Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་རིགས་སྤུན་ཟླ་མང་པོས་རང་ལུས་མེར་བསྲེགས་གྱིས་རྒྱ་དམར་ལ་ངོ་རྒོལ་བྱེད་བཞིན་པ་ནི་ལག་གཉིས་ཐལ་མོ་སྦྱར་ནས་་་་་་་་་་་་་་་་

Posted on 2012-10-27 By ཁ་བརྡ་ 12 Comments on རང་རིགས་སྤུན་ཟླ་མང་པོས་རང་ལུས་མེར་བསྲེགས་གྱིས་རྒྱ་དམར་ལ་ངོ་རྒོལ་བྱེད་བཞིན་པ་ནི་ལག་གཉིས་ཐལ་མོ་སྦྱར་ནས་་་་་་་་་་་་་་་་

ལྷ་སྲས་བསོད་ནམས།

སྤྱིར་བཏང་གི་འགྲོ་བ་མི་ཞིག་ཡིན་ན་གཞན་ཞིག་རང་ལུས་མེར་བསྲེགས་ནས་རང་ཤི་བརྒྱབ་ན་ཨ་ཁ་ཁ་དེ་འདྲ་མ་བྱས་ན་ཨང་བསམ་པའི་ཚོར་ཤུགས་ཆེན་པོ་རང་བཞིན་གྱིས་ཡོང་ངེས། ལྷག་པར་དུ་བོད་མི་ཞིག་ལ་མཚོན་ན་ཉིན་མཚན་མི་འཁྱོལ་བའི་ཚོར་ཤུགས་སྡུག་བསྔལ་མྱོང་ངེས་ཡིན། འོན་ཀྱང་ཚོར་བ་ནི་ཚོར་བ་རང་རེད་ཚོར་བ་སྙིང་རྗེ་དེ་དང་མཉམ་དུ་རྒྱུ་མཚན་ཆ་ཚང་བའི་རྣམ་དཔྱོད་བེད་སྤྱོད་བཏང་མ་ཐུབ་ན་མིག་གཉིས་ལོང་བའི་སེམས་བཟང་ཅན་གྱི་མི་ཞིག་དང་གཉིས་སུ་མ་མཆིས། དེར་བརྟེན་གནས་ཚུལ་ག་རེའི་ཐོག་ལ་ཡིན་ན་ཡང་རྒྱུ་མཚན་ཡོད་མེད་ལ་ཞིབ་འཇུག་གནང་ནས་སྐད་ཆ་བཤད་དགོས་པ་ལས་ཕྱོགས་ལྷུང་ངམ་སེམས་བཟང་ཙམ་གྱིས་བཤད་བསྡད་ན་ཉེན་ཁ་ཆེ།
བོད་མིས་རང་ལུས་མེར་བསྲེགས་གཏོང་བ་ལ་རང་ཉིད་རང་ཉིད་ཀྱིས་བསྲེགས་ཟེར་བ་དང་། རང་ཤི་བརྒྱབ་ཟེར་བའི་མིང་བཏགས་ཀྱང་། དོན་དངོས་ཐོག་རང་ཤི་བརྒྱབ་པ་མ་ཡིན་པར་གཞན་གྱིས་གསད་པ་རེད། དེ་ཡང་མི་གསོད་ན་གྲི་དང་མེ་མདས་གསོད་པ་དང་། ཁ་ལག་དང་འཐུང་ཆུ་བཀག་ནས་གསོད་པ། དམའ་འབེབས་དང་སྐྱོན་མཚང་འབྲུ་བ་དང་། རང་དབང་འཕྲོག་པ། སྡུག་རྩུབ་མནར་གཅོད་བཏང་ནས་རང་ཤི་རྒྱག་བཅུག་པ། ཁོངས་ཁྲོ་ཆེན་པོ་སླང་ནས་རང་ཤི་རྒྱག་བཅུག་པ། ངང་སྐྲག་སླང་ནས་རང་ཤི་བརྒྱབ་བཅུག་པ་སོགས་མི་གསོད་སྟངས་རྣམ་གྲངས་ཆེས་མང་པོའི་ནང་ནས་གཅིག་ཡིན་པ་ཤེས་དགོས། སྐབས་འདིར་རྒྱ་དམར་གྱིས་བོད་མིར་མནར་གཅོད་གཏོང་སྟངས་ནི་བོད་མིར་ཅུང་ཙམ་རྒྱས་མངའ་ཡོད་ན་མཁྱེན་གསལ་ཡིན།
དེ་ཡང་མདོར་ཙམ་བརྗོད་ན། ༢༠༡༢་ཟླ་༨་ཚེས༧་མདོ་སྨད་གཙོས་ནས་སྒྲོལ་དཀར་མཚོ་ཞེས་པའི་དཔའ་མོ་དེས་རང་ལུས་མེར་བསྲེགས་བཏང་ནས་ཅུང་ཙམ་རྗེས་མོས་གྲྭ་བ་ཚོར་བཤད་རྒྱུར། ༼ང་རྒྱ་ལག་ལ་མ་འཇོག ཨ་ཁུ་ལོ་ལོ་ངའི་མགོར་རྡོ་རྒྱོབས་ལ་སོད་ཅིག༽ཟེར་འདུག་པ་དང་། ཡང་ཁམས་ཕྱོགས་ནས་རྒྱ་དམར་ལ་ངོ་རྒོལ་གྱིས་རང་ལུས་མེར་ཚིགས་ནས་མིག་གཉིས་ཞར་ཡོད་ན་ཡང་ཞལ་ནས་ང་རང་ལུས་མེར་བསྲེགས་བཏང་བ་འདི་མི་རིགས་དང་རིག་གཞུང་རང་དབང་གི་ཆེད་དུ་ཡིན་པ་དང་། བོད་ཀྱི་རིག་གཞུང་དང་གོམས་གཤིས་མེད་ན་ང་ཚོ་མི་རིགས་འདི་ག་རེའི་མི་རིགས་རེད། ང་རྒྱ་ལག་པར་མ་བཞག་པར་འདིར་འཁྱེར་ཡོང་བ་བཀའ་དྲིན་ཆེ་བཀའ་དྲིན་ཆེ་ཞེས་ཡང་ཡང་གསུངས་བཞིན་པ་ལ་ཞིབ་ཏུ་བསམ་བློ་ཞིག་ཐོངས། རྒྱ་ལག་ལ་ཤོར་ན་ག་རེ་ཆགས་གི་ཡོད་མེད་ཁོང་ཚོ་ཧ་གོ་གི་རེད་མ་གཏོགས་ཕྱི་ལོག་ནས་གསལ་བོ་ཤེས་ག་ལ་ཐུབ།
ཐེངས་དང་པོ་རྒྱ་དམར་གྱིས་མདོ་སྨད་དུ་བཙལ་འཛུལ་སྐབས་རྨ་ཆུ་ཞེས་པའི་ཡུལ་ལུང་ནས་དང་པོ་རྒྱ་དམག་དང་འཐབ་སྟེ་མང་ཉུང་གིས་དམག་འཐབ་ཕམ་རྗེས་ཁྱིམ་མི་བརྒྱ་ཕྲག་མང་པོ་སྡེབ་སྡེབ་བྱས་ནས་རྨ་ཆུར་མཆོངས་ནས་རང་སྲོག་དོར་དགོས་བྱུང་བ་རེད། ཁོང་ཚོ་རང་སྲོག་དོར་སྐབས་སེམས་ལ་ག་རེ་བསམ་གྱི་ཡོད་པ་དང་ཁ་ནས་གང་བཤད་ཀྱི་འདུག་ཅེས་ན་རྒྱ་ལག་ལ་ཤོར་བ་ལས་ཤི་ན་དགའ་ཟེར་བ་དེ་རེད། བསམ་བློ་དེའི་འོག་ནས་སྲོག་དོར་བཞིན་པ་རེད། འདི་ནི་དོན་ངོ་མའི་ཐོག་རྒྱ་དམར་གྱིས་ངན་གསོད་དམ་སྡུག་གསོད་བྱས་པ་ཞིག་རེད། དེ་ལྟར་མིན་ན་བོད་ལ་རང་དབང་སྤྲོད་དང་རང་ལུས་མེར་བསྲེགས་འཚམས་ཆད་རྒྱུ་ཡིན་པ་ཁག་ཐེག་བྱེད་ཐུབ།
ང་ཚོའི་དཔའ་བོ་དཔའ་མོ་ཁོང་ཚོ་མེ་ཕུང་ནང་ནས་རང་དབང་དགོས་རང་དབང་དགོས་ཞེས་ཡང་ཡང་གསུངས་བཞིན་པ་ཡང་རང་དབང་མེད་ཙང་རེད།
ཤུལ་ལུས་བོད་རིགས་སྤུན་ཟླ་ཚང་མས་རང་དབང་གི་དོན་དུ་ཧུར་བརྩོན་གནང་ན་ད་གཟོད་ཤི་བའི་ཁ་ཆེམས་དང་བོད་ཀྱི་མི་རིགས་རིག་གཞུང་༧གོང་ས་མཆོག་གི་བཀའ་དགོངས་དང་། བཀའ་དྲིན་ལ་བསམ་ཤེས། རང་རིགས་མང་པོས་རང་ལུས་མེར་བསྲེགས་བྱེད་དང་བྱེད་བཞིན་པ་དེས་འཚམས་འཇོག་བྱེད་ཐུབ། དེ་མིན་༧་གོང་ས་མཆོག་གི་གསུངས་གི་མི་འདུག་ཡར་འགྲིག་གི་མི་འདུག་མར་འགྲིག་གི་མི་འདུག་ཟེར་བ་སོགས་ནི་རྒྱུ་མཚན་གྱིས་ཕོངས་པ་དང་ཡང་ན་ཕྱོགས་སུ་ལྷུང་བའི་མི་ངན་དག་གི་བྱ་སྤྱོད་རང་ཡིན་པས་ཆོས་དང་འཇིག་རྟེན་གཉི་གར་འགལ་ཡོད།
ལྷ་སྲས་བསོད་ནམས་ཀྱིས

སྣ་ཚོགས།

Post navigation

Previous Post: འབྲི་རུ་རྫོང་དུ་མེར་བསྲེཊ།
Next Post: བོད་ཀྱི་གསར་འགོད་པ།

Comments (12) on “རང་རིགས་སྤུན་ཟླ་མང་པོས་རང་ལུས་མེར་བསྲེགས་གྱིས་རྒྱ་དམར་ལ་ངོ་རྒོལ་བྱེད་བཞིན་པ་ནི་ལག་གཉིས་ཐལ་མོ་སྦྱར་ནས་་་་་་་་་་་་་་་་”

  1. མེ་ཏོག་དཀར་པོ says:
    2012-10-27 at 11:57 am

    རེད་བདེན་པ་རེད་འདོད། བརྒྱ་བཤད་ཀྱི་རྩ་བ། སྟོང་བཤད་ཀྱི་གཞི་མ། ཡོས་ལ་བབས་རྒྱུ་རྩམ་པ་ནི། བོད་རྒྱ་འོག་ལ་འདུག་འདོད་གཏན་ནས་མེད་པ་སྔ། ད་ལྟ། འབྱུང་འགྱུར་དང་བཅས་པའོ།།

  2. རྟེན་འབྱུང་། says:
    2012-10-27 at 1:01 pm

    ངོ་མ་དོན་ལ་གནས་པའི་རྩོམ་ཡིག་སྤེལ་འདུག་པས་ཐུགས་རྗེ་ཆེ་ཞུ། མུ་འཐུད་རོགས། ཚང་མས་ལྟ་གྲུབ་བམ་གནས་ལུགས་ཡོད་པའི་ཐོག་རང་དབང་གི་དོན་ལ་ཕྱོགས་བཅུ་མཚམས་བརྒྱད་ནས་འབད་པ་བྱོས།

  3. གནམ says:
    2012-10-27 at 6:45 pm

    རེད། རྒྱ་འདི་བ་ཚང་ང་ཚོའི་དགྲ་དགྲ་ནག་ཡིན་པ་རེད། གནའ་ནས་ད་བར། ད་ནས་སྟོང་བར། རླུང་རྟ་མེད་པའི་དུས་ཚོད་ཙམ་ལས། བོད་འདི་རེ་བ་མེད་ནིའི་མི་རིགས་ཞིག་མ་རེད་ཡ། ང་ཚོ་འཕག། མཐོ་སྒང་འདིའི་གནས་བདག་ང་ཚོ་ཡིན།

  4. འདྲེ་རྐང་ཐོ། says:
    2012-10-27 at 10:43 pm

    ཨ་རིའི་མངའ་སྡེ་californiaནང་གི་བོད་མི་ཚོས་བོད་ནང་གི་མེ་བསྲེགས་ལ་མྱ་ངན་བྱེད་ཀྱིན་མི་འདུག
    ནམ་ཁོམ་ལ་སྤྲོ་སྐྱིད་དང་་་་རྒྱ་གར་གླུ་བཞས་དང་གློག་བརྙེན་ལ་མགོ་འཁོར་གྱིན་འདུག་་་་ངོ་མ་ཡིན།
    འདི་གའི་བོད་པ་མང་ཆེ་བས་རྒྱ་གར་སྐད་དང་་་བལ་སྐད་་་དབྱིན་སྐད་ཤོད་ཀྱིན་འདུག་་་་བོད་སྐད་རྩ་ནས་ཤོད་མི་ཤེས་པའི་ན་གཞོན་དཔེ་མང་བོ་འདུག་ལ་་རང་ཉིད་བོད་མི་ཞིག་ཡིན་པ་མི་ཤེས་པའི་བོད་ཕྲུག་ཀྱང་མི་ཉུང་བ་ཞིག་ཡོད། འདིའི་གའི་བོད་མི་མང་ཆེ་བ་་་་རྒྱ་གར་དང་བལ་ཡུལ་ནས་ཡོང་བ་རེད་འདུག་་་་་ཁོང་ཚོ་འཚོགས་སར་་གྲོགས་པོ་ཁྱོད་ཚོ་ཐེངས་ཤིག་ཕེབས་དང་་་ཁྱོད་ལ་སྔར་སྐྱེས་མྱོང་མེད་པའི་ཚོར་སྣང་ཡ་མཚན་སྟེར་ཡོང་།

  5. བོད་ལ་ཞེན། says:
    2012-10-27 at 11:56 pm

    ངས་དེ་ཞག་ཧ་གོ་གསལ་ལ་རྒྱ་ནག་ནས་མཆན་བུ་བ་རྣམས་ཀྱི་ནང་མཆན་གྱི་ཁ་ཕྱོགས་གཞན་ལ་ཁྲིད་མཁན་མང་པོ་བཞག་གི་ཡོད་ཚོད་རེད། དེར་བརྟེན་ང་ཚོ་ཕྱུ་སྣ་གར་ཁྲིད་བྱེད་མི་རིགས། གོང་གི་རྩོམ་དེ་ངོ་མ་ཡག་པོ་འདུག ང་ཚོ་བོད་ཀྱི་དཔའ་བོ་རྣམས་པ་སྲོག་གི་རིན་ཐང་མི་ཤེས་པ་ག་ལ་ཡིན། རིན་ཐང་ང་ཚོ་ལས་ཀྱང་ལྷག་པར་ཤེས་ནས་བོད་དོན་དུ་གཏོང་བ་རེད།

  6. རྟེན་འབྱུང་། says:
    2012-10-28 at 12:27 pm

    འདྲེ་རྐང་ཐོ་མིང་ཅན་འདི་རྒྱ་གཞུང་རྒྱུགས་ཚོ་དེ་བཞིན་རྩོམ་གྱི་ཁ་ཕྱོགས་གཞན་ལ་ཁ་བསྒྱུར་བར་འབད་བཞིན་འདུག་པས་ང་ཚོ་བོད་རིགས་ཚང་མས་དེ་རིགས་ལ་དོགས་ཟོན་ནན་མོ་གནང་དགོས།

  7. གླིང་ཕྲུག་ says:
    2012-10-28 at 9:46 pm

    འདྲེ་རྐང་ཐོ་གསུང་པ་བདེན་། ར་མ་ལུག་སྐད་རྒྱག་མཁན་མང་ཆེ་ཤོ་གཞིས་ཆག་དེ་ཚོ་རེད་འདུག་།

  8. མེ་ཏོག་དཀར་པོ says:
    2012-10-28 at 11:41 pm

    ར་མ་ལུག་མ་རེད། སྐད་ཡིག་སྣ་མང་ཤེས་པ་རེད། དེ་ལ་ཕྲག་དོག་ལང་ནས་སྙིང་རྗེ། གཞིས་ཆགས་པ་མིན་པ་དེ་ཚོའང་བོད་སྐད་ཨམ་སྐད་འདྲ་བོ་ཆག་ཏོ་འདྲ་ཞིག་མ་གཏོགས་རྒྱབ་མ་ཤེས། དེ་ནས་ཡར་མར་འགྲོ་དུས་དཀའ་ངལ་ཕྲད། ད་སྐད་ཧིན་ཨིན་ནེ་པ་ལི་བོད་སྐད་ཤེས་མཁན་གཞིས་ཆག་པ་ལ་ཕྲག་དོག་ལང་། ད་དེ་འདྲ་རེད། དེ་ལས་དུས་ཚོད་ཡོད་ན་དབྱིན་ཇི་སྦྱོངས། མི་ཚེ་ལ་ཕན་ཐོགས་ཡོད་རེད། ང་བོད་པ་ཡིན། བོད་སྐད་ཁོ་ན་མཆོག དེ་ལས་གཞན་པ་མི་དགོས་ཟེར་དུས་ལྐུགས་པ་ཨུ་ཚུགས་རང་གི་དོར་མའི་ནང་སྐྱག་པ་གཏོང་གི་ཡོད་རེད།

  9. མེ་ཏོག་དཀར་པོ says:
    2012-10-30 at 12:58 am

    ར་སྐད་ལུག་སྐད་ཤེས་ན་ལེགས། །

  10. dorjee tsering says:
    2012-10-30 at 4:50 am

    ༄༅། གུས་པ་ཐོགས་མར་ཁ་བརྡ་དྲ་བའི་ཚོགས་མི་ཡོངས་ལ་སྙིང་དབུས་ནས་དགའ་བསུ་དང་རྗེས་སུ་ཡིད་རང་ཞུ།ཁྱེད་རྣམས་པས་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་དང་གློག་ཀླད་སྟེང་དུས་རབ་གསར་བའི་བོད་རིགས་གཞོན་སྐྱེད་རྣམས་དང་། དེ་བཞིན་སོ་སོའི་བསམ་ཚུལ་རྗེ་ལེན་དང་བོད་མིའི་གནས་སྟངས་སོགས་གང་སྤྱི་ཐད་ནས། བོད་ཡིག་སྟེང་བྲིས་ཀློག་ཐུབ་པ་ལ་རང་ཉིད་ཀྱི་ངོས་ནས་ཧ་ཅང་དགའ་པོ་དང་ཁྱེད་རྣམས་ཀྱི་གཡོལ་དུ་མེད་པའི་ལེགས་སྐྱེད་ཞིག་རེད་བསམ། གུས་པས་དེ་སྔོན་གྲོགས་པོ་ཞིག་བརྒྱུད་ནས་བོད་ཡིག་སྟེང་ཁ་བརྡ་གནང་ཆོག་པའི་དྲ་རྒྱ་གསར་པ་ཞིག་ཁ་ཕྱེད་པ་ཐོས། འོན་ཀྱང། དེའི་སྐོར་གསལ་པོ་རང་ཤེས་རྟོགས་པ་དུས་ཡུན་རིང་པོ་ལུས།
    ད་དུང་ཡང་ད་ལྟ་རང་ཉིད་ནས་བྲིས་པའི་འཕྲིན་ཐུང་དེ་ཁྱེད་ཚོ་ཁ་བརྡ་དྲ་བའི་ཚོགས་མི་རྣམས་ཀྱི་དྲུང་དུ་སླེབས་མིན་སོགས་ལ་ཐེ་ཚོམ་ལ་མ་འདས། གལ་སྲིད་དེ་འབྱོར་བའི་དབང་དུ་བཏང་ན། ཁྱེད་རྣམས་ནས་གུས་པ་ཡིག་ལན་ཞིག་གནང་རོགས། མཁྱེན་ གང་ལག་ཟེར་ ཁ་བརྡ་དེ་བརྒྱུད་རང་ཉིད་ནས་བོད་རིགས་གྲོགས་པོ་དག་དང་མཉམ་དུ་བསམ་ཚུལ་བརྗེས་ལེན་ཆེད་ཡིན།།།

  11. མེ་ཏོག་དཀར་པོ says:
    2012-10-30 at 4:58 am

    རྡོ་རྗེ་ཚེ་རིང་། བྱོན་པ་ལེགས་སོ།། བག་ཡངས་དང་གུ་ཡངས་ཐོག་བསམ་ཚུལ་སྤེལ་དགོས།

  12. ཀརྨ་སྐལ་བཟང་ says:
    2012-10-30 at 9:32 am

    ལྷ་སྲས་བསོད་ནམས་གསུང་པ་དེ་ལ་རྒྱལ་སྐྱོར་ཡོད་བདེནཔ་འདུག་སེམས་བཟང་གིས་སྐད་ཆ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme