Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་མདོག་ཕྱི་ལ་སྟོན་པའི་དུས་ཤིག་ཡིན།

Posted on 2014-03-072014-03-07 By ཁ་བརྡ་ 11 Comments on རང་མདོག་ཕྱི་ལ་སྟོན་པའི་དུས་ཤིག་ཡིན།

བཀྲ་ཤིས་དོན་འགྲུབ།

དེང་སང་ནི་དོལ་རྒྱལ་བ་ཚོས་རང་མདོག་ཇི་མ་ཇི་བཞིན་ཕྱི་ལ་མངོན་སུམ་དུ་སྟོན་པའི་དུས་ཤིག་ཡིན། དོལ་རྒྱལ་ཚོགས་པའི་བྱུང་རབས་ལ་དཔྱད་ན་ཐོག་མར་ ༩༧ ལོར་ལྡི་ལིར་ལྷ་མི་སྲུང་སྐྱོབ་ཚོགས་པ་ཟེར་བ་བཙུགས་ཤིང་། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་མིས་ལྷ་སྲུང་དགོས་པའི་བཞད་གད་ཀྱི་ཚོགས་པ་བྱུང་བ་ཐེངས་དང་པོ་དེ་ཡིན། ཁོ་ཚོས་ཐོག་མར་དགེ་ལུགས་པའི་བླ་མ་ཧ་ལམ་ཚང་མས་བསྟེན་སྲོལ་བྱེད་ཀྱིན་ཡོད་པ་དང་། དོལ་རྒྱལ་ལ་རྗེ་རིན་པོ་ཆེས་བཀའ་བསྒོ་ཡོད་ཚུལ་སོགས་བཤད་པ་རེད། ཐ་ན་ལྷ་སའི་མི་མང་ཕལ་ཆེ་བ་དོལ་རྒྱལ་དང་འབྲེལ་བ་ཡོད་ཅེས་འཆི་མེད་ཚེ་རིང་ཅན་ནས་བཤད་པ་རེད། ཡང་སྙང་སུ་ཞིག་རྫུན་བཤད་ཀྱིན་ཡོད་ང་ཚོས་དཔྱད་ཆོག

ཐོག་མར་༸གོང་ས་མཆོག་ནས་དོལ་རྒྱལ་སྐོར་གསུང་སྐབས་དོལ་རྒྱལ་བ་ཚོས་དེ་ནི་དོལ་རྒྱལ་བཀག་འདོད་མིན་པར་དགེ་ལུགས་པ་རྩ་མེད་བཟོ་འདོད་དང་། དོལ་རྒྱལ་ཚུལ་ཁྲིམས་ཀྱི་སྲུང་མ་ཡིན་སྟབས་བོད་གཞུང་ནས་གྲྭ་པ་ཚང་མ་སྐྱ་ལ་ཕབ་ཆེད་སྔོན་དུ་དོལ་རྒྱལ་བཀག་པ་རེད་ཅེས་དང་། གྲྭ་སྒོམ་སྤྲུལ་སྐུ་ཐའི་ལན་དུ་སྨན་བཅོས་བྱས་ཀྱང་བྱེད་མི་ཐུབ་པ་གྲོངས་པ་ཡིན་ཀྱང་ཆེད་དུ་ཉེས་འཛུགས་བྱེད་ཆེད་བོད་གཞུང་གིས་དུག་དྲངས་ནས་བསད་པ་རེད་ཅེས་པ་སོགས་གང་བྱུང་སྒྲོ་བཏགས་བྱས་ཡོད་པ་སྐབས་དེར་སེ་ར་ལ་ཡོད་མཁན་སུས་ཧ་མི་གོ
ད་ལྟའི་ཡོངས་འཛིན་ཁྲི་བྱང་ཚང་གི་ཡང་སྲིད་དེ་སུད་སི་ནས་ཚུར་རྒྱ་གར་དུ་ལོག་གྲབས་བྱེད་སྐབས་དོལ་རྒྱལ་ཚོགས་པས་གོ་སྒྲིག་བྱས་ཏེ་ཁྲི་བྱང་རིན་པོ་ཆེའི་ཕྱག་མཛོད་དེ་བསད་ནས་དེའི་ནག་ཉེས་དེ་བོད་གཞུང་ལ་བཀལ་ནས་ཁྲི་བྱང་གི་ཡང་སྲིད་དེ་བོད་གཞུང་ལ་མི་དགའ་བ་བཟོ་ཐབས་བྱས་པའི་སྐོར་ཁྲི་བྱང་རིན་པོ་ཆེ་ཁོ་རང་གིས་སྒྲ་ཐག་ནང་བཅུག་ནས་ཁོ་རང་དང་འབྲེལ་ཡོད་ཀྱི་བླ་མ་ཁག་ལ་བཏང་ཡོད་པ་རྒན་རབ་བརྟན་གྱི་ཡང་སྲིད་ཀྱི་མདུན་ང་རང་གིས་དངོས་སུ་གོ་མྱོང་།
མོན་གྷོ་གཞིས་གྲོང་གསུམ་པའི་སློབ་ཕྲུག་ཚོའི་སྐྱེལ་བསུའི་རླངས་འཁོར་གཏོར་བཤིག་བྱས་པ། སེར་སྨད་གྲྭ་ཚང་གི་སློབ་གྲྭའི་རྒན་རྣམ་རྒྱལ་དང་སེར་བྱེས་ཚྭ་བ་འབག་ཚག་གཉིས་ཉེས་རྡུང་ཚད་མེད་བཏང་སྟེ་ཤི་ལ་ཁད་བྱས་པ། སེར་བྱེས་དགེ་བསྐོས་ཟུར་པ་མོན་པ་ཐུབ་བསྟན་ཆོས་དར་ཉེས་རྡུང་གཏོང་རྩིས་བྱས་ཀྱང་ལམ་དུ་མ་ལྷོངས་པ། མཚན་ཉིད་སློབ་དཔོན་ལ་གྲི་ཁག་བཅོ་བརྒྱད་བཙུགས་ཤིང་མཐའ་མར་སྐེ་གཏུགས་ནས་བསད་པ་སོགས་སྐབས་ཤིག་དོལ་རྒྱལ་ཚོགས་པས་དོལ་འདྲེ་ཁོག་ཏུ་བརླམས་ཏེ་སྨྱོ་བ་ནང་བཞིན་བྱ་བ་གང་བྱུང་དང་སྐད་ཆ་ཁག་དཀྲི་དང་སྒྲོ་བཏགས་ཧམ་པ་ཇི་ཙམ་བཤད་པ་སེ་ར་གླིང་ཡོངས་སུ་གྲགས།

ང་ཚོས་རེ་རེ་ནས་དཔྱད་སྐབས་ལོ་རྒྱུས་ཐོག་དོལ་རྒྱལ་ནི་རྙོག་གྲྭའི་སྒམ་ཆུང་ཞིག་ཏུ་མཐོང་ཡོད། རྒྱལ་བ་ལྔ་པ་ཆེན་པོས་ཐོག་མར་དོལ་རྒྱལ་ལ་དྲག་པོ་ལས་སྦྱོར་གནང་ནས་གནང་མ་ཐུབ་པ་ན་དོལ་རྒྱལ་གྱི་འཕྲིན་བཅོལ་མཛད་ཟེར་བའི་དོལ་རྒྱལ་བ་སྤྱི་དང་ཕ་བོང་ཁ་པ་དང་ཁྲི་བྱང་བླ་མ་གཉིས་ཀྱིས་བཤད་པ་དེ་ཡོངས་སུ་དངོས་ཡོད་དང་འགལ་ཡོད།
རྒྱུ་མཚན་ནི་ལས་སྦྱོར་གནང་སྐབས་གྲགས་པ་རྒྱལ་མཚན་གཤེགས་ནས་ལོ་བཅོ་བརྒྱད་ཕྱིན་ཡོད་པས་དེའི་ཡས་མས་ཤིག་ཏུ་ལྔ་པ་ཆེན་པོས་དོལ་རྒྱལ་གྱི་འཕྲིན་བཅོལ་མཛད་དགོས་པས་དེ་ལྟ་ན་རང་རྣམ་དུ་ཀུ་ལའི་གོས་བཟང་དུ་དོལ་རྒྱལ་ནི་སྨོན་ལམ་ལོག་པའི་དམ་སྲི་ཡིན་ཚུལ་གསུངས་ཤེས་ཐབས་མེད་དེ། དུ་ཀུ་ལའི་གོས་བཟང་ནི་སྐུ་ཚེ་སྨད་དུ་མཛད་པ་དང་། དགོངས་པ་རྫོགས་ལ་ཉེ་བའི་སྐབས་ཀྱི་གསུང་བཀའ་རྒྱ་ཅན་སོགས་གཞན་དང་གཞན་དུ་དོལ་རྒྱལ་ལ་དགག་བྱ་མཐའ་གཅིག་ཏུ་གནང་འདུག་པས་ལྔ་པ་ཆེན་པོས་དོལ་རྒྱལ་གྱི་འཕྲིན་བཅོལ་མཛད་ཟེར་བ་དེ་གཞི་གང་ཡང་མེད་པར་གྱུར་པ་རེད།

འོ་ན་དོལ་རྒྱལ་ཚོགས་པས་དེ་ལྟར་ཡོད་པར་བཤད་པ་གཞི་གང་ལ་བརྟེན་ནམ་ཞེ་ན། དེ་ནི་སོག་པོ་རྟ་དབྱངས་ཀྱིས་སྒྲིག་པའི་དོལ་རྒྱལ་གྱི་བེའུ་བུམ་ལ་ཕྱིས་ཁྲི་བྱང་ཚང་གི་གསུང་སོགས་ཁ་སྣོན་བྱས་ཏེ་པོད་གཉིས་ཙམ་བྱས་པ་དེ་ནང་འཕྲིན་བཅོལ་དེའི་འཇུག་ཏུ་རྒྱལ་མཆོག་ལྔ་པ་ཆེན་པོའི་གསུང་ངོ་ཞེས་བྲིས་ཡོད་པ་དེ་ཙམ་རེད། ཡིན་ནའང་དེའི་ནང་ལྔ་པ་ཆེན་པོའི་གསུང་ཡིན་ཞེས་པ་འདི་ཙམ་ལས་ལྔ་པ་ཆེན་པོའི་རྩོམ་ཡིན་ཚུལགྱི་ཁུངས་ལུང་རྡོག་གཅིག་སྨྲོས་མེད། ཕྱིས་སུ་ཁྲི་བྱང་པས་ཀྱང་དེར་ཁུངས་བཅོལ་ནས་རྒྱལ་ལྔ་པའི་གསུང་ཡིན་ཤག་བྱེད་པ་རེད། སོག་པོ་རྟ་དབྱངས་ནི་སྐུ་ཕྲེང་བཅུ་གསུམ་པའི་མི་ཐོག་གི་མི་ཞིག་ཡིན་པས་ཁོ་པས་ཉུང་མཐར་ཡང་གསུང་དེ་ལྔ་པ་ཆེན་པོས་གསུང་ཚུལ་ཞིག་བྲིས་དགོས་པར་སྣང་ཡང་མ་བྲིས་པས་གློ་བུར་གནམ་ནས་ཟགས་པ་ལྟ་བུའི་ཚོར་སྣང་དང་། ང་ཚོའི་བོད་ཀྱི་བླ་མ་དུ་མས་དད་པ་ཙམ་ལས་སྐབས་རེེེར་དཔྱད་པ་གང་ཡང་མ་བྱས་པར་ཁས་བླངས་པ་ཡང་དུ་ཞིག་མཐོང་ཐུབ་བོ།།

ང་ཚོས་ངེས་པར་ཡིད་གཟབ་ཆེན་པོས་དཔྱད་དགོས་པ་ཞིག་ལ་དོལ་རྒྱལ་རྗེས་འབྲངས་པས་དོལ་རྒྱལ་ནི་དགེ་ལྡན་པའི་བསྟན་པ་སྲུང་བའི་ཆེད་དུ་དྲག་པོའི་སྐུར་བཞེངས་འདོད་ཀྱིས་བཀྲ་ཤིས་ལྷུན་པོའི་དགོན་དུ་པཎ་ཆེན་རིན་པོ་ཆེའི་མདུན་དུ་ཕྱིན་པ་ན་བཀྲས་ལྷུན་དགོན་པ་རྣམ་སྲས་རྟ་བདག་ཀྱིས་བསྐོར་ནས་ནང་དུ་གཏོང་མེད་པར་དོལ་རྒྱལ་གྱི་བེའུ་བུམ་རང་དུ། དེ་ནས་གཙང་ཕྱོགས་ལྷུན་པོའི་གྲྭར་བྱོན་ཀྱང་། །རྟ་བདག་བརྒྱད་ཀྱིས་མུ་ཁྱུད་རབ་བཙན་ཕྱིར། །ཅུང་ཟད་རྟེན་འབྲེལ་ཆུང་བས་དེ་མ་ཐག །ཁྲོས་པའི་ཚུལ་གྱིས་ས་སྐྱར་གཤེགས་པ་ན། །ཞེས་བྲིས་ཡོད་པས་དགེ་ལྡན་པའིབསྟན་པའི་ཆེད་དུ་བཞེངས་པའི་བསྟན་སྲུང་ཞིག་རྒྱལ་པོ་ཆེན་པོ་རྣམ་སྲས་ཀྱིས་ཅིའི་ཕྱིར་བཀག་པ་དང་། བཀག་ནུས་པ་ལ་དོལ་རྒྱལ་ཚོགས་པས་དུས་ད་དུང་ལན་གང་ཡང་རྒྱག་རྒྱུ་རྙེད་མེད།

རྩོམ་རིག

Post navigation

Previous Post: ཡང་བསྐྱར་ངས་ཁྱེད་ལ་སྙན་ངག་འབྲི།
Next Post: དགོད་བྲོའི་ཁ་ཤགས།

Comments (11) on “རང་མདོག་ཕྱི་ལ་སྟོན་པའི་དུས་ཤིག་ཡིན།”

  1. འཇམ་གཅེས། says:
    2014-03-07 at 10:10 am

    གནད་དོན་འདིའི་ཐད་ཆཽས་དད་རང་མོས་ཀྱི་གནད་དོན་འབྲེལ་ནས་བཤད་ན་ཅུང་ནོར་བར་མཐོང་། ཐོག་མར་ལྷ་བརྟེན་ཀྱང་རུང་འདྲ་བསྟེན་ཀྱང་རུང་དེ་བོད་པའི་དབང་རེད། ༧གོང་ས་མཆོག་གིས་གསལ་པོ་གསུངས་ཚར་བ་རེད། ཁོང་གིས་འདྲེ་བསྟེན་པའི་འགལ་རྐྱེན་རྣམས་བོད་མི་རིགས་ལ་གསལ་བཤད་དང་ལམ་སྟོན་བཀའ་སློབ་གནང་བ་ལས་མཐའ་གཅིག་ཏུ་བསྟེན་མི་ཆོག་པ་སུས་གསུངས་ཡོད། འོན་ཀྱང་། འགག་གནད་གཅིག་ནི། ཆོས་དང་ཟང་ཟིང་གི་འབྲེལ་ལམ་གཅོད་རྒྱུ་དེ་རེད། དེའི་དབང་གིས་འདྲེ་ཚོགས་ཀྱིས་སྐད་ངན་རྒྱག་གི་ཡོད་ལ་མི་གསོད་ཀྱི་ཡོད། རེད་དེ། ཁོ་ཚོས་འདྲེ་བསྟེན་མི་བསྟེན་གྱི་ཐོབ་ཐང་ལོངས་སུ་སྤྱོད་ཆཽག་སར་ང་ཚོས་ཁོ་ཚོ་དང་འབྲེལ་བ་མི་བྱེད་རྒྱུའི་ཐག་གཅོད་བྱེད་པའི་ཐོབ་ཐང་མེད་པ་ཅི་ཡིན། ཁོ་ཚོར་རང་དབང་ཡོད་པ་རེད། རང་དབང་ཡོད་ཙང་། འདྲེ་བསྟེན་གྱི་ཡོད། དེ་བས་རང་དབང་ཆེ་ཐག་ཆོད་ནས་མི་གསོད་ཀྱི་ཡོད་ལ། རྒྱའི་རྐུབ་རྒྱུགས་བྱས་ཏེ་ཁེ་ཕན་ལེན་གྱི་ཡོད། ལར་ནས། དེང་སང་གི་འདྲེ་ཚོགས་པའི་ནང་ནས་འདྲེ་དེར་ཡིད་ཆེས་ཡོད་མཁན་ཉུང་ཉུང་རེད་འདོད། ཁཽ་ཚོས་འདྲེ་དེའི་མིང་སྤྱད་དེ་རྒྱ་དངུལ་ལེན་གྱི་ཡོད། དེས་ན། འདྲེ་དེ་ནི་གཞན་གང་ཡང་མིན་པར་ཁོ་ཚཽའི་རྒྱ་ནག་ལ་ཕྱིར་ཚཽང་བྱེད་པའི་ཚོང་རྫས་ཡོད་ན་མེད་ན་དེ་རེད། ཚོང་རྫས་དེ་མེད་ཚེ་མི་བོང་བུ་དེ་ཚོས་ཨ་རིིའི་ནང་ལས་མེད་དུ་ཇི་ལྟར་འཚཽ་ཐུབ་བམ། མདོར་ནས་བཤད་ན། དེང་སང་གི་འདྲེ་དེ་ཆཽས་ལུགས་ཀྱི་གནད་དོན་མིན་པར་ཆབ་སྲིད་ཀྱི་ལག་ཆར་གྱུར་ཟིན་པ་རེད། འདྲེ་ཚོགས་པས་འདྲེ་དེ་རྒྱ་ནག་ལ་ཕྱིར་ཚཽང་བྱས་ནས་དངུལ་ལེན་གྱི་ཡོད། རྒྱ་དམར་གྱིས་འདྲེ་དེ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་གི་ཡོད། མདོར་ན། དོལ་འདྲེ་དེ་རྒྱའི་རྒྱུགས་ཁྱི་ཆགས་པ་རེད།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-03-07 at 12:21 pm

    དོལ་རྒྱལ་ཞི་འཇགས་ཐབས་ལམ་གསུམ།
    ༡༽ དོལ་རྒྱལ་པ་ཚོས། དོལ་རྒྱལ་བསྟེན་དུ་ཆུགས།
    ༢༽ ༸གོང་མཆོག་གི་གསུང་ཆོས་ལ་འོང་མ་བཅུག
    ༣༽ ༸གོང་ས་མཆོག་གི་སྐུའི་ཉེ་འཁྲིས་སུ་འགྲོར་མ་བཅུག

  3. ཤར་པ says:
    2014-03-07 at 3:41 pm

    དོལ་རྟེན་བ་ཚོ་དད་པ་རང་རེད་བསམ་གྱི་ཡོད། ད་ཡིན་ན་དོལ་རྟེན་བ་ཚོ་རྒྱ་རོའི་རྒྱུག་ཁྱི་རེད་འདུག་། རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་དུས་རྒྱ་རོའི་དངུལ་ག་ཚོད་རག་གི་ཡོད་དམ། ད་དུང་ཡང་ངས་བསམ་ན་དོལ་བརྟེན་བ་ལ་རིགས་གཉིས་ཡོད། དང་པོ་དེ་སྐྱབས་རྗེ་ཕ་བོང་སོགས་དད་པ་ཆེ་དྲག་ནས་དོལ་རྒྱལ་ལ་དད་པ་ཡོད་། རྒྱལ་རིན་པོ་ཆེ་ལ་དད་པ་ཡོད་མཁན་དང་ཚུལ་ཉིས་ཁྲིམས་རྣམས་དག་དང་མཁས་པ་བླ་ན་མེད་པ་མང་པོ་ཞིག་ཡོད། གཉིས་པ་དོལ་རྒྱལ་ཁ་ལ་འཁྱེར་ནས་སྐྱབས་རྗེ་ཕ་བོང་ཁ་པར་དད་འབྲང་པ་ཚོ་ལ་མགོ་སྐོར་དང་མི་བསད་ཁྲག་སྦྱོར་དང་རྒྱ་རོའི་རྒྱུག་ཁྱི་ཡང་དག་བྱེད་མཁས་ཞིག་ཏེ་རིགས་གཉིས་ཡོད་པ་རེད་འདུག།

  4. བོད་ཁམས་སྡེ་ says:
    2014-03-07 at 4:08 pm

    བོད་མི་རིགས་ནང་ཁུལ་མཐུན་སྒྲིལ་གྱི་ཆེད་དུ་རྩོམ་ཡིག་རེ་འབྲི་ཐུབ་ན་དེ་ནི་དངོས་གནས་གསེར་ལས་ཀྱང་རིན་ཐང་ཆེ་བ་མཐོང་ དེ་མིན་ཕྱོགས་ཅིག་ནས་གཅིག་པོར་ཞིག་བཤད་སྡོད་ན་དེ་ནི་ཕན་ཐོགས་པ་ལས་གནོད་ཆེ་བར་སྣང་། གསེར་ཞེས་པ་དེ་ནི་ནམ་ཡང་གསེར་རེད་དེ་ལ་མི་ཞིག་གིས་འདི་རག་རེད་ལབ་ན་རག་མདོག་སུ་འགྱུར་འགྲོ་བ་ཞིག་དང་ ་ཟངས་རེད་ལབ་ན་ཟངས་མདོག་སུ་འགྱུར་མཆོག་མཆོག་གཅིག་ག་ན་ཡོད་ དཔེ་དེ་བཞིན་༧ གོང་ས་མཆོག་ནི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམས་སྤྲུལ་མི་ཡི་ཤ་ཚུགས་སུ་བྱོན་པ་ཡིན་པས་དེ་ལ་མི་རེ་ཟུང་ཞིག་གིས་མཚན་སྨོད་བྱས་ན་ནུས་པ་ཆུང་དུ་འགྲོ་བ་དང་ཡང་མགའ་ཤས་ཀྱིས་དད་པ་ཆེ་རབས་བཤད་ན་མཐུ་དང་ནུས་པ་ཆེ་རུ་འགྲོ་རྒྱུ་དེ་བས་ཡོད་མི་སྲིད་།

  5. བསྟན་འཛིན་རིགས་ལྡན་ says:
    2014-03-07 at 5:14 pm

    ཨ་ཁ། བསྟན་དང་འགྲོ་བར་གནོད་བྱེད་ན། ཞེས་དངོས་གནས་བདེན་པ་ཡིན་པ་གོང་རྩོམ་དེ་ཁུངས་ལྡན་གྱིས་གྲུབ་པ་ཡིན་སྙམ།།ཀྱེ་མ།།།།།

  6. བློ་བཟང says:
    2014-03-07 at 6:01 pm

    ཚིག་རྣོ་ཞིང་རང་བཞིན་གསལ་པོར་སྟོན་པའི་འོག་གི་རིན་པོ་ཆེའི་གསུངས་དེ་ལ་གོ་རྒྱུ་འདུག་

    དོལ་རྒོལ་གྱི་ལས་གཞི་འདི་ནི་གནས་ཚུལ་སྤྱིར་བཏང་ཞིག་གཏན་ནས་མིན། དེའི་ནང་གསང་བ་ཡོད་ལ། དེའི་ནང་ལྐོག་བྱུས་ཡོད། དེའི་ནང་ལྐོག་རྔན་ཡོད་ལ། དེའི་ནང་སྲིད་དོན་ཡོད། དེའི་ནང་ཧམ་སེམས་ཡོད་ལ། དེའི་ནང་ཁྲག་དོག་དང་འགྲན་སེམས་ཡང་ཡོད།

    རེད་ཡ། དོལ་ཚོགས་ཀྱིས་རི་བོ་དགེ་ལུགས་པ་དེ་ཆོས་བརྒྱུད་གཞན་ལས་ཀྱང་ལྷག་པ་ཅིག་ཇི་ལྟར་བཟོ་སྙམ་པའི་འགྲན་སེམས། ཆོས་བརྒྱུད་གཞན་ཚོར་ལོངས་སྤྱོད་ཅི་ཙམ་ཆེ་བ་ལ་སྙམ་པའི་ཁྲག་དོག དེ་དག་གི་རྒྱུ་ནོར་རང་ལ་བྱུང་ན་ཅི་མ་རུང་སྙམ་པའི་ཧམ་སེམས། དེའི་ཕྱིར་དུ་གསོད་རྐུ་དཀྲུག་སོགས་གང་བྱས་དགོས་ཀྱང་བྱའོ་སྙམ་པའི་སྲིད་དོན། ༧གོང་ས་མཆོག་ལ་མཚན་ཤས་དང་བོད་མིའི་ཆིག་སྒྲིལ་འཐོར་ན་དགའ་མཁན་གྱི་འཛམ་གླིང་ནང་གི་ཆབ་སྲིད་ཚོགས་པ་ཆེ་ཤོས་དེའི་ས་ནས་རོགས་རམ་ལེན་པ། རོགས་རམ་དེ་བླངས་རྗེས་བདུད་ཀྱིས་རྒྱུད་བརླམས་པའི་གྲོས་ངན་བརྗོད་མི་བདེ་ཅིང་བསམ་མི་ཕོད་པ་གཅིག་མཇུག་གཉིས་འཐུད་ཀྱིས་སྤེལ་བཞིན་པའི་དོལ་རྒྱལ་དང་དོལ་ཕྲུག་དེ་ཚོ་ནི་དངོས་གནས་སྤྱིར་བཏང་ཞིག་ཁྱོན་ནས་མ་རེད།

    དོལ་རྒྱལ་གྱི་གནས་ཚུལ་དེ་སྤྱིར་བཏང་ཞིག་མིན་པས་དོལ་རྒོལ་གྱི་ལས་གཞི་དེའང་རང་ཤུགས་ཀྱིས་སྤྱིར་བཏང་མ་ཡིན་པ་ཞིག་ཏུ་གྱུར་ཡོད། དེའང་དེང་གི་དུས་འདིར་བོད་མི་མང་པོ་ཞིག་གིས་དོལ་རྒོལ་གྱི་ལས་གཞི་འདི་སྤྱིར་བཏང་ཞིག་ཏུ་བལྟ་གི་ཡོད་པ་ནི་ཤེས་རྟོགས་དམའ་བས་ལན་པ་རང་ཡིན། ༧གོང་ས་མཆོག་ནི་ང་ཚོ་བོད་ཀྱི་བླ་སྲོག་ཡིན་ལ་སྲོག་མེད་ན་གསོན་མི་ཐུབ་ཅིང་བླ་མེད་ན་གསོན་ཀྱང་རོ་ཡིན་པས་༧གོང་ས་མཆོག་གི་སྐུ་ལ་བདོ་ཞིང་མཚན་ལ་དམོད་པ། ༧གོང་ས་མཆོག་ལ་མདུན་ནས་ངོ་རྒོལ་དང་རྒྱབ་ནས་སྐུར་འདེབས་ཚད་དང་མཚམས་མེད་པ་བྱས་མཁན་དེ་ཚོ་ལ་སྣང་མེད་དང་ཡ་མེད་བྱས་པ་དང་། ད་དུང་ཁོང་ཚོར་ཁག་མེད་མདོག་གིས་སྙིང་རྗེ་ཆེ་མདོག་བྱས་མཁན་དེ་དག་ནི་དོལ་ཕྲུག་དང་ཁྱད་པར་སྤུ་ཙམ་ཡང་མེད། དེ་དག་གིས་ད་བར་ ་་་༧གོང་ས་མཆོག་་་ ༧གོང་ས་མཆོག་་་ ཟེར་བ་དེ་མགྲིན་པ་ཡན་ཆད་ཙམ་དང་། ལྟོ་བགྲང་ཉི་མ་དྲོད་ཚེ་ཀྱི་ཆོས་པའི་གཟུགས་ཡིན་པ་བདེན་དཔང་གསལ་བ་རེད། ང་ནི་སྐབས་རེ་དོལ་ཕྲུག་དེ་ཚོ་ལས་དོལ་ཕྲུག་རྒྱབ་སྐྱོར་བ་དེ་ཚོར་མང་བ་ཁྲོ།

    དོལ་ཕྲུག་དེ་ཚོས་ད་བར་དྲྭ་རྒྱ་དང་། དྲྭ་འཕྲིན། དྲྭ་ཟིན། དེ་བཞིན་དྲྭ་བརྙན་འདྲ་མིན་དང་ངོ་དེབ་སོགས་སུ་༧གོང་ས་མཆོག་ལ་སྡིགས་དམོད་བྱས་པ་དང་། རང་དབང་རྒྱལ་ཁབ་ཀྱི་སྲང་ལམ་ཁག་ཏུ་སྐད་ཤུགས་ཆེན་པོས་ངོ་རྒོལ་ཤུགས་དྲག་བྱས་པ་དེ་ཚོ་ནི་བཟོད་བླགས་མེད་པ་ཞིག་རེད་ལ། བཟོད་བླགས་མེད་དགོས་ཀྱིའང་རེད། བཟོད་བླགས་མེད་མི་ཐུབ་ན་ཟ་འདྲེ་རེད། རྒྱ་སྒོར་གྱིས་ཚོས། དཀོར་གནག་གིས་ཚོས། ལེ་ལོ་ཡིས་ཚོས། སྐྱིད་ནད་ཀྱིས་ཚོས་ཡོང་བའི་རྟགས་རེད།། །།

  7. བློ་བཟང says:
    2014-03-07 at 6:04 pm

    གོང་གི་ཟིན་བྲིས་དེ་ངོས་ནས་བྲིས་པ་མིན་རུང་། དེར་མོས་མཐུན་ཡོད་པས་བཀོད།

  8. བོད་ཁམས་སྡེ་ says:
    2014-03-07 at 7:53 pm

    རེད་ཡ་ད་གང་ལྟར་རྒྱ་སྒོར་གྱིས་ཚོས་ཀྱི་ཡོད་ན་འདྲ་ ཨ་སྒོར་དང་ཡོ་སྒོར་དཀོར་ནག་གིས་ཚོས་ཀྱི་ཡོད་ན་འདྲ་ ལུས་ལ་ན་བཟའ་དམར་པོ་རེ་གྱོན་རྒྱུད་ལ་ཆགས་སྡང་རྨོངས་གསུམ་གྱིས་ཚོས་བཞིན་པའི་ཆོས་པའི་གཟུགས་བརྙན་ཅན་མགའ་རེས་དགོས་རྒྱུས་གཞུང་ཆེན་བཀའ་པོད་ལྔ་ལ་སློབས་གཉེར་མ་འཇོན་ མི་དགོས་རྒྱུ་ཆབ་སྲིད་སྒོང་ལ་ལག་པ་མཆོང་ཁུལ་གྱིས་རྒྱལ་བ་རིན་པོ་ཆེ་ཁ་ལ་ཁྱེར་ནས་དོལ་རྒྱལ་ཚོགས་པ་ལ་གདོང་ལེན་དགོས་རབས་སྒྲགས་ནས་དོན་དངོས་སུ་མི་ཚེ་གང་པོར་དགོན་པ་དང་གྲྭ་ཚང་ལ་བློ་སེམས་དཀར་བའི་བླ་རྒན་མགོ་དཀར་མགའ་རེ་ལ་ཐུབ་ཚོད་གཏོང་བཞི་པ་དང་ དེ་མིན་དོལ་རྒྱལ་ཚོགས་པའི་མགོ་གཙོ་གངས་ཅན་བླ་མ་དང་དོལ་ཕྲུག་ཚོ་དང་དངོས་སུ་གདོང་དང་གདོང་ཐུག་ནས་བསྐད་ཆ་རེ་བཤད་ཐུབས་ཀྱི་ཡོད་ན་ད་དངོས་གནས་ཡག་པོ་རེད་

  9. དོན་འགྲུབ་བཀྲ་ཤིས། says:
    2014-03-08 at 1:01 am

    ཕྱག གཉིས པ ལགས།་དོལ་རྒྱལ བ ཚོར་དོལ་རྒྱལ་བསྟེན་དུ་ང་ཚོས་འཇུག་དགོས་ིན་སྐད་ཆ་གང་ཡང་ལྷག་མེད།་ཁོ་ཚོས་བསྟེན་བཞིན་པ་རེད། ང་ཚོས་བཟོད་མི་ཐུབ་པ་ནི་ཁོ་ཚོས་བོད་ཀྱི་དགྲ་བོ་གུང་ཁྲན་དང་ལག་སྦྲེལ་ནས་༧གོང་ས་མཆོག་དང་བོད་གཞུང་ལ་སྐུར་བ་ཚད་མེད་བཏབ་སྟེ་སྣང་བ་གང་དྲན་བྱེད་བཞིན་པ་དེ་རེད། ཁོ་ཚོས་༧གོང་ས་མཆོག་ལ་སྣང་བ་གང་དྲན་བཤད་པ་དང་། གཞི་མེད་ཀྱིས་སྐྱོན་བརྗོད་སྨྱོ་བ་ལྟར་བྱེད་པ་དེ་ཇི་ལྟར་འགོག་དགོས་པ་དེ་ཡིན།་

  10. ཀརྡོ་གཉེར་ཕྱག་པ་ says:
    2014-03-08 at 5:18 am

    ་་་་་ ཁོ་ཚོས་བོད་ཀྱི་དགྲ་བོ་གུང་ཁྲན་དང་ལག་སྦྲེལ་ནས་༧གོང་ས་མཆོག་དང་བོད་གཞུང་ལ་སྐུར་བ་ཚད་མེད་བཏབ་སྟེ་སྣང་བ་གང་དྲན་བྱེད་བཞིན་པ་དེ་རེད། ་་་་་་
    ཞེས་པ་ལ།
    ངས་དོན་ཚན་གསུམ་པོ་དེ་༼༡༽དང་པོ་ཕན་ཚུན་གཉིས་ལ། ལུས་ཀྱི་གནོད་འཚེ་མི་འབྱུང་བའི་ཕྱིར་དུ་རེད།

    ༼༢༽གཉིས་པ་འདི་ནི། ངག་གི་ཚིག་རྩུབ་ལ་ཐུག་དུས། ང་ཚོས་ཡིད་ཀྱིས་བཟོད་སེམས་དང་། དྲང་པོས་ལམ་ནས་དགག་ལན་རྩ་ནན་བྱ་རྒྱུ་དེ་རེད།

    ༼༣༽གསུམ་པ་དེ་ནི། ང་ཚོ་ངོས་ནས། དོལ་རྒྱལ་ལྷ་འདྲེ་དེ་དང་། དེའི་རྗེས་འཇུག་པ་རྣམས་ལ། དོགས་པ་རྣམ་རྟོག་ཆེ་མ་དྲག་པ་དང་། ཀུན་སློང་བཟང་པོས། ཁོ་ཚོ་ལ་ལེགས་ཉེས་གསལ་བཤད་བྱས་དང་། བྱེད་བཞིན་པ་ལྟར། ཁོ་ཚོའི་བློ་ཁ་བཟང་ཕྱོགས་སུ་བསྒྱུར་བ་བྱ་རྒྱུ་ལས། ཐབས་གཞན་ཡོད་མ་རེད་སྙམ་ལགས།

  11. ཀརྡོ་གཉེར་ཕྱག་པ་ says:
    2014-03-09 at 10:50 pm

    སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ། །
    འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །
    བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པར། །
    མཆོག་གསུམ་བདེན་པའི་རྩད་ནས་གཅོད་གྱུར་ཅིག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme