Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་བཙན་དང་དབུ་མའི་ལམ་ལ་དཔྱད་པའི་གཏམ།

Posted on 2018-12-28 By ཁ་བརྡ No Comments on རང་བཙན་དང་དབུ་མའི་ལམ་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས་ནས།

འཛམ་གླིང་གི་སའི་གོ་ལ་ཧྲིལ་པོ་འདིའི་སྒང་དུ་གནས་པའི་མི་གི་སྤྱི་ཚོགས་ག་འདྲ་ཞིག་ཡིན་ཀྱང་ཐོག་མ་ཉིད་ནས་སོ་སོར་དབང་བའི་ས་ཆ་དང་སོ་སོར་དབང་བའི་རྒྱལ་ཁབ་དང་སོ་སོར་དབང་བའི་ཕ་ཡུལ་དང་སོ་སོར་དབང་བའི་འགོ་དཔོན་དང་སོ་སོར་དབང་བའི་ཕ་མ་བུ་ཕྲུག་དང་སོ་སོར་དབང་བའི་རྒྱུ་ནོར་ལོངས་སྤྱོད་དང་སོ་སོར་དབང་བའི་སྒོ་ཕྱུགས་སེམས་ཅན་དང་སོ་སོའི་དད་མོས་བྱེད་སའི་ཆོས་ལུགས་དང་སོ་སོའི་དད་པའི་རྟེན་ལྷ་ཁང་ལྷ་ལྐུ་དང་སོ་སོའི་འཚོ་བའི་མདུན་ལམ་ས་ཞིང་འདེབས་ལས་སྒོ་ཕྱུགས་གསོ་སྐྱོང་དང་ཚོང་ལས་གཉེར་རྒྱུ་དང་ཤེས་ཡོན་གྱི་མདུན་ལམ་སློབ་གྲར་འགྲིམས་རྒྱུ་དང་ཆོས་ར་འགྲིམས་རྒྱུ་སོགས་རང་རང་གི་བློ་མོས་ཇི་བཞིན་བཀག་འགོག་མེད་པར་རང་དབང་གི་ཐོག་ནས་རང་ཐག་རང་གི་བཅད་ནས་མི་ཚེ་སྐྱེལ་བཞིན་པ་ནི་འཛམ་གླིང་གི་རང་བཙན་ཡོད་པའི་ལུང་པ་ཚང་མ་ལམ་ལུགས་སམ་འགྲོ་ལུགས་སམ་བྱེད་སྟངས་ཅིག་རྒྱུར་དུ་ཡོད་པ་ནས་ང་ཚོ་བོད་ཆོས་ལྡན་གྱི་ཞིང་ས་དེ་ཡང་ཕྱི་ལོ་༡༩༥༩ གོང་རྒྱ་མི་བོད་དུ་མ་སླེབས་བར་རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་རང་དབང་འོག་བོད་མི་རིགས་འཚོ་བཞིན་པ་ནས་ཕྱི་ལོ་༡༩༥༩ ལོར་རྒྱ་མིའི་བོད་དུ་བཙན་གནོན་གྱིས་བོད་ས་ཤོར་བ་ནས་བོད་མི་གཞིས་བྱེས་གཉིས་སུ་གནས་དགོས་པའི་དུས་ཚོད་ངན་པ་ཤར་ནས་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོ་མི་ཡུལ་ས་མཐར་ངོ་ཤེས་པ་གནམ་དང་ས་ལས་མེད་པའི་སྐབས་འདིར་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་འཛམ་གླིང་ཞི་བདེའི་སྡེ་དཔོན་ཆེན་པོ་གོང་ས་མཆོག་གི་རླབས་ཆེན་དགོང་གཞིའི་འོག་བོད་མི་བཙན་བྱོལ་བ་ཚོ་གནས་ཡུལ་རང་བཙན་རྒྱལ་ཁབ་ཀྱི་བལྟ་སྐྱོང་འོག་བོད་མིའི་སྐད་ཡིག་དང་རིག་གཞུང་མི་ཉམས་གོང་འཕེལ་དང་མི་མང་གི་འཚོ་བའི་མདུན་ལམ་ཆེད་བཟོ་གཞིས་ཁག་དང་སོ་ནམས་གཞིས་ཆགས་དང་སློབ་གྲཱ་ཁག་དང་ཆོས་སྒར་སོགས་གང་ལ་ཅི་དགོས་ཀྱི་མདུན་ལམ་བཟང་པོའི་འོག་བོད་ཡུལ་སླར་གསོའི་ཆེད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་པའི་འཛམ་གླིང་གི་ཤར་ནུབ་རྒྱལ་ཁབ་ཁག་ལ་བོད་དོན་བདེན་རྒྱབ་ཡོང་བའི་འབོད་བསྐུལ་དང་སྐད་འབོད་ལས་འགུལ་སོགས་ཐབས་ལམ་གྲངས་མང་བརྒྱུད་ནས་བདེན་རྒྱབ་འཚོལ་བཞིན་པ་ནི་བོད་མི་རིགས་ལ་བསམ་ན་རང་གི་ལུང་པའི་དོན་དུ་ལས་འགུལ་སྣ་མང་སྤེལ་རྒྱུ་དེ་སྐྱེས་མ་ཉིད་ནས་ལྷན་སྐྱེས་སུ་ཡོད་པའི་འགྲོ་བ་མི་གི་ཐོབ་ཐང་ཞིག་ཡིན་པ་དང་བོད་མི་རིགས་འདི་ནང་ཆོས་ལ་ཉམས་ལེན་ཞུ་མཁན་གྱི་མི་རིགས་ཞིག་ཡིན་པ་ནས་འཚེ་བའི་ལམ་ལ་མཐའ་ཅིག་ཏུ་ངོ་རྒོལ་བྱེད་མཁན་གྱིི་མི་རིགས་ཞིག་ཡིན་པ་ནས་ཕྱི་ལོ་༡༩༨༨ ལོར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སི་ཊས་སི་སྦག་ཏུ་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་དགོས་འདུན་ནང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་མིང་དོན་མཚུངས་པ་ཞིག་དགོས་པའི་དགོས་འདུན་སྟོན་པ་དང་ལོ་རབས་༢༠༠༢ ལོར་བཀའ་ཤག་གི་བོད་རྒྱའི་འབྲེལ་ལམ་གསར་འཛུགས་ཀྱིས་གསལ་ཁ་གཏོད་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་དགོས་པའི་དགོས་འདུན་དུ་ཁ་ཕྱོགས་པ་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་མོས་གྲོས་ཆོད་གཏན་འབེབས་བརྒྱུད་ནས་བོད་རྒྱའི་དཀའ་སྙོགས་དེ་གཉིས་སྨན་དབུ་མའི་ལམ་རྒྱུད་ནས་སེལ་དགོས་པ་ལྟར་དབུ་མའི་ལམ་གྱི་དགོས་མདུན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་དགོས་པའི་དགོས་འདུན་དེ་དབུ་མའི་ལམ་གྱི་དགོས་འདུན་ཡིན་པ་ནས་གཞིས་སྡོད་བོད་མིའི་དཀའ་སྡུག་སེལ་རྒྱུའི་ཐབས་ལམ་བཟང་བཤོས་དེ་དབུ་ལམ་འདི་ཡིན་པ་དང་རང་བཙན་ནི་མི་རིགས་ཞིག་གི་མཐུ་མོང་མ་ཡིན་པའི་སྐད་ཡིག་རིག་གཞུང་ཟུར་དུ་འཚོ་ཐུབ་པའི་སྲོག་རྩ་ངོ་མ་དེ་ཡིན་ན་བོད་མི་རིགས་ཀྱི་ཕ་མེས་ནས་བརྒྱུད་པའི་སྐད་ཡིག་རིག་གཞུང་སྲུང་སྐྱོབས་ཐུབ་པ་ལ་རང་བཙན་ལས་གཞན་དུ་ཁ་ཕྱོགས་ས་མེད་པ་བཅས་རང་བཙན་རྩོད་རྒྱུ་དེ་བོད་མི་རིགས་ཀྱི་ལས་དབང་དུ་སྨིན་པའི་རྩོད་མེད་ཡོངས་གྲགས་ཀྱི་ཐོབ་ཐང་ཞིག་ཡིན་པ་དང་དབུ་མའི་ལམ་དེ་ང་ཚོའི་གཏན་ལ་ཕབ་པའི་གཞིས་སྡོད་བོད་མིའི་དཀའ་སྡུག་སེལ་རྒྱུའི་ཐབས་ལམ་ཞིག་ཡིན་ན་རང་བཙན་དང་དབུ་ལམ་གཉིས་གཞིས་བྱེས་བོད་མི་རིགས་ཀྱི་ལས་དབང་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་མདུན་ལམ་ཞིག་ལ་སོང་རིག་པ་ཡང་དག་གི་དཔྱད་པ་བྱས་ནས་མ་འོངས་བོད་ཀྱི་ལོ་རྒྱུས་ནང་ནག་ཐིག་མ་ཕོག་པའི་འགན་དེ་ད་ལྟའི་མི་རབས་འདིའི་ཁྱེར་དགོས་པ་དེ་ལོ་རྒྱུས་ཀྱི་ངོ་སྤྲད་པའི་བསླབ་བྱ་ནན་པོ་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད་ལ་མི་རིགས་ཞིག་གི་སྐད་ཡིག་དང་རིག་གཞུང་ཟུར་དུ་འཚོ་དགོས་ན་དང་པོ་མི་རིགས་སྲུང་སྐྱོབས་ཀྱི་ལས་འགུལ་དེ་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་ཀྱི་ལས་འགུལ་ལས་བརྒྱ་འགྱུར་སྟོང་འགྱུར་གྱི་གལ་ཆེན་དུ་རྩིས་ནས་སྔོན་འཐོན་བྱ་དགོས་པ་ནི་མི་རིགས་དེ་འཛམ་གླིང་གི་ལུང་པ་མང་པོའི་ནང་བྱ་སྤུ་རི་ལ་གཏོར་བ་བཞིན་དུ་ཁ་འཐོར་ནས་རང་གི་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོབས་ཟེར་བའི་གཏམ་དེ་བསམ་མེད་བྱིས་པར་མངར་ཆ་སྦྱིན་པ་ཙམ་ལས་མ་འདས་པ་དང་མི་རིགས་ལ་སྲུང་སྐྱོབས་ཐུབ་ན་མི་རིགས་དེའི་རང་ཆས་སུ་ཡོད་པའི་སྐད་ཡིག་དང་རིག་གཞུང་ལ་ལས་ཀྱི་བཀོལ་སྤྱོད་ཐུབ་པ་ནི་ང་ཚོའི་མིག་གི་མཐོང་ཡུལ་དུ་ཡོད་པའི་རང་བཙན་རྒྱལ་ཁབ་ང་ཚོའི་གནས་ཚང་ནས་ང་ཚོའི་བསླབ་བྱ་ལེན་ཆོག་པ་བཅས་རང་བཙན་དང་དབུ་མའི་ལམ་ལ་དཔྱད་པའི་གཏམ་འདི་བཞིན་བོད་ཀྱི་ཡུལ་མི་ཞིག་ཡིན་པའི་ཆ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་རང་བཙན་དང་དབུ་མའི་ལམ་རྒྱུད་ནས་བོད་མི་རིགས་ཀྱི་ཕྲལ་ཕུགས་རྒྱང་གསུམ་གྱི་མཁེ་རྒྱོང་ལ་བསམ་བློ་ཞིབ་ནན་གཏོང་དགོས་པའི་གསལ་འདེབས་དུ།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་་༢༠༡༨ ཕྱི་ཟླ ༡༢ པའི་ཚེས ༢༨
ཉིན་ལྷོ་ཕྱོགས་དཔལ་གྱི་རི་བྷ་ཊ་པུར་གྱི་རི་འདེབས་ནས་ཟིན་བྲིས་སུ་བཏབ།

བསམ་ཚུལ།, སྣ་ཚོགས།

Post navigation

Previous Post: རིས་མེད་མཁས་པ་དང་འཆད་རྩོད་རྩོམ་གསུམ་ཚང་བའི་བགྲོ་གླེང་།
Next Post: དབྱིན་ཇིའི་རྒྱལ་སྲས་ཀྱི་བག་གསར་རམ། ཨ་རིའི་གློག་བརྙན་ཁྲབ་སྟོན་མ་གྲགས་ཅན་མཱེ་གྷན/མཱར་ཁུལ/གྱི་མཉམ་འབྲེལ་རྒྱལ་ཚོགས་ཐོག་གི་གཏམ་བཤད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme