Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་དབང་གི་སྣང་བརྙན།

Posted on 2011-04-012011-04-01 By འབྲོང་བུ་ཟླ་བ་ཚེ་རིང་ 6 Comments on རང་དབང་གི་སྣང་བརྙན།

འབྲོག་ཆོས།

statue-of-liberty
༼སྒྱུར་པ་པོའི་གསལ་བཤད།
Statue of Liberty ཞེས་པ་འདི་མང་པོ་ཞིག་གིས་རང་དབང་གི་ལྷ་མོ་ཞེས་བསྒྱུར་འདུག ཡིན་ནའང་། གུས་པས་དེ་འོས་འཚམས་སུ་མ་མཐོང་པས་རང་དབང་གི་སྣང་བརྙན་ཞེས་བསྒྱུར་ཡོད། ༽
༡༨༦༥ ལོའི་དགོང་མོ་ཞིག་ལ་ཧྥ་རན་སིའི་མི་སྐོར་ཞིག་གིས་དགོང་ཟས་ཟ་སྐབས་ཨ་རིའི་མང་གཙོ་དང་སྲིད་དབང་སྒེར་འཛིན་པའི་སྐོར་ལ་གླེང་སློང་བྱས་པ་རེད། ལབ་གླེང་དེའི་ཁྲོད་ནས་ཁོང་ཚོས་ཨ་རིའི་རང་དབང་གི་མང་གཙོའི་ཆེད་རྒྱབ་སྐྱོར་གྱི་ཚུལ་དུ་དྲན་རྟེན་རྡོ་རིང་ཞིག་བཞེངས་རྒྱུ་བྱས་པ་རེད། དེ་འདྲ་བྱས་ན་ཧྥ་རན་སིར་ཡང་མང་གཙོའི་རྒྱལ་ཁ་ཐོབ་སྲིད་པ་རེད་སྙམ་ནས་དགོང་ཟས་དེའི་སྐབས་སུ་སྣང་བརྙན་བཟོ་བཀོད་པ་(Bar-tole-dee )ལགས་ཀྱིས་བུ་མོ་ཞིག་གིས་རང་དབང་གི་འོད་སྣང་གསལ་ཆེད་ལག་གཡོན་པས་དཔལ་འབར་ཞིག་མཁའ་ལ་འཕྱར་ཡོད་པའི་སྣང་བརྙན་ཞིག་བཟོ་བཀོད་བྱས་པ་རེད། སྣང་བརྙན་དེའི་རིང་ཐུང་ལ་ཁང་བརྩེགས་བཅོ་ལྔ་ཡོད་ཀྱང་དེ་བཟོས་ཚར་རྗེས་དེའི་ཡན་ལག་མང་པོ་གཏོར་ལེན་གྱིས་གྲུ་གཟིངས་ནང་སྒྲིག་ཏེ་(Atlantic )ཨེ་ཏྲི་ལེན་ཏྲེ་ཁུ་རྒྱ་མཚོ་བརྒྱུད་ནས་ཐད་ཀར་ཨ་རི་ལ་ཁྱེར་བ་རེད། ཡ་མཚར་བའི་སྣང་བརྙན་དེ་ ༡༨༨༤ ལོའི་ཟླ ༧ ཚེས ༤ ཉིན་ཧྥ་རན་སིས་ཨ་རིའི་མང་གཙོའི་སྐྱེས་སྐར་ལག་སྐྱེས་སུ་ཕུལ་བ་རེད། དེ་ནི་ལོ་ངོ་ ༢༡ རིང་གླེང་སློང་བྱས་ཏེ་བཟོ་བསྐྲུན་བྱས་ནས་ཧྥ་རན་སིས་མ་དངུལ་བསྡུ་རུབ་ཀྱིས་རང་དབང་གི་སྣང་བརྙན་གྱི་གཟུགས་བྱད་བཟོ་བསྐྲུན་དང་ཨ་རིས་སྣང་བརྙན་དེའི་རྨང་རྩིག་ལ་འགྲོ་སོང་བཏང་མཐར་འཛམ་གླིང་ན་སྐད་གྲགས་ཡོད་པའི་རང་དབང་གི་སྣང་བརྙན་དེ་ཨ་རིའི་རྒྱལ་ས་ནེའུ་ཡོག་ཐང་དཀྱུལ་དུ་ལེགས་འགྲུབ་བྱུང་བ་རེད།

འགྱུར་རྩོམ།

Post navigation

Previous Post: མི་འདི་ཚོ །
Next Post: སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་ཕུལ་བའི་གྲོས་འཆར་ཡི་གེ

Comments (6) on “རང་དབང་གི་སྣང་བརྙན།”

  1. མི་ནག་མདུང་ཐུང་། says:
    2011-04-01 at 3:22 pm

    དག་ཆའི་ཐད་ན་སྐྱོན་ཆ་ཁ་ཤས་འདུག་མ་གཏོགས། ཡག་པོ་ཞིག་བསྒྱུར་གནང་འདུག

    ཁང་བརྩེགས་ཡིན་ས་མེད། ཁང་རྩེག་ཡིན་པ་ཡོད།
    སྒྲིག་ཏེ་ཡིན་ས་མེད། སྒྲིག་སྟེ་ཡིན་པ་ཡོད།
    འོས་འཚམས་ཡིན་ས་མེད། འོས་འཚམ་ཡིན་པ་ཡོད།
    ལག་སྐྱེས་ཡིན་ས་མེད། ལེགས་སྐྱེས་ཡིན་པ་ཡོད།
    ཐང་དཀྱུས་ཡིན་ས་མེད། ཐང་དཀྱིལ་ཡིན་པ་ཡོད།

  2. ཤ་ཟན་དམར་པོ། says:
    2011-04-02 at 12:53 am

    རང་དབང་གི་ལྷ་མོ་ལ་རང་དབང་གི་སྣང་བརྙན་ཙམ་གྱི་གོ་དོན་ལས་མེད་སོང་བ་རེད་དམ། རང་དབང་གི་གཟུགས་བརྙན། རང་དབང་གི་སྣང་བརྙན། རང་དབང་གི་འདྲ་གཟུགས། རང་དབང་གི་ཕྱི་གཟུགས་སོགས་ལ་རང་དབང་ལྟར་སྣང་བའི་གོ་དོན་ཡོད་པ་རེད། རང་དབང་གི་ལྷ་མོར་ཟུར་ཟའི་མིང་ཞིག་འདོགས་དགོས་ན་དེ་དེ་བཞིན་ནོ།
    ཁ་སང་དེ་རིང་ཞིག་ལ། ཁ་བརྡ་དྲ་ཁང་འདིར་ཞ་ཡས་ཀླད་མེད་མང་ནས་མང་དུ་ཡིན་པ་དེ་ཅི་མ་འགྲིགས་པ་རེད།

  3. ཀིརྟི་སྐྱབས། says:
    2011-04-02 at 5:27 am

    འདི་ནི་མི་ཤེས་འོལ་ཚོལ་བྱས་པ་རང་ཞིག་ཏུ་མཐོང་ངོ། རང་དབང་གི་ལྷ་མོ་ཞེས་པ་ནི་དོན་དང་བརྗོད་པ་གཉིས་ཀར་ཧ་ཅང་འཚམ་པས་སྒྱུར་ཡིན་ན་ངོས་ཐད་ཀྱི་གོ་བ་ལས་མེད་སྙམ་པ་ནི་བློ་མ་སྨིན་པའི་ཨུ་ཚུགས་ཙམ་ལས་མི་འདུག།་

  4. འབྲོག་ཆོས། says:
    2011-04-02 at 1:43 pm

    ཀིརྟི་ལགས།
    Statue of Liberty ཞེས་པའི་ཚིག་འདིའི་ནང་ལྷ་མོ་ཞེས་པའི་ཚིག་ཟུར་ཞིག་གང་ན་ཐོན་འདུག

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-04-03 at 4:05 am

    ༡༨༦༥ ལོའི་དགོང་མོ་ཞེས་དུས་ཀྱི་དགོངས་ལ་ས་ཡང་འཇུག་མེད་པར་བཟོས་པ་ནི། སྔར་དུས་ཀྱི་དཀའ་བསྟན་གསུང་འབུམ་དག་་ལ་སློབ་སྦྱོང་དབེན་པ་དག་གིས་རང་གི་ཁ་ནས་ཡང་འཇུག་མ་འདོན་པའི་དབང་གིས་དགོངས་ཞེས་པ་ལ་དགོང་ཞེས་མ་དག་རྒྱུན་འབྱམས་སུ་སོང་བ་ཡིན་འདུག སྐུ་གཤེགས་ཨ་རི་པ་འཇམ་དབྱང་རྣམ་རྒྱལ་གྱིས་བདག་ལ། ས་མཐའི་རྣམ་གྲངས་མདོ་མཚོན་བཞུགས། ཞེས་པ་རྙིང་བཙུན་རིག་བྱེད་སྨྲ་བ་བློ་གྲོས་རབ་གསལ་པད་མ་བཞད་པས་བྲིས་པ་དེ་་སྩལ་བྱུང་། འདི་ཉིད་མཁས་དང་གྲུབ་པའི་དབང་ཕྱུག་འཇུ་མི་ཕམ་ཡིན་ཟེར་བ་ཐོས། སུ་ཞིག་ཡིན་རུང་ཁྱད་པར་མེད། ༏འོན་ཀྱང་གཞུང་འདི་ན། དགོང་ཀའི་དུས་དང་ཐུགས་ཀྱི་དགོངས། ཞེས་དང་། དེང་དུས་ཀྱི་ཚིག་མཛོད་དག་ཏུ་་ཡང་དགོང་ཞེས་ཡོད་པ་ཚད་མར་བཟུང་སྟེ། དུས་ཀྱི་དགོངས་ལ་དགོང་ཞེས་འབྲི་བ་ནི། བཀའ་བསྟན་གསུང་འབུམ་མང་པོ་དང་འགལ་བར་མ་ཟད། བོད་ཡུལ་དུ་ཚད་ལྡན་དུ་གྲགས་པའི་དག་ཡིག་ཟ་མ་ཏོག་དང་ངག་སྒྲོན་སོགས་དང་འགལ་བ་མཐོང་བཞིན་དུ་མ་བརྟགས་པར་དགོང་ཞེས་འབྲི་བ་ནི་འོས་སམ་མི་འོས་ཞེས་ཁྱེད་བློ་གསར་གཞོན་ནུ་མ་འོངས་བོད་ཀྱི་གཞུང་ལུགས་འཛིན་པ་པོ་རྣམས་ཀྱིས་ཐག་གཅད་དགོས་སོ།།

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-04-03 at 7:01 pm

    བཀའ་ལ་ཞེས་ཡིག་ནོར་འདུག བྱུང་བའི་རྒྱུ་མཚན་ནི། བདག་ལ་སྤར་ཚུལ་མཛུབ་མོ་གནོན་སྟངས་གཞན་ཞིག་ཡོད་པར་D་གནོན་ན་བ་ཡིག་འཐོན་པ་ལ་མཉམ་པར་མ་བཞག་པའི་དབང་གིས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme