Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་བཙན་དང་ལམ་དབུ་མ།

Posted on 2016-03-172016-03-17 By ཁ་བརྡ 8 Comments on རང་བཙན་དང་ལམ་དབུ་མ།

གསལ་ལེ་རྒྱལ།

 
རང་བཙན་ནི་གསར་བུ་ནད་པ་ཞིག་ཡིན་ཞིང་ཁོའི་མིང་ལ་བཙན་ཐར་རྒྱལ་ཟེར། ལམ་དབུ་མ་ནི་ས་ཁང་སོ་མ་ཨ་མའི་མཆན་ཁུང་ནས་སྐྱེས་བའི་ཞི་མོ་ཆུང་ཆུང་ཞིག་ཡིན་ཞིང་མོའི་མིང་ལ་ཞི་བདེ་སྐྱིད་ཟེར།

ཞི་བདེ་སྐྱིད་ཀྱི་གཤིས་ཀ་ཧ་ཅང་འཇམ་པའི་ཚོད་དཔག་བྱེད་བཞིན་ཡོད་ལ། ཞི་མོ་དེ་འཕགས་མ་སྒྲོལ་མ་མིན་ན་ཡང་ཨ་མའི་མངལ་ལས་སྐྱེས་བའི་ཞི་མོ་གཞན་དག་དང་བསྡུར་ཐབས་བྲལ་བའི་ཞི་མོ་ཞིག་ཡིན་པ་མོའི་སྐྱེས་སྟངས་དེས་གསལ་བཤད་བྱས་ཡོད། མོ་ནི་ཞི་བདེ་དང་མཆམ་མཐུན་ལ་སྲོག་བཞིན་གཅེས་བའི་ཞི་མོ་རླབས་ཆེན་ཞིག་ཡིན་པའི་ཡིད་ཆེས་ཀྱང་ཡོད། དེ་ལ་ཡང་རྒྱུ་མཚན་མེད་པ་ག་ལ་ཡིན་ཏེ། བླ་མ་དང་མཁས་བ། ཚན་རིག་པ་དང་ཞིབ་འཇུག་པ་སོགས་མི་བོ་རླབས་ཆེན་གང་མང་གིས་བརྟག་ཐབས་སྣ་མང་གིས་ཐག་བཅད་པ་ཞིག་ཡིན། ཡིན་ཡང་མོ་ད་དུང་གོམ་པ་བདུན་ལ་ཡང་སྤོས་མ་མྱོང་།

” བུ་ངར་ན་ཡ་རབས་གཅིག་གིས་ཆོག་”ཅེས་བ་བཞིན། བཙན་ཐར་རྒྱལ་ནི་གསོན་ན་སྟག་ཡིན་ལ་ཤི་ན་རོ་ཡིན། དེ་ནི་ཚང་མའི་སྤྱི་མཐུན་གྱི་ལྟ་བའང་ཡིན། གསར་བུ་དེ་སྨན་པར་ཡུན་རིང་ལ་བརྟེན་ན་ད་དུང་གསོན་པའི་རེ་བ་བྱེད་མཁན་ཡོད་ལ། ཁོའི་ཚེ་སྲོག་གི་ཚབ་ཏུ་ཚེ་སྲོག་གཏོང་ཐུབ་མཁན་ཧ་ཅང་མང་བ་མ་ཟད། ཁོའི་ཚེ་སྲོག་གི་དོན་དུ་ཚེ་སྲོག་བཏང་ཟིན་པའང་མང་བོ་མང་བོ་ཡོད། གསར་བུ་ནད་པ་འདི་མི་ལ་ལའི་མེས་བོ་ཡིན་ལ་ལ་ལའི་ཕ་མ་ཡིན། ལ་ལའི་ཕུ་ནུ་ཡིན་ལ། ལ་ལའི་བུ་ཕྲུག་དང་ཚ་བོ་ཚ་མོ་ཡིན། ལོ་རྒྱུས་ལྡན་པའི་འབྲེལ་འདྲིས་འདིའི་དབང་གིས་སུས་ཀྱང་གསར་བུ་འདི་བློས་གཏོང་དཀའ་ནའང་མི་ལ་ལས་སྨན་པར་བརྟེན་ཡང་གསོན་རེ་མི་འདུག་ཅེས་མྱ་ངན་གྱི་མགོ་བོ་བསྒུར་ཟིན། ཡིན་ཡང་ཁོ་ད་དུང་གྲོངས་མེད།

མི་ལ་ལས་ཞི་བདེ་སྐྱིད་ནི་བཙན་ཐར་རྒྱལ་གྱི་མ་འདས་སྤྲུལ་སྐུ་ཡིན་པར་འདོད་ལ། ཡང་མི་ལ་ལས་དེ་གཉིས་ཁ་ཁ་སོ་སོ་རུ་འདོད།

ཁོང་གཉིས་ཀའི་གཤིས་ཀ་དང་སྤྱོད་པ་མི་གཅིག་ན་ཡང་། ཞི་མོ་ཆུང་ཆུང་འདིའི་རྗེས་འཇུག་བ་དང་གསར་བུ་ནད་པ་འདིའི་རྗེས་འཇུག་བ་ཚང་མ་མི་རིགས་གཅིག་ལ། མི་རིགས་འདིས་མི་རིགས་ཚང་མར་རང་གི་ཨ་མ་བཞིན་གཅེས་ཤིང་རང་གི་མི་རིགས་ལ་དེ་བས་ཀྱང་གཅེས་བར་མ་ཟད། མི་རིགས་འདི་མི་རིགས་ཀྱི་དོན་དུ་ཧ་ཅང་མཐུན་ཞིང་མི་རིགས་ཀྱི་དོན་དུ་ཚེ་སྲོག་མཉམ་པའི་མི་རིགས་ཤིག་ཡིན། ད་དུང་མི་རིགས་འདིའི་བྱིས་བ་རླབས་ཆེན་ཚང་མ་མེས་བོ་རླབས་ཆེན་ཚོའི་ཡང་སྲིད་ཡིན། ཁོ་ཚོ་མི་རིགས་ཀྱི་དོན་དུ་ཤི་ནས་མི་རིགས་ཀྱི་དོན་དུ་སྐྱེས་ཀྱིན་ཡོད། ཞི་མོ་ཆུང་ཆུང་འདི་བཙན་ཐར་རྒྱལ་གྱི་མ་འདས་སྤྲུལ་སྐུ་རེད་ཟེར་དོན་ཡང་དེ་རེད།

ལྟ་བའི་ཆ་ནས་གསར་བུ་འདིའི་རྗེས་འཇུག་བ་རྣམས་མེ་མདའ་དང་དྲག་ཤུགས་ལ་རེ་སྟེ་གོ་སྐབས་འཚོལ་དགོས་ཟེར་མཁན་དག་ཡིན་ལ། ཞི་མོ་འདིའི་རྗེས་འཇུག་བ་རྣམས་”འགྲོ་ལ་ཕན་ཕྱིར་”བཏོན་ཏེ་ཞི་བའི་གྲོས་མོལ་ལ་བསྒུག་དགོས་ཟེར་མཁན་དག་ཡིན། ཞི་དྲག་གི་ལྟ་བ་གཉིས་སྦྱོར་བ་དངོས་ཀྱི་སྟེང་ནས་མཉམ་གནས་བྱེད་མི་ཐུབ་པ་ཆོས་ཉིད་ཡིན་ལ། མི་འདི་གཉིས་ཁ་ཁ་སོ་སོ་རེད་ཟེར་དོན་ཡང་དེ་རེད།

གང་ལྟར་མི་འདི་གཉིས་ཀ་བརྩེ་བ་རི་རབ་ལས་མཐོ་ཞིང་དུང་བ་རྒྱ་མཚོ་ལས་ཟབ་པའི་མི་རིགས་ཤིག་གི་ཤ་ཆད་པའི་བུ་ཕྲུག་ཡིན་ལ། བཟང་ན་ངན་ན་མི་རིགས་འདིའི་ཤུལ་ན་ལྷག་པའི་ཤུལ་འཛིན་ཡོད་ན་མེད་ན་དེ་གཉིས་ཀྱང་ཡིན། ཁོ་གཉིས་ཡོད་ན་ཡོད་མཉམ་དང་རྒྱུག་ན་མཉམ་རྒྱུག་བྱ་མི་སྲིད་པ་མིན་མོད། ང་ཚོ་ཧ་ཅང་སྐྲག་ས་དེ་མི་རིགས་འདིའི་སྨོན་ལམ་གྱི་ནུས་བ་དང་ཁ་ཕྱོགས་འཐོར་ཨེ་འགྲོ་བསམ་པ་དེ་ཡིན། ང་ཚོ་སྨོན་ལམ་གྱིས་སྐྱབས་ཏེ་སྨོན་ལམ་གྱིས་སྐྱོང་བའི་མི་རིགས་ཤིག་ཡིན།

16/03/2016 ལ་ཕ་རེ་སི་ནས།

རྩོམ་རིག

Post navigation

Previous Post: གཏམ་འཆར་ལ་གཏམ་ལན།
Next Post: ཆུ་ཆེན་རབ་བརྟན་རྒྱལ་པོའི་སྐོར།

Comments (8) on “རང་བཙན་དང་ལམ་དབུ་མ།”

  1. ཅོ་རི་ཉི་མ། says:
    2016-03-17 at 1:17 pm

    ཞི་མོ་ཁོང་ནི་བོད་པ་མ་རེད་ཟེར། ཞི་མོའི་ཨ་ཕ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་རེད་ཟེར། ཨ་མ་ནི་ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་རེད་ཟེར། ཞི་མོ་ཁོང་ཆུང་དུས་བོད་ཀྱི་དགོན་མཐའ་ཞིག་ན་གཡུགས་འདུག་ཟེར་ནས་བྱམས་སྙིང་རྗེ་ཅན་གྱི་བླ་མ་གྲྭ་པ་ཚོས་གསོ་པ་རེད་ཟེར། ཞི་མོ་ཁོང་མོ་ལོ་བཞི་བཅུ་ལ་ལོན་ཀྱང་གཉེན་སྒྲིག་བྱས་མཁན་ཞིག་མ་བྱུང་།

    རྒྱའི་ཕོ་གསར་ཚོས་ཞི་མོ་ཁོང་བོད་རེད་ཟེར། བོད་ཆེན་པོ་རེད་ཟེར། བོད་ཀྱི་ཕོ་གསར་ཚོས་ཞི་མོ་ཁོང་རྒྱ་རེད་ཟེར། རྒྱ་མོ་འཁྱམ་པོ་ཞིག་རེད་ཟེར་ནས་སུས་ཀྱང་གཉེན་སྒྲིག་བྱེད་ཀྱི་མེད། ད་་་་ཞི་མོ་ཁོང་ལ་མདུན་ལམ་གཅིག་ཁོ་ན་ཡོད་པ་ནི་བཙུན་མའི་དགོན་པའི་ནང་དུ་ཨ་ནེ་བྱེད་མཁན་འགྲོ་གྱི་དེ་རེད་དོ།

  2. ཇུང་ཏོག་ says:
    2016-03-17 at 11:01 pm

    སྨོན་ལམ་ལ་སྐྱབས་བཅོལ་ནས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབས་ནམ་ཡང་མི་ཐུབ་རྒྱལ་ཁབ་ཀྱི་བདག་དབང་སྲུང་དགོས་ན་འཆར་གཞི་ལྡན་པའི་ཐོག་ནས་ལག་ལེན་གནད་དུ་སྨིན་པ་ཞིག་བྱེན་དགོས་དེ་མི་མི་ལོ་ལྔ་བཅུ་ང་ལྔ་ལྷག་ཙམ་རིང་རང་བཙན་དང་དབུ་མའི་ཁ་སྒྲུང་བཤད་ནས་མི་ཡུལ་དུ་དུས་ཚོད་བསྐྱལ་བ་རེད་ད་དུང་ལག་ལེན་དང་འཆར་གཞི་མེད་པར་རང་བཙན་དང་དབུ་མའི་ཁ་སྒྲུང་སྙན་པོ་བཤད་ནས་མི་ལོ་བཅུ་ཕྲག་ལྔ་མི་ཡུལ་དུ་རྫོགས་འཇུག་འདོད་མ་རེད་དམ་།

  3. ཕོ་རྒོད says:
    2016-03-18 at 2:55 am

    གལ་སྲིད་བློ་བཟང་སེང་གེ་རང་འཇགས་ཐོབ་པའི་དབང་དུ་བཏང་ནའང་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་ཆགས་ཡོད། དཀའ་ངལ་གྱི་དང་པོ་ནི་བཀའ་བློན་འདེམས་བསྐོ་བྱེད་རྒྱུ་དེ་རེད། དཔལ་འབྱོར་བཀའ་བློན་དང་བདེ་སྲུང་བཀའ་བློན་སོགས་སྒོ་ང་ནང་གི་སེར་རིལ་ལྟ་བུའི་བཀའ་བློན་ཚོ་ལས་ཡུན་འཁྱོལ་འགྲོ་བཞིན་ཡོད་པ་དང་། ནང་སྲིད་བཀའ་བློན་དང་། ཤེས་རིག་བཀའ་བློན། འཕྲོད་བསྟེན་བཀའ་བློན་གསུམ་བཙན་བྱོལ་བོད་མིའི་འོས་བསྡུ་ལས་ཁང་གི་སྒྲིག་གཞིའི་རྒྱ་ལས་བརྒལ་ཏེ་སྲིད་སྐྱོང་ལ་མངོན་མངོན་རྗེན་རྗེན་དུ་རྒྱབ་སྐྱོར་བྱས་ཡོད་པ་ནི་རྨ་ཁ་ཞིག་ཡིན་ལ། རྨ་ཁ་དེ་ནི་ཚོགས་གཙོ་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་དང་། ལྷག་པར་སྐབས་བཅུ་དྲུག་པའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གི་སེམས་ཀྱི་སྐྲན་རྡོ་ལྟ་བུར་གྱུར་ཡོད་པས་ཁོང་རྣམས་བཀའ་བློན་གྱི་འོས་མིར་ཐོན་པ་ཡིན་ན་དགག་པ་ལ་ཐེ་ཚོམ་མེད་པ་ཞིག་རེད།

  4. ཇུང་ཏོག་ says:
    2016-03-18 at 10:37 am

    ཕོ་རྒོད་ཀྱི་སྐད་ཆ་རང་རེད་སྔོན་མ་བློ་སེང་ནས་བཀའ་བློན་མིང་སྟོན་སྐབས་སྤྱི་འཐུས་ཚོའི་བགྲོ་གླེང་མ་གནང་བར་བཏང་བ་རེད་ད་ཟབ་ཟབ་མ་བྱས་ན་གཟའ་ཉི་མ་ལ་རྩ་དགོང་ཞུ་མཁན་གྱི་བཀའ་བློན་དེ་འདྲ་སླེབས་ཚེ་ལས་ཁུང་གི་འགྲོ་སྟངས་མི་ཤེས་མཁན་གྱི་བཀའ་བློན་དེ་སླེབས་ཚེ་བོད་མི་མང་འཛམ་གླིང་མདུན་ངོ་ཚ་དགོས་པ་ཆགས་ཀྱི་མ་རེད་དམ་།

  5. ཀརྡོ་གཉེར་ཕྱག་པ་ says:
    2016-03-18 at 12:08 pm

    གཟའ་ཉི་མ། དགུང་སེང་སྐབས། སྲིད་སྐྱོང་གི་གཟིམ་ཤག ད་དུང་ད་དུང་་་་་ཨེ། ཧཧ།། །།སྐུ་རྩེད་ཡིན་ནོ།།

  6. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    2016-03-18 at 1:07 pm

    དྲ་གྲོགས་ཕོ་རྒོད་ལ་ཞུ་དོན། བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ཀྱིས་འོས་བསྡུའི་བགྲོ་གླེང་ལ་ཆ་ཤས་ལེན་ཕྱིར་བཀའ་བློན་ལས་དགོངས་པ་ཞུས་ལུགས་བཤད་པ་དེས་འོས་བསྡུའི་སྒྲིག་གཞི་ལ་རྒྱུས་མེད་མཁན་མི་མང་པོ་ཞིག་གི་སེམས་སུ་འོས་སྡུའི་སྒྲིག་གཞིའི་ནང་དུ་བཀའ་བློན་ལས་ཐོག་གིས་ཞིག་གིས་འོས་བསྡུའི་ནང་དུ་དགོངས་ཚུལ་གསུང་ཆོག་གི་མེད་པ་འདྲ་བསམ་ཡོད་ཚོད་འདུག
    དེ་འདྲ་གང་ཡང་མ་རེད། འོས་བསྡུའི་སྒྲིག་གཞིའི་ནང་དུ་དེ་འདྲ་གང་ཡང་མེད། དེ་འདྲ་ཡོང་ལུགས་ཀྱང་མེད།
    ཡང་མི་འགའ་ཞིག་གིས་ཉེ་ཆར་འོས་སྡུ་ལས་ཁང་གིས་སྲི་ཞུ་བ་དག་གིས་འོས་སྡུའི་ནང་དུ་བཅར་འདྲི་སོགས་དང་ལེན་བྱེད་མི་ཆོག་པའི་བཀོད་ཁྱབ་དེ་ལུང་དྲངས་ཡོང་གི་འདུག འདི་ཡང་མ་ཤེས་པའི་རྟགས་རེད། རྒྱུ་མཚན་ནི་བཀོད་ཁྱབ་དེའི་ནང་དུ་སྲི་ཞུ་ཞེས་པའི་ནང་བཀའ་བློན་དང་སྤྱི་འཐུས་ཚོ་ཚུད་ཀྱི་མེད་པ་མ་ཤེས་པ་རེད། དེ་ནི་བཀའ་བློན་དང་སྤྱི་འཐུས་རྣམས་གཞུང་གི་སྲི་ཞུ་བ་མ་ཡིན་པས་རེད།
    དེས་ན་བདེ་སྐྱིད་ཆོས་དབྱངས་ཀྱིས་དགོངས་པ་ཞུས་པ་དེ་ལ་ད་བར་དུ་གང་ཡང་ཞུ་ཚོད་མ་ཐིགས་མོད་ད་ནི་ཚེས་༡༨་ཡོལ་ཟིན་པས་ཡག་པ་ཞིག་མིན་པ་གསལ་སོང་།

  7. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    2016-03-18 at 1:11 pm

    ཞི་མོ་དེ་ལ་གཟུགས་མི་འདུག་ཅེས་ཟེར་བ་མ་ཟད། འགའ་ཞིག་གིས་གྲིབ་མ་ཡང་མི་འདུག་ཟེར། འགའ་རེས་དེ་ཡེ་ཤེས་ཀྱི་གཟུགས་ཡིན་པར་བཤད་ཀྱིན་འདུག འགའ་ཞིག་གིས་བདུད་ཀྱི་ཆོ་འཕྲུལ་རེད་ཀྱང་ཟེར་། མདོར་ན་ཞི་མོ་དེ་ཞིབ་པར་མཐོང་མྱོང་མཁན་ཡང་ཡོད་མ་རེད་ཟེར།

  8. ཉི་མའི་བུ་རྒྱུད་ says:
    2016-03-19 at 4:05 am

    མོ་རྩོག་མ་དེ་རྒྱ་མ་བོད་ཞིག་རེད། ད་དུང་སྒེར་དོན་ཐོག་བབ་དུས་ཁོག་ནག་མ་ཞིག་ཀྱང་རེད་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme