Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་དང་གཞན།

Posted on 2014-06-032014-06-03 By ཁ་བརྡ་ 4 Comments on རང་དང་གཞན།

འབའ་སྲས།

རང་གི་ནུས་པ་ཡོན་ཏན་གཞན་ལ་མིན།།
གཞན་ལ་ཚང་བ་ཇི་སྙེད་རང་གི་མིན།།
ཐམས་ཅད་ཆོས་ཉིད་གཅིག་ལ་གནས་སྲིད་ན།།
མཆོག་དམན་གོང་འོག་དབྱེ་བ་མེད་དོ་ལོ།།

ཁྱུང་ཆེན་མཚོ་རུ་འཛུལ་བར་མི་སྲིད་ལ།།
ཉ་ཆེན་མཁའ་རུ་འཕུར་ཡང་མི་ཐུབ་པས།།
ཁྱོད་ཀྱིས་འཇོན་པ་ངས་ཀྱང་བྱེད་དོ་ཞེས།།
གཞན་སྟོབས་ལག་ལེན་རང་ཉིད་གསོད་པའི་གྲི །
གཡག་ལ་རྭ་ཅོ་སྐྱེས་ན་མཛེས་མོད་ཀྱང་།།
མི་ལ་རྭ་གཉིས་སྐྱེས་ན་བདུད་དུ་བརྩི།།
མི་ཡི་ཡན་ལག་མི་ལ་མཛེས་པ་དང་།།
ཟོག་གི་ཡན་ལག་མཛེས་ཀྱང་མི་ལ་མིན།།

དཔའ་བོས་རལ་གྲི་འཕྱར་ན་དགྲ་མགོ་གཅོད།།
སྡར་མས་གྲི་ཆུང་རང་གི་སྙིང་ལ་བསྣུན།།
གཞན་ལྟར་འཇུག་ན་རང་ཡང་གཞན་ལྟར་དགོས།།
རང་གཞན་གཅིག་མཚུངས་བྱེད་པ་ཤིན་ཏུ་བླུན།།

མཁས་པའི་མདུན་དུ་ལེགས་བཤད་གླེགས་བམ་མཐོ།།
བླུན་པོའི་ཁ་ན་རྒྱུན་དུ་ཉོག་གཏམ་མང་།།
མཁས་བླུན་གཉིས་ཀྱི་སྐད་ཆ་གཅིག་ཡིན་ན།།
རྣམ་དཔྱོད་ཤེས་རབ་ཕྱག་དར་ཁྲོད་ཀྱི་རྫས།།

ཕྱུག་པོའི་རུམ་ན་གསེར་དངུལ་རིན་ཆེན་མང་།།
དབུལ་བོའི་མདུན་དུ་སྣོད་ཆོས་སྟོང་བ་མང་།།
ཕྱུག་པོའི་ཉལ་ས་དབུལ་བོར་མི་བདེ་ལ།།
དབུལ་བོའི་ཁ་ཟས་ཕྱུག་པོར་ག་ལ་ཞིམ།།

དེས་ན་རང་ངོ་རང་གིས་ཤེས་པར་མཛོད།།
གཞན་ལུགས་མེ་ལོང་བལྟས་ནས་མདོག་མ་སྟོན།།
རང་ཉིད་མེ་ལོང་རང་གི་སེམས་དེ་བྱོས།།
མེ་ལོང་ལྟ་བྱེད་རང་གི་མིག་གཉིས་བྱོས།།

༠༡/༠༦/༡༤ ཕྱི་དྲོར།

སྙན་ངག

Post navigation

Previous Post: ང་ཚོའི་སྲིད་གཞུང་དང་ང་ཚོའི་སྲིད་སྐྱོང་།
Next Post: གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་གསུམ་པ་དབུ་འཛུགས་གནང་བ།

Comments (4) on “རང་དང་གཞན།”

  1. གནམ says:
    2014-06-03 at 2:05 am

    གཅིག་ལ་གཅིག་འགྱན་མེད་པའི་སྤྱི་ཚོགས་ནི།
    དུར་སའི་རྡོ་རིང་དག་དང་ཁྱད་ཅི་ཡོད།
    ཐམས་ཅད་ཚངས་རྒྱལ་ཡིན་པ་མ་ཤེས་ན།
    སངས་རྒྱས་གསུངས་ལ་གུས་པས་ཅི་ཞིག་བྱེད།

    རང་བློ་གཞལ་བའི་ཤེས་བ་ཚད་ལྡན་ཞིག།
    གནམ་གྱི་འོག་ལ་བཙལ་ཡང་རྙེད་མ་དོ།
    གཞན་གྱི་ཤེས་བྱ་རང་གིས་སྦྱངས་བ་ཡིས།།
    རང་ནི་གཞན་ལས་ལྷག་པའི་ཤེས་བྱའི་མཛོད།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-06-03 at 2:32 am

    རང་དང་གཞན་གཉིས་མི་ཡིན་གཅིག་མཚུངས་རེད། །
    རང་དང་གཞན་གཉིས་མི་ལུས་གཅིག་མཚུངས་རེད། །
    རང་དང་གཞན་གཉིས་མི་རབས་གཅིག་པ་རེད། །
    རང་དང་གཞན་གཉིས་འགྲན་ཚད་གཅིག་མཉམ་དགོས། །

  3. ཉི་ནུབ says:
    2014-06-03 at 5:41 am

    རང་ཉིད་རྒུལ་ན་གཞན་གྱི་མཐོང་ཆུང་བྱ།
    རང་ཉིད་རྒྱལ་ན་ཀུན་གྱི་རྒྱབ་སྐྱོར་བྱ།
    དར་རྒུལ་སྣ་མང་འབྱུང་བའི་མི་ཚེའི་འདིར།
    རང་ཉིད་འགྲིགས་ན་སྤྱི་ཚོགས་རྒྱལ་བར་འགྱུར།
    རང་ཉིད་རང་རྐང་མགོ་ནས་མ་ལངས་བར།
    གཞན་མགོ་སྟ་རེ་གཡུག་པའི་སྲོལ་འདི་ནི།
    བོད་པའི་ཀུན་གྱི་རྒྱུད་ན་རང་འཇགས་སུ།
    གནའ་ནས་དེང་གི་བར་དུ་སྒྱུར་སྲོལ་མེད།

  4. དཔལ་དོན། says:
    2014-06-03 at 6:55 am

    ཧ་ཧ་ཧ་་་་ད་ཟོག་རྫི་རྒད་ཁོག་དག་གིས་ཁ་ཏ་བསླབ་བྱ་འདྲ་ཞིག་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme