Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་མྱི་ཤེས་རྒྱ་ཅན་ཚོའི་ནུས་པ་དམར་གསོད་གཏོང་མཁན་ཚོར་རྒོལ་བ།

Posted on 2010-12-232010-12-23 By ཁ་བརྡ་ 6 Comments on རང་མྱི་ཤེས་རྒྱ་ཅན་ཚོའི་ནུས་པ་དམར་གསོད་གཏོང་མཁན་ཚོར་རྒོལ་བ།

བཀྲ་ཤིས་ཚེ་རིང་།

ང་ཚོའི་སྤྱི་ཚོགས་ནང་གི་མི་རེ་འགས་རང་གི་ཁེ་ཕན་ཆེད་མི་གཞན་གྱི་མགོར་ཞྭ་མོ་གཡོག་སྲོལ་ཡོད་པ་ནི། སྤྱི་ཚོགས་ཀྱི་ཞི་འཇགས་བརྟན་བརླིང་དང་སྤྱི་ཚོགས་ཀྱི་ནང་ཁུལ་འཆམ་མཐུན་ལ་བསམ་གཟས་གཏོར་བརླག་བཟོ་བཞིན་ཞིག་རེད། མིའི་སྤྱི་ཚོགས་ཀྱི་སྣང་ངོར་མི་རན་པའི་བྱ་སྤྱོད་འདི་བཙན་བྱོལ་སྤྱི་ཚོགས་འདིར་ཧ་ཅང་ཤུགས་ཆེན་པོ་དར་ཡོད་ལ། དུས་ད་ལྟའང་མུ་མཐུད་དེའི་རིགས་དང་དེའི་རྗེས་སུ་འབྲངས་པ་སྐོར་ཞིག་གིས་སྤྱི་ཚོགས་ཀྱི་མི་བུ་རང་ཚིགས་ཅན་ཚོར་བར་ཆད་ཀྱི་ལས་རྩོམ་གིན་ཡོད། འདིའི་རིགས་སེམས་བག་ཡངས་པའི་མི་བུ་དཔྱོད་ཤེས་པ་ཞིག་ཡིན་ན་བལྟས་མ་ཐག་གསལ་བོར་མཐོང་ཐུབ་པས། ཧང་སང་དགོས་པའི་གནད་ཅིག་ཏུ་བརྩི་མི་སྲིད་མོད། སྤྱིར་བཏང་མང་ཚོགས་དཀྱུས་མའི་རིགས་ལ་དོགས་པ་ཐེ་ཚོམ་གྱི་བློ་སེམས་ཁུར་ལ་སྤྲོད་སྲིད་པས་མི་སུ་ཡིན་རང་རང་གི་རྣམ་དཔྱོད་བེད་སྤྱོད་གཏོང་གལ་ཆེན་པོར་མཐོང་སོང་།

ང་རང་བཙན་བྱོལ་སྤྱི་ཚོགས་འདིར་འབྱོར་ནས་ལོ་ངོ་ཅུང་སོང་མེད་ནའང་། བཙན་བྱོལ་གྱི་ཚོགས་པ་ག་གེ་མོའི་ལས་སྣེ་རག་པའི་ལས་བྱེད་པ་ལ་ཤས་ཧ་ལས་པའི་འཁྲབ་སྟངས་ཡ་མཚར་རེ་ཡོད་པ་གོ་མྱོང་། ངས་ཁོ་ཚོའི་སྐད་ཆ་རེ་རེ་ཉན་ཡོང་དུས་སེམས་ངོར་ཙག་ཤེད་རྒྱུགས་པའི་ན་ཟུག་བཤད་མི་ཕོད་ལ། གངས་རིའི་བཤུལ་ལམ་རྐང་ཐང་གིས་གཤེགས་པའི་དཀའ་ཚེགས་རེ་རེའང་འགྱོད་པ་དང་མིག་ཆུ་འཐོར་མྱོང་། སྐབས་རེ་ལྷོད་ལ་བབས་ཏེ་འདང་ཞིག་བརྒྱབས་ན་འདིའི་རིགས་རྩ་མི་ཚང་བའི་ཁྲམ་ཁ་ཤས་ཡིན་པས། ཞེ་རྩ་གཡའ་དག་པའི་ང་ཚོ་བོད་མི་སྤུན་ཟླ་ཚོའི་ནང་ཁུལ་མཐུན་ལམ་ལ་སུས་ཀྱང་སྒུལ་མི་ཚིགས་པའི་ཡིད་ཆེས་རྙེད་འོང་། ང་ཚོ་ཆོལ་གསུམ་སྤུན་ནང་ཁུལ་གྱི་མཛའ་སེམས་འགྱུར་མེད་ཡིན་ན་ང་ཚོའི་མ་འོངས་པ་ཡང་ཐག་མི་རིང་བའི་ཁག་ཐེག་བྱས་ཆོག

བཞུད་ཚར་བའི་དུས་ཚིགས་སྐྱོ་བོ་ཞིག་གི་སྣེ་རུ་འགྲོ་ཞོར་སེན་བཏོག་ཅིག་བྱས་ན། སྐུ་གཤེགས་དམ་པ་ཟླ་བ་ནོར་བུ་སུ་ཞིག་གིས་སྦྲ་ཁྱིམ་སྨུག་པོའི་སྒོར་སྤྱུགས་པ་རེད། ག་རེ་བྱས་ཏེ་སྙིང་ནད་ཕོགས་ཏེ་ཐ་མར་ཕམ་ཁའི་ངང་གཞན་དུ་གཤེགས་སོང་བ་རེད། གཤེགས་ཚར་བའི་ཕྱི་ཉིན་རླུང་འཕྲིན་སོགས་འཕྲིན་ལམ་སྣ་ཚོགས་བརྒྱུད་སེམས་གསོའི་ཞུ་ཡིག་བསྐུར་རབས་འདུག ཆེས་ཡིད་སྐྱོ་བ་ཞིག་རེད་ཨང་། འདི་ལྟ་བུའི་ངན་འཚང་གི་རྩ་བ་བསྔོག་དགོས་པའི་དུས་ཚོད་གནའ་ནས་སླེབས་ཚར་ནའང་། གཅིག་ངོ་གཅིག་བལྟས་པ་ནང་བཞིན་དོན་དག་སྐོར་ཞིག་གབ་སྦོས་ཀྱི་ཚུལ་གྱིས་ས་སྒོར་ཕུད་ཡོད་པ་མ་རེད། དུས་དེ་རིང་མི་བུ་ཡོད་ཚད་རིག་པས་བརྟས་ནས་ཡོད་ལ་རྟོགས་སད་ཀྱི་བློ་རྒྱ་ཁ་གདེངས་ནས་ཡོད་སྟབས། གཡོ་སྒྱུ་ཁྲམ་གསུམ་ལ་གཏན་ནས་མགོ་སྒུར་མི་སྲིད་པའི་མི་རབས་ཤིག་འཚར་ལོངས་བྱུང་གིན་ཡོད་ལ། རང་དབང་ལོངས་སྤྱོད་དང་ཁ་མཐུན་གྲོས་འགྲིག་གི་སྤྱི་ཚོགས་ཤིག་ཆགས་ན་སྙམ་པའི་འདུ་ཤེས་བསྐྲུན་གྱིན་ཡོད་། ད་རུང་བཤད་རྒྱུ་ཞིག་ལ། རྒན་པདྨ་འབུམ་ཉིན་མོ་སྒོར་འབུད་དཀའ་བའི་ཚོད་དུ་བཅུགས་མྱོང་བའི་གཏམ་རྒྱུད་དེ་གོ་ཨེ་མྱོང་། དེ་དང་དེ་འདྲ་བ་ག་ཚད་ཅིག་བྱུང་ཡོད་པ་འགྲེལ་མི་དགོས་པ་ཞིག་རེད། ཡ་ང་བའི་རང་མྱི་ཤེས་རྒྱ་ཅན་ཚོའི་ནུས་པ་དམར་གསོད་གཏོང་བར་གོམས་པའི་སྲིད་དོན་ཁྲམ་ཚོའི་ཁ་གཏད་དུ་ལངས་དགོས་པའི་དུས་བབས་འདུག་གོ།

རྒྱ་དམར་སྲིད་གཞུང་གིས་བོད་ནང་གི་རྩོམ་པ་པོ་ཚོའི་སྐེ་འབུ་གཅུ་སྟངས་དང་། བཙན་བྱོལ་གྱི་སྐབས་འཚོལ་རིང་ལུགས་པ་མགོ་བདེ་ཚོས། བཙན་བྱོལ་གྱི་མི་བུ་རེ་བ་ཅན་ཚོ་གཅིག་འཕྲོ་གཅིག་ལ། གསང་མྱུལ་དང་། དོ་རྒྱལ་བསྟེན་མཁན། ཆོས་ལུགས་ལ་མི་དད་པ་སོགས་ཀྱིས་མགོ་རུ་བཞུས་ཏེ་སྤྱི་ཚོགས་ཀྱི་སེམས་ངོར་མི་འཕྲོད་པའི་ཞྭ་མོ་གཡོགས་པ་ནི་གཅིག་པ་གཅིག་རྐྱང་ཡིན། མི་སུ་ཡིན་ན་དྲང་བདེན་དང་རང་དབང་ལ་དགའ་ཞིང་དུང་བས་དེའི་རིགས་སུ་འབད་པ་དག་གི་ཚེ་སྲོག་སྲུང་བར་འབད་པ་བྱེད་དགོས། ངས་བལྟས་ན་ཆེས་དོགས་ཟོན་བྱ་དགོས་པ་ནི་རྟག་པར་རྒྱལ་བ་རིན་པོ་ཆེ་ཁ་ནས་གླེང་མཁན་ཚོ་དང་། དད་པ་དང་དམ་ཚིག་བརྟན་པོ་ཡོད་མདོག་གིས་ལྐོག་འབྲེལ་བྱ་མཁན་གྱི་མི་འདི་དག་ཡིན་པས། ག་དུས་ཡིན་ན་འདི་དག་ངན་ལངས་སྐྱག་ལངས་ཏུ་གཏོང་མི་ཉན་ཞེས་བཤད་འདོད་བྱུང་།

ད་ཐེངས་ཀྱི་མདོ་སྨད་རྒྱུན་ལས་ཁང་གིས་སྤེལ་བའི་སྤྱི་ཚོགས་ཟིང་སློང་གི་ཡིག་འཁྱམས་དེའང་། སྔ་མ་བཞིན་སྤྱི་ཚོགས་ནང་ཁུལ་སུན་པོ་བཟོ་བྱེད་ཅིག་ཡིན་པས། འདི་རིགས་ཀྱི་ཕག་ནའང་མི་རྔ་མ་ཅན་ཁ་ཤས་སྐུང་ཡོད་པ་གསལ་བོར་མཐོང་ཐུབ། སྤྱིར་མདོ་སྨད་རྒྱུན་ལས་གྱི་ལས་དོན་ནི་མདོ་སྨད་མི་མང་གི་སྐྱིད་སྡུག་ལ་ལྟ་རྟོགས་བྱེད་དགོས་པ་ཞིག་མ་གཏོགས། སྤྱི་ཚོགས་ཟིང་སློང་དང་སྲིད་དོན་བྱ་འགུལ་ཁོ་ན་སྒྲུབ་པའི་ཚོགས་པ་ཞིག་གཏན་ནས་མིན། ཉེ་སྔོན་ཞིག་ལ་ཨ་ལགས་ཤིང་བཟའ་ཚང་གཙོས་མདོ་སྨད་ཀྱི་ཤེས་ཡོན་པ་སྐོར་ཞིག་གིས་མདོ་སྨད་རྒྱུན་ལས་ཀྱི་ཚོགས་ཆེན་ལ་སྙན་ཞུ་བཏང་འདུག དེའི་ནང་ནའང་མདོ་སྨད་རྒྱུན་ལས་འདི་མདོ་སྨད་མི་མང་གི་དཀའ་ངལ་ཞུ་ས་ཉན་སའི་ཚོགས་པ་ཞིག་དང་། མི་མང་རང་གི་བདེ་སྡུག་ཁོ་ན་སྒྲུབ་ཐུབ་པའི་སྐྱིད་སྡུག་ཚོགས་པ་ཤིག་ཏུ་བསྒྱུར་དགོས་པའི་འབོད་སྐུལ་གནང་འདུག
ཁོ་བས་ཀྱང་དེ་ལྟར་འདོད་ཀྱིན་ཡོད་པས་གཞུག་ནས་བཟུང་སུ་གང་ལ་ཕན་མི་ཐོགས་ན་གནོད་མ་སྐྱེལ་རོགས་ཞེས་ཞུའོ།

༢༠༡༠ ཟླ་༡༢ཚེས༢༣ཉིན་བྲིས།

རྩོམ་རིག

Post navigation

Previous Post: རྒྱ་ནག་སྲིད་བློན་རྒྱ་གར་ནང་འཚམས་འདྲི་ཡོང་བའི་དམིགས་ཡུལ་གཙོ་བོ་གང་ཡིན་ནམ།
Next Post: གཅིན་པ་གཏོང་སྟངས་དང་སྐྱག་པ་བཙིར་སྟངས།

Comments (6) on “རང་མྱི་ཤེས་རྒྱ་ཅན་ཚོའི་ནུས་པ་དམར་གསོད་གཏོང་མཁན་ཚོར་རྒོལ་བ།”

  1. རྟ་མགྲིན། says:
    2010-12-23 at 8:04 pm

    ཤ་ཚ་བའི་སྐད་ཆ་རང་རེད། རྩོམ་པ་པོ་བཀྲ་ཚེ་ལ་སེམས་ནས་དགའ་ནི་ཞིག་རེད།

  2. ཀླུ་སྨྱོན། says:
    2010-12-23 at 8:41 pm

    བོད་བརྒྱགས་ན་རྙོག་དྲ་བཟོ། རྒྱ་ལྟོགས་ན་རྙོག་དྲ་བཟོ།

  3. ཀརྡོ་རབ་འབྱམས་པ་ says:
    2010-12-23 at 9:53 pm

    ཚོགས་པ་སྐྱིད་སྡུག་སོགས་ཀྱིས་བཟོས་པའི་རྙོག་གླེང་དེ་དག བྱེས་འབྱོར་སྒྲིག་འཛུགས་གཞུང་གི་དཀའ་རྙོག་མ་རེད། ཆུ་ཁོལ་ས་རང་དུ་ཞི་འཇམ་དུ་ཆུགས།

  4. Ogyend says:
    2010-12-23 at 10:45 pm

    བཀྲ་ཤིས་ཚེ་རིང་ལགས། ཁྱེད་ཀྱིས་གནས་ཚུལ་རྒྱ་ཆེན་པོ་ཞིག་ནས་ཆུང་ས་ཚོགས་པ་ཞིག་གི་སྟེང་བབས་སོང་བས་སེམས་ཚབས་བྱེད་གཞིའི་ནུས་པ་བཅག་པར་ཧ་ཅང་བློ་ཕམ་ཆེ། ཁྱེད་ཀྱིས་འགོ་ཐོག་ཏུ་ང་ཚོའི་སྤྱི་ཚོགས་ནང་གནས་ཚུལ་དེ་འདྲ་ཞིག་ཡོད་སྐོར་གསུངས་པ་དང་འབྲེལ་ཆེས་སེམས་ཚབས་ཆེ་བའི་གནས་ཚུལ་ནི་སྔ་ལོའི་ནང་མ་སུ་རི་བོད་ཁྱིམ་དུ་སློབ་ཕྲུག་བར་འཁྲིག་སྤྱོད་བྱེད་སྐོར་ལས་འཕྲོས་ཏེ་སློབ་ཕྲུག་བཅུ་སྐོར་ཞིག་ཕྱིར་བུད་བྱེད་པ་ཙམ་དུ་མ་ཟད། ད་ཆ་འཛིན་སྐྱོང་ནང་ལྷིང་འཇག་མེད་པའི་གནས་ཚུལ་མང་པོ་ཞིག་ལྷག་བཞིན་པ་མ་ཟད། དེར་ཡོད་དྲུང་ཆེས་གོ་དབང་གི་སྟོབས་ཤུགས་ཀྱིས་འཛིན་སྐྱོང་གཏན་ལྷིང་བཟོ་ཐབས་བྱེད་བཞིན་པ་ལ་རྟེན་ནས་སྲིད་ཇུས་ངན་པ་འཛིན་པའི་མི་ངན་འགས་ཉིན་ལྟར་དྲུང་ཆེ་ཕྱིར་བུད་གཏོང་ཐབས་ཐོག་མཚན་མོ་ནམ་ཡིན་ལ་ཚོགས་འདུ་འཛོམས་བཞིན་ཡོད། ཕྱོགས་གཏོགས་དེའི་ཚོགས་མི་ཁ་ཤས་དྲུང་ཆེ་དང་འབྲེལ་བ་ཧ་ཅང་ཉེ་པོ་སླེབས་ཐུབ་ཡོད་པས་དེ་དག་གིས་ཁོང་གི་ཞེན་ཆ་འཛིན་ཐབས་ལ་འབད་བརྩོན་གཙོ་བོ་བྱེད། གཞན་པ་ཚོས་དེའི་ཁ་གཏད་དུ་འདོན་ཐབས་སོགས་ཐབས་སྣ་ཚོགས་ཤིག་འདོན་དང་བཏོན་བཞིན་པ་རེད། མདོར་ན་ཤིན་ཏུ་རྩ་ཆེ་བའི་ཚོགས་པ་དེ་སྲིད་དོན་ངན་པའི་རྦ་རླབས་ནང་ཚུད་ཅིང་དེར་ཡོད་རང་ཅག་ལས་བྱེད་དང། སློབ་ཕྲུག དགེ་རྒན་ཚང་མར་ཞི་བདེ་མེད་པ་ཞིག་ཏུ་འགྱུར་ཡོད། ཉེ་བའི་ཆར་བོད་ཁྱིམ་ནས་སློབ་དགེ་ལེགས་གྲས་ལྔ་དྲུག་རྩ་དགོངས་ཞུས་ཟིན་ཡོད་ལ་ད་དུང་མང་པོ་ཞིག་གི་ཞབས་ཞུའི་ལྷག་བསམ་རྩ་བརླག་ཏུ་ཕྱིན་ནས་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཡིན། མདོར་ན། རང་ཅག་བཙན་བྱོལ་གཞུང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་ནི་ཡོངས་གྲགས་ཤིག་ཆགས་ཡོད། ཧ་ཅང་གི་བློ་ཕམ་པའི་དུས་ཤིག་ལ་བསླེབས་ཡོད་ན་ཚང་མས་ཐབས་ཤེས་ཤིག་བྱ་དགོས་པར་བསམས། བཀྲིས་བདེ་ལེགས།

  5. གཡུ་རྩེ། says:
    2010-12-24 at 5:01 am

    ར་རིག་ནས་རྟ་རེད་ཟེར་ན་དེ་མིག་འཕྲུལ་རེད།
    བཀྲ་ཤིས་ཚེ་རིང་ཟེར་བ་དེའི་མདོ་སྨད་ཚང་གི་མགོ་ལ་ཅིག་འཇོག་ཐུབ་ཐུབ་བྱེད་ཀྱིན་འདུག
    ཁྱེད་ཀྱིས་སོམ་དང་སྤྲིན་མ་འཐིབ་པར་འབྲུག་ཅི་ལྟར་གྲགས་དགོས་པ་རེད། དེ་འཇིག་རྟེན་ཡོངས་གྲགས་ཀྱི་གནས་ལུགས་དང་འགལ་བ་ཞིག་རེད།
    ངས་མདོ་སྨད་རྒྱུན་ལས་རྣམ་པར་དྲིས་པ་ཡིན་མོད། ཁོང་ཚོས་ནང་གི་མི་ཞིག་གིས་བཤད་དོན་དེ་འདྲ་འདྲའི་རྙོག་ཟིང་ཞིག་གི་མགོ་བསླངས་ཡོང་གིན་འདུག ཡིན་ནའང་ཞིབ་ཕྲའི་གནས་ཚུལ་རྩར་གཅོད་བྱས་པའི་རྗེས་ནས་མདོ་སྨད་གཞུང་གི་ལངས་ཕྱོགས་ཟེར་ན་འདྲ་ཐག་གཅོད་ཟེར་ནའང་འདྲ། གང་ལྟར་གནད་དོན་འདི་གླེང་སློངས་ཤིག་མི་བྱེད་རང་བྱེད་ཡིན་ས་རེད། ཕྱོགས་མང་པོ་ཞིག་ན་གྲགས་འགུལ་ཆེན་པོ་རེད།
    འོན་ཀྱང་ལྟའི་བར་མདོ་སྨད་ཀྱིས་ཐག་གཅོད་གང་ཡང་བྱས་མེད་ཟེར། ངས་བལྟས་ན་ ནམ་སྨད་ལ་གྲགས་ན་བྱ་ཕོ་ཡིན་སྲིད་ཀྱང་། ནམ་སྟོད་གྲགས་མཁན་དེ་བོང་བུ་ཡིན་རྒྱུ་རེད། མདོ་སྨད་གཞུང་ཡིན་མིན་ལ་མ་བལྟས་པར་མདོ་སྨད་ཆོལ་ཁའི་མིང་དྲ་ཐོག་ནས་དོན་མེད་ལ་བརྫད་མ་ཡོང་པ།

  6. ནག་པོ་ཆེན་མོ། says:
    2010-12-24 at 9:34 am

    འདི་ལོའི་བཀའ་སྤྱིའི་འོས་བསྡུ་སྐབས་དོགས་གནད་ཆེན་པོ་འགའ་མཐོང་བ།
    ༡ ཐོག་མར་བུད་མེད་ཚོགས་པས་ཚོད་ལྟའི་འོས་བསྡུ་ས་གནས་གང་སར་བྱས་ཀྱང་དུས་ཐོག་འོས་ཐོབ་ཀྱི་གསལ་བསྒྲགས་མི་བྱེད་པར་ཐ་མ་གསར་བསྒྲགས་བྱས་ཀྱང་འོས་མཉམ་ཞུགས་བྱ་མཁན་ཇི་ཙམ་བྱུང་མིན་ཙམ་ལས་གསལ་ཁ་མེད་པའི་རྒྱུ་རྐྱེན་གང་ཞིག་ལ་ཐུག་ཡོད་མེད་དོགས་གནད་དང་པོ་རེད།
    ༢ དྲ་རྒྱ་ཁག་ཏུ་བློ་སེང་ལ་སྐྱོན་བརྗོད་ཀྱི་བསམ་འཆར་བཀོད་ཀྱང་ཉིན་གཉིས་རེ་མཚམས་ཆ་ཚང་ནག་སུབ་བཏང་ནས་མངོན་མེད་བཟོ་བ་དང་། བཀའ་བློན་འོས་དམིགས་གཞན་ལ་སྐྱོན་བརྗོད་བསམ་འཆར་བཀོད་ཀྱང་ཟླ་བ་གཅིག་ལྷག་ཙམ་མདུན་ཤོག་ལ་འགོད་པ་སོགས་ལ་གཏགས་ན་དྲ་རྒྱ་ཆ་ཚང་བསླུ་ཉེ་ཟིན་པ་དང་གཉིས།
    ༣ བལ་ཡུལ་ནང་འོས་ཤོག་བཙན་འཕྲོག་བྱས་ཀྱང་ཅུང་ཟད་ལྷག་པ་རྣམས་མདོ་སྟོད་ཀྱི་འོས་ཤོག་ལྷག་པ་སོགས་མི་མངོན་པའི་གཡོ་ཇུས་ཞིག་ཡོད་པ་དང་གསུམ།
    ༤ སྤྱིར་བལ་ཡུལ་ནང་བོད་པ་རྣམས་བསྡུ་འཛོམས་ཀྱི་རང་དབང་གཏན་ནས་མེད་པ་མ་ཟད་ལྷག་པར་བོད་ཀྱི་མཐུན་མོང་མ་ཡིན་པའི་དུས་དྲན་ཁག་ལ་དེ་བས་བཀག་སྡོམས་ནན་མོ་ཡོད་པ་མ་ཟད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དུས་དྲན་སྲུང་བརྩིས་ཞུ་རྒྱུའི་ཆེད་བསྡུ་འཛོམས་བྱས་ཀྱང་བཀག་སྡོམས་ནན་མོ་བྱ་བཞིན་ཡོད་ཀྱང་། ཡ་མཚན་པ་ཞིག་ལ་བལ་ཡུལ་ཁུལ་གྱི་མདོ་སྟོད་ཁམས་རིགས་ཀྱི་མཆོད་རྟེན་ས་གནས་འགོ་འཛིན་ལས་ཁུངས་སུ་སྤྲོད་སྐྱིད་ཐུལ་རོ་ཉིན་གསུམ་བཏང་ཀྱང་བཀག་འགོག་གང་ཡང་མེད་པ་དོགས་གནས་བཞི་པ་རེད། འོན་ཀྱང་ལོ་འདིར་ང་ཚོ་བོད་མི་སྤྱི་ལ་སྤྲོ་སྐྱིད་གཏོང་བའི་གནས་ཚུལ་བཟང་པོ་གང་ཡང་བྱུང་མེད་ལ་དེ་བས་ཀྱང་སྤྲོ་སྐྱིད་ཤོ་སྦག་རྒྱན་འཛུགས་ཤུགས་ཆེན་བྱས་ཏེ་མི་ཁ་ཤས་ཀྱི་ནེ་སྒོར་འབུམ་བཅུ་ལྷག་ཙམ་ཤོར་བ་སོགས་དེ་སྔ་བཙན་བྱོལ་སྤྱི་ཚོགས་ནང་བྱུང་མ་མྱོང་བའི་རྒྱན་འཛུགས་རྩེ་མོ་ཤུགས་ཆེ་ཤོས་དེ་བྱུང་ཡོད་པས་དེ་དག་ལ་ཚང་མས་དགོངས་པ་ཟབ་བཞེས་གནང་རོགས་ཐུགས་བརྩེ་གཟིགས་ཞུ་བཞིན་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme