Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་བཞིན་བརྗོད་པའི་རྟོགས་བརྗོད་པདྨ་དཀར་པོ།

Posted on 2014-11-052014-11-05 By ཁ་བརྡ་ 2 Comments on རང་བཞིན་བརྗོད་པའི་རྟོགས་བརྗོད་པདྨ་དཀར་པོ།

འཇམ་གཅེས།

རྒྱལ་ཀུན་སྙིང་རྗེའི་རང་གཟུགས་པད་དཀར་འཆང་།།
གསུམ་ལྡན་ངུར་སྨིག་འཛིན་པའི་རྣམ་རོལ་ཏེ། །
བསྟན་འཛིན་རྒྱལ་མཚོའི་སྲས་ཀྱི་མཆོག་གྱུར་བ། །
ཟམ་གདོང་བློ་བཟང་བསྟན་འཛིན་གུས་པའི་འདུད། །

འཆད་པའི་ཚེ་ན་ཀླུ་ཐོག་དབྱིགས་གཉེན་དང་། །
རྩོད་པའི་ཚེ་ན་ཟླ་གྲགས་ཕྱོགས་ཀྱི་གླང་། །
རྩོམ་པའི་ཚེ་ན་སློབ་དཔོན་དཔའ་བོ་སོགས། །
འགྲན་མཛད་ཁྱེད་ཀྱི་རྟོགས་བརྗོད་བདག་གིས་འབྲི། །

ཁྱེད་ཀྱིས་ཕྱི་ནང་རིག་པའི་གཞུང་ལུགས་ཀུན། །
སྤྱན་གཤེར་ཙམ་གྱི་ཐུགས་ལ་མངའ་ཚུལ་ནི། །
ས་ལ་གནས་པའི་སྐྱེས་བུའི་རང་རྟགས་ལས། །
ཚུར་རོལ་མཐོང་བའི་རྟོག་བློའི་ཡུལ་ལས་འདས། །

ལེགས་ཚོགས་ཀུན་གྱི་རྩ་བ་དགེ་བའི་བཤེས། །
མཉེས་པ་གསུམ་གྱི་ལམ་ནས་བསྟེན་དགོས་ཞེས། །
མདོ་རྒྱུད་ཀུན་ལས་ཡང་ཡང་གསལ་བའི་དོན། །
ཆ་ཤས་ཙམ་ལའང་སྲོག་ལས་གཅེས་པར་མཛད། །

གནས་མལ་འཚོ་གོས་ངན་ངོན་ལ་བརྟེན་ནས། །
རྟག་ཏུ་ངུ་ཡིས་ཆོས་འཕགས་བསྟེན་པ་ལྟར། །
རྣམ་ཐར་ཟབ་མོ་སྐྱོང་བའི་སྙིང་སྟོབས་དང་། །
འདོད་ཆུང་ཆོག་ཤེས་ཉམས་ལེན་ཨེ་མ་རྨད། །

ཁྱད་པར་འཕགས་མཆོག་གངས་ཅན་མགོན་པོ་ཡི། །
རང་རིགས་བདེ་སྡུག་ཕྲག་ཏུ་བཞེས་པའི་དུས། །
ངོ་ལྐོག་རྒྱབ་མདུན་ཁ་ཁོག་དབྱེར་མེད་ངང་། །
ལྷག་བསམ་བ་དན་དཀར་པོ་མཁའ་རུ་བསྒྲེངས། །

སྙིགས་ལྔའི་རྒུད་ཚོགས་རྒྱ་མཚོའི་རླབས་རིས་བཞིན། །
རྒྱུན་མི་ཆད་པའི་དུས་ཀྱི་ཁུག་སོ་རུ། །
རང་རིགས་ས་སྟེང་ཆགས་འཇིགས་ཉེ་དུས་སུ། །
རང་དོན་དོར་ནས་གཞན་དོན་འབའ་ཞིག་བརྩོན། །

བཟོད་པ་དཀའ་བའི་མྱ་ངམ་ཐང་ཆེན་རུ། །
ལྷུང་བའི་ཤ་རུས་གཅིག་པའི་གདོང་དམར་བ། །
སྐྱོབ་ཕྱིར་བརྩོན་འགྲུས་རྟ་ཕོ་ལ་ཞོན་སྟེ། །
ལུགས་གཉིས་བདེ་སྐྱིད་སྣང་བའི་དཔལ་ཡོན་སྩལ། །

བགྲང་བྱ་དུ་མའི་རིང་དུ་བཙན་བྱོལ་བའི། །
མགོན་མེད་སློབ་བུ་འཁྲི་ཕྲག་མང་པོ་ལ། །
རྨོངས་མུན་སེལ་ཕྱིར་ཕྱི་ནང་རིག་གནས་ཀྱི། །
ཤེས་རིག་སྒྲོན་མེའི་མེ་ལྕེ་ཁྱེད་ཀྱིས་སྦར། །

གྲོས་ཚོགས་བཅའ་ཁྲིམས་དག་ཐེར་གནང་དང་ལྷན། །
གཡོ་སྒྱུའི་ལས་སུ་གོམས་པའི་སྐྱེ་བོ་དག །
རེ་རེ་བཞིན་དུ་ནག་ཉེས་ཐེར་འདོན་གནང་། །
གཟུར་གནས་ཀུན་གྱིས་བསྟོད་པའི་མེ་ཏོག་འཐོར། །

རིགས་ཀྱི་ཚེ་སྲོག་བརྡ་སྤྲོད་ཕྱི་མོའི་གཞུང་། །
ཡབ་མེས་ཚེ་སྲོག་བྱིན་ནས་ཉོས་པ་ཀུན། །
བྱུང་རབས་ལོ་རྒྱུས་ཙམ་དུ་འགྱུར་ཉེ་དུས།།
འགྲོ་བའི་མིག་ཟུང་ཤེས་ཡོན་སྲིད་ཇུས་སྤེལ། །

དཀའ་ཚེགས་ཅན་གྱི་རྒྱ་བོད་མཐུན་སྒྲིལ་ཕྱིར། །
སྔ་ཕྱིར་འབྲེལ་མོ་བཅུ་ཕྲག་མཐུད་དང་ལྷན། །
རྣམ་དཔྱོད་གཞུ་མོ་ཐབས་ཀྱི་དཔུང་པས་བཀུག །
བདེན་པའི་མདའ་མོ་དགྲ་བོོའི་སྙིང་དུ་བསྣུན། །

ཆོས་ཁྲིར་བཞུགས་ནས་དམ་ཆོས་འཆད་པའི་ཚེ། །
སྨྲ་བའི་དབང་ཕྱུག་མགྲིན་པར་འཕོས་དང་མཚུངས། །
སྲིད་ཁྲིར་བཞུགས་ནས་སྲིད་དོན་སྤེལ་བའི་ཚེ། །
སྲོང་བཙན་སྒམ་པོ་བསླར་ཡང་ཕེབས་དང་མཚུངས། །

མདོར་ན་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནི། །
ས་ལ་གནས་པའི་སེམས་དཔའི་གཞལ་དཀའ་ན། །
བདག་འདྲའི་འདི་ཡིན་ཚད་ཐིག་མི་འོས་མོད། །
འཁྲུངས་སྐར་ཉིན་མོར་མཆོད་པའི་མེ་ཏོག་ཡིན། །

ཁྱེད་ཀྱི་མཁྱེན་རབ་ཕུལ་བྱུང་རྣམ་དཔྱོད་ལ། །
ཡིད་རབ་མི་འཕྲོག་གཟུར་གནས་ཡོད་མ་ཡིན། །
འོན་ཅང་ལིང་རྟོག་དྲི་མས་རབ་སྦག་པའི། །
མཁྲེེགས་འཛིན་མཁན་པོ་རེ་འགས་འོ་དོད་འབོད། །

ཧ་ཅང་གཞོན་ནུ་དུས་ནས་ད་ལྟའི་བར། །
སྤྱི་མཐུན་ངན་འབྲས་ཁུར་ཙ་ལྕི་མོ་ནི། །
ཁྱེད་ཀྱི་འཇིང་པའི་སྒང་ནས་མ་བྲལ་མོད། །
ད་དུང་དྲིན་དུ་མི་གོ་བླུན་པོ་སྐྱོ། །

བྱས་པ་ཅན་ལ་དྲིན་དུ་མ་གོ་ན། །
སྒོ་ཁའི་ཁྱི་རྒན་ལས་ཀྱང་སྡུག་པ་དང་། །
ལས་འབྲས་གཙུག་ཏུ་བཀུར་མཁན་མི་རིགས་ཀྱི། །
རིན་ཐང་ཆུ་ནང་གཡུག་དང་གཉིས་མེད་མཐོང་། །

དེའི་ཕྱིར་བརྡ་དག་སྡེབ་སྦྱོར་དབེན་ན་ཡང་། །
རང་བཞིན་བརྗོད་པའི་རྟོགས་བརྗོད་པད་དཀར་འདི། །
མི་ཕྱེད་དྭངས་བའི་ཡིད་ཀྱིས་རབ་བསྐུལ་ནས། །
ཁྱེད་ཀྱི་འཁྲུངས་སྐར་བསུ་བའི་མཆོད་རྫས་ཡིན། །

མདོར་ན་བསྟན་དང་འགྲོ་བའི་བྱེད་པོ་རུ། །
ཞབས་པད་རྡོ་རྗེའི་ཁམས་སུ་རབ་བརྟན་ནས། །
བླ་མ་སྤྱན་རས་གཟིགས་ཀྱི་ཕོ་ཉ་རུ། །
སྔར་བཞིན་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུ། །

ཅེས་པ་འདི་ནི་སྙིགས་ལྔའི་ངན་རྒུད་མ་ཚང་བ་མེད་པར་ཆར་རྗེས་ཤྭ་མོ་བཞིན་བརྡོལ་བའི་དུས་འདིར་བོད་བསྟན་སྲིད་མི་རིགས་སྤྱི་ལ་བཀའ་དྲིན་གཞལ་དཀའ་བའི་དེང་རབས་ཀྱི་པཎྜི་ཏ་ཆེན་པོ་བཀའ་དྲིན་གསུམ་ལྡན་གྱི་སློབ་དཔོན་སྟེ། དོན་གྱི་སླད་དུ་མཚན་ནས་སྨོས་ན་བདག་གི་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་གུས་བརྩི་མཚོན་བྱེད་དུ་ཡུལ་མདོ་ཁམས་འདན་ཡུལ་ཆོས་འཁོར་དགོན་གྱི་གྲྭ་མིང་པ་འཇམ་གཅེས་སམ་པིར་མིང་ལྷ་རྒོད་ཀྱིས་༢༠༡༤/༨/༣༠/ཉིན་འཕགས་ཡུལ་གསང་ཆེན་སྟོད་རྒྱུད་གྲྭ་ཚང་ནས་ཕུལ།། །།

སྙན་ངག

Post navigation

Previous Post: བཀའ་དྲིན་རྗེས་དྲན་གྱི་བསྟོད་དབྱངས།
Next Post: གཅིག་པ་ཉིད། (བོད་འབྱོར།)

Comments (2) on “རང་བཞིན་བརྗོད་པའི་རྟོགས་བརྗོད་པདྨ་དཀར་པོ།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-11-05 at 8:28 pm

    འཇམ་གཅེས་མཆོག་གི་སྡེབས་སྦྱོར་ལེགས་ཤིང་བརྗོད་བྱ་་བཟང་། འོན་ཀྱང་ཁོ་བའི་སྣང་ཚུལ་ལྟར་མཁས་པའི་བྲིས་དང་འགལ་བའི་ཕལ་ཚིག་ཤོར་བར་རྣམ་པར་དཔྱོད་དགོས་སོ།
    བསྟན་འཛིན་རྒྱལ་མཚོའི་སྲས་ཀྱི་མཆོག་གྱུར་བ། གྱུར་འདས་པར་ད་ཡང་མི་མངོན་པར་ཡོད་པས་་མིང་མཐའ་པ་དགོས་པ་མཁས་པས་གསུངས། ཟམ་གདོང་བློ་བཟང་བསྟན་འཛིན་གུས་པའི་འདུད། །གུས་པས་དགོས་ཀྱང་ཕལ་སྐད་ཤོར་བས་མ་དག་པ་བྱུང་། བཟོད་པ་དཀའ་བའི་མྱ་ངམ་ཐང་ཆེན་རུ། །བཟོད་པར་དཀའ་བའི་མྱ་ངམ་ཐང་ཆེན་དུ། །ཤེས་རིག་སྒྲོན་མེའི་མེ་ལྕེ་ཁྱེད་ཀྱིས་སྦར། །སྔ་རབས་པའི་སྐད་དུ། སྒྲོན་མེ་ལ་སྒྲོན་མ་ཟེར། མི་ཕྱེད་དྭངས་བའི་ཡིད་ཀྱིས་རབ་བསྐུལ་ནས། །མི་ཕྱེད་དྭངས་པའི་ཡིད་ཀྱིས་རབ་བསྐུལ་ནས། །ས་རྗེས་འཇུག་ལ་མིང་མཐའ་པ་དགོས།

  2. འཇམ་གཅེས། says:
    2014-11-05 at 9:27 pm

    ལགས་སོ་རྒན་ལ་དྭགས་པ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme