་གཡོ་བཞིན། རྣ་བ་བླགས་ནས་ཉན་མཁན་དང་། རིག་པ་བསྒྲིམས་ཏེ་ཀློག་མཁན་ཆ་རེ་རྡོག་རེ་ཡོད་ཆོག་ཆོག་རེད།
ཡིན་ཡང་། མི་སོ་སོའི་ཤེས་རབ་ཀྱི་ནུས་རྩལ་དང་ཤེས་རིག་གི་ཆུ་ཚད། རིན་ཐང་གི་ལྟ་བ། དཔྱོད་ཤེས་ཀྱི་བློ་མིག་སོགས་ནི་ཚད་མི་མཐུན་ཞིང་། ཚུལ་མི་གཅིག་པར་མ་ཟད། འདི་འགྲིག་དང་གན་མི་འགྲིག་ཟེར་ཚད་མཐའ་དག་རང་ཉིད་དགའ་ཞིང་མོས་པའི་ཤེས་རིག་གང་ཞིག་གི་ཟུར་འགའ་རེ་དང་། ངོས་གཞན་རེ་ལ་བཅར་ནས་མོལ་གྱིན་ཡོད་པ་ཤ་སྟག་ཡིན་པས། ཏན་ཏན་ཏིག་ཏིག་གི་ཚད་ཤིང་ཞིག་ཡོད་སྲིད་ཀྱང་མི་སྲིད་ལ། ཡོད་རྒྱུའི་རེ་བའང་མེད།

གང་ལྟར། དགག་སྒྲུབ་རང་བཞིན་ཅན་གྱི་རྩོམ་ཡིག་ཅིག་ལ་མཚོན་ལ། ཟུར་མི་འདྲ་བའི་ངོས་གཉིས་ནས་ཅིས་ཀྱང་གླེང་ཡང་དགོས་ལ། གླེང་ཚུལ་ཡང་། ཁྱད་པར་འཕགས་བསྟོད་ལས། “བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཞིང་། །གང་ཞིག་རིགས་པ་ལྡན་པའི་ཚིག ། དེ་ཉིད་སྟོན་པར་ཡོངས་སུ་འཛིན། །”ཞེས་གསུངས་པ་ནང་བཞིན་འཁྱོང་ཚེ། ད་གཟོད། མངར་སྐྱུར་གྱི་བྲོ་བ་ཏོག་ཙམ་ཞིག་ཡོད་པར་མ་ཟད། དགག་སྒྲུབ་སྙིང་སྟོབས་ཟེར་ཡ་དེ་ཡང་མདངས་གསལ་ཞིང་། མདོག་བཀྲ་བ་སྟེ། བསམ་གཞིག་སྣ་ཚོགས་ཀྱི་འོད་ཟེར་འཕྲོ་བའི་ཤེས་རབ་ཀྱི་གོང་བུ་ཟླ་མེད་ཅིག་ཏུ་འགྱུར་བར་ངེས་པས། ཕྲན་གྱིས་ཀྱང་། སྐབས་འགའ་རེ་དང་། དོན་རེ་ཟུང་གི་ཐད་དུ་བགྲོ་ཞིང་གླེང་བའི་གཏམ་ལ་ངར་ཤུགས་ཀྱི་བླ་སྲོག་ལྡན་ཞིང་། སྒལ་ཚིགས་ཀྱི་སྲ་བརྟན་མངོན་ཆེད་དུ་ཨེན་ཙམ་ཤུགས་དྲག་པའི་རྣམ་འགྱུར་འགའ་རེ་བསྟན་པ་མ་གཏོགས། གཞན་དུ་མི་བདེན་རྫུན་སྒྲིག་གི་ཞྭ་མོ་དང་། དགོས་མེད་སྙད་འཚོལ་གྱི་ཀླན་ཀ་སོགས་མགོ་བའི་ནད་བཞིན་སྤངས་བར་བྱས་ཡོད།
མ་ཟད། གུས་པོའི་རེ་འདོད་ཀྱི་འཁྱེར་སོ་དང་མོས་འདུན་གྱི་འཇུག་ཡུལ་དངོས་མ་དེ། དད་པ་ལ་རྒྱ་རུ་མི་འཛིན་ཞིང་། དོགས་སེམས་ང་རྒྱལ་དུ་མི་རློམ་པར། དྲང་པོ་དྲང་བཞག གཟུར་མེད་གཡོན་མེད། བདེན་པ་བདེན་རྐྱང་གི་སྒང་ནས་ལྟ་ཚུལ་ལན་གཅིག་རྗོད་འདོད་པ་དེ་ཡིན་པས། སྐབས་དང་སྐབས་སུ་མ་ཤེས་མ་དཔྱོད་པའི་དབང་གིས་སུ་དང་གང་ལ་ཕོག་ཐུག་དང་། ཐུགས་ཡིད་སུན་པའི་རྐྱེན་དུ་གྱུར་ཚེ་ གནོང་འགྱོད་ཆེན་པོའི་སྒོ་ནས་དགོངས་སེལ་ཞུ་བ་ཡིན།

སྤྱིར་བཏང་། མདའ་སྨྱུག་གི་ཡིག་ཆའི་ནང་དུ་ཚིག་སྐྱོན་དང་ཡིག་སྐྱོན་གྱི་ཆ་མ་མང་ན་མི་ཉུང་བའི་ཚོད་དུ་ཡོད་པ་ཁོ་བོས་འདིར་ཆེད་དུ་མ་བཤད་ཀྱང་ཀུན་ལ་གསལ་ངེས་ཡིན་པས་རེ་རེ་བཞིན་དུ་ཤིག་ཐོག་མཛུབ་མོ་ཀེར་བ་ནང་བཞིན་གཅིག་གཅིག་གཉིས་གཉིས་བྱས་ཏེ་རྗེན་པར་ལྷང་ལ་ཕུད་པའི་ལས་སུ་ཞུགས་མེད། དོན་གྱི་གནད་འཆོལ་ཞིང་། རིགས་པའི་ཚུགས་མ་ཟིན་པར་སྣང་བ་སྟེ། བཤད་ཉེས་ཟེར་ཉེས་ཁུར་བའི་གནད་སྒོ་ཆེ་ཤོས་དག་གི་ཐད་དུ། ཁོང་གི་ཚིག་རིས་ཇི་མ་ཇི་བཞིན་དུ་མ་བཅོས་མ་བསྒུལ་བར་རང་སོར་བཀོད་ཡོད།

འུ་ཅག་སུ་ཡིན་ཡང་། དགག་སྒྲུབ་རྩོམ་ཡིག་འབྲི་སྐབས་ཕན་ཚུན་དབར་གྱི་ལྟ་ཚུལ་དང་། བསམ་ཚུལ་སོགས་མ་འདྲ་བའི་དབང་གིས་སོ་སོར་ཚིག་རྣོན་པོ་རེ་དང་དོན་བརྗིད་པོ་རེས་གསལ་འདེབས་མི་བྱེད་ཐབས་མེད་ཡིན་པས། ལེགས་ཉེས་ཀྱི་དབྱེ་མཚམས་རྟོགས་ཤིང་བླང་དོར་གྱི་འགལ་འཛོལ་དབེན་པའི་རྒྱ་ཆེའི་ཀློག་པ་པོ་ཡོངས་ཀྱིས་ཀྱང་། རྩོམ་ཡིག་འབྲི་མཁན་དག་གི་ཐོབ་ཀྱི་མཐོ་དམན་དང་། རིགས་ཀྱི་དབྱེ་བ་ཙམ་ལ་མི་བལྟོས་པར། བདེན་པའི་གཏམ་ཞིག་སུ་ཡིས་བརྗོད་ཡོད། དྲང་པོའི་ཐིག་ཅིག་གང་གིས་བཏབ་ཡོད་ཕྱོགས་རིས་དང་འཐེན་འཁྱེར་གྱི་ན་བུན་རྒྱང་དུ་སྤྱུགས་ཏེ་དྲང་བོ་དྲང་བཞག་གི་ལམ་ནས་གཟིགས་རྒྱུ་ཐུགས་རྗེ་ཆེ་ཞུ་བ་ཡིན།

ཞེས་བོད་རབ་རྒྱན་ཤིང་རྟ་ལོའི་རི་དྭགས་མགོ་ཅན་གྱི་ཟླ་བའི་དཀར་ཕྱོགས་རྒྱལ་བ་གསུམ་པ་ལེགས་པ་བརྒྱད་དང་ལྡན་པའི་ཚེས་ཀྱི་ཉི་དྲོས་ཀྱི་ཆ་ཕུར་བ་བདུད་རྩི་ཐུན་མཚམས་ཀྱི་དུས་སྦྱོར་དགེ་བར། གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲལ་མཐའ་འཛིན་པ་མགོ་ལོག་རབ་ལྡན་གྱིས་མཇུག་ལེགས་པར་སྦྱར་བ་དགེའོ།།

ངོ་སྤྲོད།

Post navigation

Previous Post: ཁྲིམས་ལུགས་དབང་འཛིན་དང་རྒྱ་ནག་གི་དཀའ་ངལ་གསར་པ།
Next Post: ར་བསད་ནས་ལུག་འདར་བ་བྱེད།

Comments (10) on “རང་རྩོམ་ལོག་རྟོག་ཕྱིར་ཟློག”

  1. ཅོ་རི་ཉི་མ། says:
    2015-02-04 at 4:35 pm

    རྣམ་དཔྱོད་ཅན་རྩོམ་པ་པོ་མཁས་དབང་ཚ་བ་མདའ་སྨྱུག་ལགས་ཀྱི་རྩོམ་ཆོས་ལོག་རྟོགས་སྙིང་སྟོབས་ལ་དགག་པ་བརྒྱབ་དགོས་པ་ཆོས་ལུགས་པའི་སྒེར་གཅོད་པ་ཚོས་ལས་འགན་རེད། དེར་བརྟེན་མགོ་ལོག་པས་དགག་པ་བརྒྱབ་མདོག་མདོག་བྱས་པ་ལ་སྒེར་གཅོད་པ་དང་དབང་སྒྱུར་པ་ཚོས་མགྲིན་དབྱངས་གཅིག་གྱུར་གྱིས་དགའ་བསུ་ཞུ་དང་ཞུ།

    བློ་ཕམ་པ་ཞིག་ལ་རྣམ་དཔྱོད་མེ་ལྟར་ཚ་བའི་མདའ་སྨྱུག་ལགས་ག་སོང་ཆ་མེད་དུ་གྱུར་པ་འདི་ནི་བོད་མི་རིགས་དང་བོད་ཆེན་པོའི་རྒྱལ་ཁབ་ལ་གྱོང་ཆེན་པོ་ཞིག་རེད། བོད་ནང་ནས་རྩོམ་པ་པོ་ཅིག་ཅིག་བཙོན་དུ་བཅུག་སོང་ཟེར་བ་དང་། རྩོམ་པ་པོ་ཅིག་ཅིག་ག་སོང་ཆ་མེད་དུ་གྱུར་སོང་ཟེར་བའི་གནད་དོན་མང་པོ་ཞིག་བོད་ནས་ཕྱི་རུ་འབྱོར་བ་དང་། ཕྱི་ནས་བཙན་བྱོལ་སྒྲིག་འཛུགས་ཀྱིས་རྒྱལ་ཚོགས་དང་ཨ་རིའི་གྲོས་འཚོགས་སོགས་སུ་སྙན་ཞུ་ཕུལ་གྱི་རེད།

    རྩོམ་པ་པོ་དེ་དག་གི་ནང་ནས་བླ་བསྟོད་དགོན་བསྟོད་དང་། སྒེར་གཅོད་པ་ལ་ངོ་དགའ་སྤྲེལ་ལད་འཁྲབ་མཁན་གྱི་རྩོམ་པ་པོའི་རིགས་ནི་བདག་པོ་བརྒྱབ་ཀྱི་ཡོད། བེད་སྤྱོད་ཆེ་མདོག་ཁ་པོ་བྱས་ནས་ཧང་སང་མདོག་དང་ཧན་འཐོར་མདོག་བྱས་ནས་གསལ་བསྒྲགས་བྱེད་ཀྱི་རེད།

    བོད་མི་རིགས་སྒེར་གཅོད་པའི་འོག་ནས་ཐར་ཐབས་གནང་མཁན་ཚ་བ་མདའ་སྨྱུག་མཆོག་ག་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་དང་། རྩོམ་པ་པོའི་རྩོམ་བྲིས་ཐོབ་ཐང་ལ་རྒྱབ་སྐྱོར་ལས་ལྡོག་ཏེ་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་འདི་ལ་བསམས་ན་བོད་མི་རིགས་མུ་མཐུད་ནས་ཡུན་རིང་ཆོས་ལུགས་པའི་སྒེར་གཅོད་པ་ཚོའི་འོག་ཏུ་སུག་བཞི་ས་ལ་བཙུགས་ནས་སྡད་དགོས་ལས་མགོ་བོ་གྱེན་དུ་བཀྱག་མི་ཐུབ་པའི་རྟགས་མཚོན་ཞིག་རེད་འདོད་དོ།།།

  2. ཅོ་རི་ཉི་མ། says:
    2015-02-04 at 4:43 pm

    དེབ་ཀྱི་དཔར་ལ་བལྟས་ན་འབྲུག་མགོ་ཞིག་བཞག་འདུག་པས་རྒྱ་དད་ཅན་ཞིག་ཡིན་ནའང་འདྲ། རྒྱ་ཤུགས་ཁུར་མཁན་ཞིག་ཡིན་ནའང་འདྲ། རྒྱའི་བླ་ལ་རྩ་ཆེན་བརྩི་མཁན་ཞིག་ཡིན་ཟོལ་འདུག

  3. ཅོ་རི་ཉི་མ། says:
    2015-02-04 at 5:15 pm

    གནམ་ཨ་སྔོན་དཀྱུས་ཀྱི་གཡུ་འབྲུག་དེའི།
    སྐད་འུར་སྒྲ་ཆེ་ཡང་སྟོང་སྒྲ་རེད།
    གླིང་མདན་མའི་ལག་གི་མདའ་མོ་འདི།
    འབངས་ཉམ་ཆུང་སྐྱོབ་པའི་སྨྱུག་མདའ་རེད།།

    འབྲུག་ལུས་མེད་སྟོང་སྒྲ་ཆེན་པོ་མ།
    ལུས་མེད་པར་མགོ་ཞིག་ག་ནས་བྱུང་།
    མགོ་ལོག་པའི་ཀླད་ལོག་ཆེན་པོ་མ།
    ཀླད་ལོག་པར་དགག་ཤེས་ག་ནས་བྱུང་།

    ལུས་མེད་པའི་འབྲུག་མགོ་སྟོང་པ་དེ།
    མགོ་ལོག་པ་ཨེ་རེད་དགག་རྒྱག་བ།
    ཀླད་ལོག་པ་ཨེ་རེད་རྩོམ་བྲིས་པ།
    མགོའི་ཀླད་ལོག་ཕྱིར་ཟློག་ཨེ་རེད་ཀྱེ།་་་་་ཧཧཧ་་་རྩེད་མོ་ཡིན་ད།

  4. གནམ says:
    2015-02-04 at 5:59 pm

    དེབ་རྒན་ལ་འབྱར་རྒྱོར་མི་དགའ་ནི་ཞིག་ཡིན་རུང་།
    བརྡ་རྟགས། སྡེབ་སྦྱོར། ཁ་དཔེ་ལུང་དཔེ་སོགས། ཨ་འགྲིག་ཆ་འགྲིག་གི་ངོ་སྤྲོད་ཀློག་བདེ་བོ། སྦྱོར་འབྱོར་བོ་འདི་འདྲ་ཞིག་ད་སྔ་ཡན། ང་ལ་ནི་མཇལ་སྐལ་དུ་མ་བྱུང་བས། ཐུགས་རྗེ་ཆེ།
    དེབ་དེ་ལག་པར་རག་སོང་ན། ཐང་གཅིག་མ་ཁར་སོ་ཞིག་བཏབ་ནས་མ་ཀློག་རང་ཀློག་འདྲ་ཞིག་ཡོད་པའི་སྣང་བ་སྟེར་སོང་། གཙོ་བོ་སྡེབ་སྦྱོར་ལ་ཡིད་ཤོར་སོང་། མགོ་ལོག་རབ་ལྡན་ལ་ཁ་བྲོ་ཟེར་འདོད་བྱུང་།

  5. ཇུས་ཏོག says:
    2015-02-04 at 10:54 pm

    ཚ་རླུང་གྲང་རླུང་ཐུག་པ་ན་ནམ་མཁའ་སྟོང་པར་སྐད་གྲ་ཆེ་།
    དེ་ལ་འབྲུག་སྐད་བོད་པས་ཟེར་།
    དོན་དངོས་འབྲུག་དང་སེངེྒ་སོགས་།
    མཐོང་རྒྱུ་མེད་པའི་མིང་ཚིག་ཙམ་།
    ཡིད་ཆེས་རང་རང་བློ་དང་བསྟུན་

  6. ཀརྡོ་གཉེར་ཕྱག་པ་ says:
    2015-02-05 at 12:44 am

    ཚ་བ་མདའ་སྨྱུག་ཚར་གཅོད་པའི་། །
    རང་རྩོམ་ལོག་རྟོག་ཕྱིར་ཟློག་ཅིག །
    མགོ་ལོག་རབ་ལྡན་གྱིས་བརྩམས་ལ། །
    ཅོ་རི་ཉི་མ་རྐུབ་ཚ་ཤོར། །
    ཧ་ཧ་ཀུ་རེ་ཡིན་ནོ་ཀེ །

  7. པདྨ says:
    2015-02-05 at 3:14 am

    མགོ་ལོག་རབ་ལྡན་གྱིས་དཀའ་ལས་གནང་བར་སོ་སོར་བློ་བསྐྱེད་རེད། དེ་མིན་ཚ་སྨྱུག་ལ་ལོག་རྟོག་ཕྱིར་ཟླིག་དང་།དོལ་ཚོགས་ལ་ལུང་རིགས་གསེར་གྱི་ལྡེའུ་མིག་བརྩམས་པ་ནི་གཅིན་སྐྱག་ལ་བདག་པོ་རྒྱབ་པ་ནང་བཞིན་རེད། བླུན་པོ་དང་ཆགས་སྡང་རྨོངས་པའི་གཞན་དབང་སོང་བ་དག་ལ་ཇི་ལྟར་བཤད་ཀྱང་དགོས་པ་ཡོད་པ་ཞིག་གཏན་ནས་མཐོང་མ་སོང་། ཁྱད་པར་ཚ་སྨྱུག་ཤི་བོ་བླ་རྡུང་བ་ཙམ་ལས་གནོད་པ་ལས་ཕན་པ་གང་ཡང་མེད་པ་རེད། ཤྭ་ལ་སོང་རྒྱག་གི་མདའ་འཐེན། སྤྱང་རྗེས་ཐོག་གི་ངུ་ཟུག་རེད། དེ་མིན་མགོ་ལོག་རབ་བརྟན་གྱིས་ལོག་རྟོག་ཕྱིར་ཟློག་ཙམ་ན་མི་བཟང་ངམ་སྙམ་མོ།

  8. རིན་ཆེན། says:
    2015-02-05 at 9:30 am

    འབྲུག་དང་ཆུ་སྲིན་

  9. བདེན་པའི་ཕོ་ཉ་ says:
    2015-02-05 at 9:58 am

    དྲ་གྲོགས་ཚོ་འདི་འབྲུག་མ་རེད་ཆུ་སྲིན་རེད་དོ་་

  10. མཚམས་སྤྲིན། says:
    2015-02-05 at 11:51 am

    མདའ་སྨྱུག་སྐུ་བཞུགས་དུས་ཡོད་ཚད་ལྐུགས་པ་རེད། མདའ་སྨྱུག་བོར་སོང་རྗེས་གཅིག་རྗེས་གཉིས་འཐུད་རེད། མི་འདི་ཚོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme