Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།

Posted on 2024-08-02 By ཁ་བརྡ་ No Comments on རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

 བོད་ནི་སྤྱི་ལོའི་སྔོན་གྱི་ལོ་ ༡༢༧ ནས་སྤྱི་ལོ་ ༡༩༥༩ བར་ཤར་གླིང་ཨེ་ཤ་ཡའི་ནང་རྒྱ་དཀར་ནག་གཉིས་ཀྱི་བར་དུ་གནས་པའི་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་དང་། དུས་རབས་བདུན་པའི་ནང་བོད་ཀྱི་སྟོབས་ཤུགས་ནི་འཛམ་གླིང་གསུམ་ཆ་གཉིས་ལ་དབང་བསྒྱུར་བའི་ལོ་རྒྱུས་ཕྱི་ནང་གི་ཡིག་ཆ་མང་པོའི་ནང་གསལ་ཡོད་པ་དང་། སྤྱི་ལོ་ ༡༩༤༩ ཙམ་ནས་བོད་ཤར་ཕྱོགས་མདོ་ཁམས་གཉིས་ཀྱི་ས་ཐོག་ཏུ་རྒྱ་མིའི་དྲག་པོའི་བཙན་འཛུལ་གྱིས་མཐར་བོད་ཡུལ་ཡོངས་རྫོགས་རྒྱ་མིའི་བཙན་འོག་ཏུ་ཚུད་ནས་༧ གོང་ས་མཆོག་གི་དབུ་ཁྲིད་འོག་བཀའ་ཤག་ལྷན་རྒྱས་དང་ཞི་བའི་ཞིང་འབྲོག་མི་མང་ཁྲི་ཚོ་བརྒྱད་ལྷག་ཙམ་བཅས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་འཁོད་མ་ཐག་སྐབས་དེའི་ཕྱི་འབྲེལ་བཀའ་བློན་རྩིས་དཔོན་ཞ་སྒབ་པ་དབང་ཕྱུགས་བདེ་ལྡན་མཆོག་དང་ཕྱག་རོགས་སུ་སྐུ་ངོ་རྒྱལ་ལོ་དོན་གྲུབ་དང་སྐུ་ངོ་ས་འདུ་རིན་ཆེན་བཅས་ནས་བོད་དོན་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུས་ནས་མཉམ་འབྲེལ་རྒྱལ་ཚོགས་ནས་སྤྱི་ལོ་ ༡༩༥༩/༡༩༦༡/༡༩༦༥ བཅས་སོ་སོར་བོད་དོན་དང་འབྲེལ་བའི་ཐོག་གྲོས་ཆོད་རིམ་པ་བཞག་པ་དང་། ང་ཚོ་མི་མང་གི་ངོས་ནས་སྒོ་སྐབས་ནམ་ཐོབ་དང་དུས་ཚོད་ནམ་རག་ལ་འདས་པའི་མི་ལོ་དྲུག་བཅུ་ལྷག་ཙམ་རིང་རྒྱ་མིར་ངོ་རྒོལ་རྣམ་འགྱུར་སྟོན་བཞིན་པ་འདི་དག་བོད་རང་བཙན་གྱི་འབོད་སྒྲ་ཡིན་པ་དང་། ལོ་རབས་བདུན་བཅུའི་འཇུག་ཙམ་ནས་བོད་གཞིས་བྱེས་བར་ཕར་འགྲོ་ཚུར་ཡོང་གི་ལམ་ཁ་གསར་གཏོད་གནང་ནས་བོད་ནས་བོད་མི་མང་པོ་༧ གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་བཀའ་ཆོས་ཞུ་རྒྱུ་དང་། གནས་མཇལ། ཕྲུ་གུ་སློབ་འཇུག་དང་གཉེན་སྤུན་ཐུག་འཕྲད་སོགས་ལ་ལོ་ལྟར་རྒྱ་གར་དུ་འབྱོར་བཞིན་པ་དང་། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་ཚོ་བོད་ནང་གཉེན་སྤུན་ཐུག་འཕྲད་དང་། གནས་བསྐོར་སོགས་ལ་ཕར་འགྲོ་ཚུར་ཡོང་བྱ་རྒྱུའི་སྒོ་སྐབས་བཟང་པོ་ཐོབ་པ་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཆེད་གཟིགས་བསྐོར་སྐུ་ཚབ་ཚོགས་ཆུང་བོད་ནང་སྔ་རྗེས་ཕེབས་པའི་བརྒྱུད་རིམ་ནས་བོད་རྒྱ་གཉིས་བར་འབྲེལ་ལམ་གསར་གཏོད་གནང་རྒྱུའི་ཐབས་ལམ་དབུ་མའི་ལམ་གྱིས་དགོས་འདུན་འོག་ནས་བོད་རྒྱ་ཞི་འགྲིག་གི་སྐུ་ཚབ་ཚོགས་ཆུང་རྒྱ་ནག་ལ་ཐེངས་དགུ་ཕེབས་པའི་རྒྱུད་རིམ་ནས་བཟང་ཕྱོགས་ཀྱིས་ནུས་པ་མ་འཐོན་པ་ནས་སྤྱི་ལོ་༢༠༠༩ནས་བོད་རྒྱའི་འབྲེལ་ལམ་ཆད་ནས་མི་ལོ་བཅོ་ལྔ་ཙམ་འགྲོ་གི་ཡོད་ན་ཡང་ང་ཚོའི་ངོས་ནས་དབུ་མའི་ལམ་ལ་ཡིད་ཆེས་དང་བློ་གཏད་གྱིས་གཞིས་བཞུགས་བོད་མིའི་ཛ་དྲགས་ཀྱི་དཀའ་ངལ་དབུ་ལམ་བརྒྱུད་ནས་སེལ་ཐུབ་པའི་གདེང་སྤོབས་ལ་འགན་འཁུར་ནས་དུས་ད་ལྟ་ཡང་འགྲོ་བཞིན་པ་དང་། རང་བཙན་ནི་སྐྱེས་མ་ཉིད་ནས་ལྷན་སྐྱེས་སུ་ཡོད་པའི་འགྲོ་བ་མི་གིས་གཞི་རིམ་གྱིས་ཐོབ་ཐང་བླ་ན་མེད་པ་དེ་ཡིན་པ་དང་། ང་ཚོའི་རང་བཙན་དེ་རྒྱ་མིའི་ལག་ནས་ལེན་དགོས་པ་ལས་དབུས་བོད་མིའི་སྒྲིག་འཛུགས་ལ་ཁ་གཏད་ནས་རང་བཙན་གྱིས་གཏམ་བཤད་དང་རང་བཙན་གྱི་འབོད་སྒྲ་དང་རང་བཙན་གྱིས་གྲོས་ཆོད་སོགས་བཞག་མཁན་ཡོད་ན་རང་བཙན་གྱི་གོ་དོན་མ་རྟོགས་པའི་བསམ་མེད་བྱི་པ་ཞིག་ལ་ངོས་འཛིན་བྱེད་ཆོག་པ་དང་། ང་ཚོའི་བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་གསལ་བའི་བོད་དོན་བདེན་མཐའ་སེལ་ཐབས་ཟེར་བའི་ཐ་སྙད་དེ་འཁོད་ཡོད་པ་ནས་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་ལོ་ ༡༩༩༧ སྤྱི་ཟླ་ ༩ པའི་ཚེས་ ༡༨ ཉིན་སྤྱི་མོས་གྲོས་ཆོད་བཞག་ནས་བོད་རྒྱའི་དཀའ་སྙོགས་དེ་གཉིས་སྨན་དབུ་མའི་ལམ་བརྒྱུད་ནས་སེལ་རྒྱུ་དེ་ཡང་བོད་དོན་བདེན་མཐའ་སེལ་ཐབས་ཟེར་བའི་ཐ་སྙད་དེ་ལ་འགན་འཁུར་བར་ངོས་འཛིན་བྱེད་ཆོག་པ་དང་།

 རང་བཙན་གྱིས་ལྟ་བ་ཁྱེར་ནས་རང་བཙན་རྩོད་མཁན་ཚོ་ཡང་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་རང་བཙན་བརྩོད་དགོས་པ་དང་། དབུ་ལམ་ལ་འགན་འཁུར་ནས་བོད་རྒྱའི་དཀའ་སྙོགས་སེལ་མཁན་ཚོ་ཡང་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་དབུ་ལམ་ལ་འགན་འཁུར་དགོས་པ་དང་། མདོར་བསྡུས་ནས་བཤད་ན་རང་བཙན་ནི་སྐྱེས་མ་ཉིད་ནས་ལྷན་སྐྱེས་སུ་ཡོད་པའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་བླ་ན་མེད་པ་དེ་ཡིན་པ་དང་། དབུ་ལམ་ནི་བོད་ནང་ཡོད་པའི་བོད་མི་ཚོར་འཕྲད་བཞིན་པའི་ཛ་དྲག་གི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་མེད་དུ་མི་རུང་བ་ཞིག་ཡིན་པ་ནས་རང་བཙན་དང་དབུ་ལམ་བར་ནམ་ཡང་འགལ་ཟླ་འགྲོ་མི་ཉན་པའི་ཁ་བརྡ་སློབ་གསོ་བྱ་འདོད་བྱུང་།

ལྷུག་རྩོམ།

Post navigation

Previous Post: མྱོང་སྣང་རྡུལ་གྱི་འདར་དབྱངས།
Next Post: ཉེ་ལམ་སྤྱ་ིཟླ་བདུན་པའི་ཚེས་ ༡༣ ནས་ཚེས་ ༡༥ བར་ཁེ་ན་ཌར་བོད་རང་བཙན་ཚོགས་ཆེན་ཐེངས་བདུན་པ་ཟེར་བ་ཚོགས་པའི་སྐོར་ལ་དཔྱད་པའི་གཏམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (61)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme