Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་ཉིད་རང་ལ་ཡིད་ཆེས་དགོས།

Posted on 2012-06-112012-06-11 By dhatsenpa 5 Comments on རང་ཉིད་རང་ལ་ཡིད་ཆེས་དགོས།

ཕྱི་ཡི་ཉི་མ་དྲོ།།

ནང་གི་གོ་ཁ་དྲོ།།

གོན་གྱི་རྩག་པ་དྲོ།།

ཡིད་ཆེས་ཡོད་ན་དྲོ།

ཀ
བྱ་བ་གང་ཞིག་ལེགས་འགྲུབ་ཡོང་དགོས་ན། དང་པོ་དེ། ང་ཚོས་ངེས་པར་བྱེད་ཐུབ་ཀྱི་རེད་བསམ་པའི་ཡིད་ཆེས་ཤིག་དགོས་པ་རེད། མེ་ཤེལ་ཁོར་ཏ།

ཁ།
རྒྱབ་ཀྱི་འཛིན་མཁན་དེ་ཁྱེད་རང་མ་རེད། ཁྱེད་རང་གིས་རང་ཉིད་ཀྱིས་ཡོང་གི་མ་རེད་བསམ་པ་དེ་རེད། ཨ་ནོ་ནེ་མོ་སི།

ག
ཡིད་ཆེས་ལས་ལག་ལེན་དང་། ལག་ལེན་ལས་གྲུབ་འབྲས་བྱུང་། ཡིན་ནའང་། དང་པོ་དེ་ཡིད་ཆེས་དགོས། མར་ཁུ་བིག་ཁྲོར་ཧན་སེན།

ང་།
ཁྱེད་རང་ལ་དགོས་དགོས་ཚང་མ་འཐོབ་ཀྱི་རེད། གལ་སྲིད་ཁྱེད་རང་གིས་འཐོབ་ཀྱི་མ་རེད་བསམ་པའི་ཡིད་ཆེས་དེ་དོར་བ་ཡིན་ན། རོ་སྦར་ཁྲི་ཨན་ཐོ་ནེ།

ཅ།
ང་ཚོས་རང་ཉིད་ནི་རང་ཉིད་ཀྱི་གྲོགས་པོ་ཡག་ཤོས་བྱེད་པར་སློབ་དགོས། རྒྱུ་མཚན་ནི། དེ་མིན་པ་ན། རང་ཉིད་རང་ཉིད་ཀྱི་དགྲ་བོ་སྡུག་ཤོས་ཀྱི་རྙི་ནང་ལ་ལས་སླ་པོར་ཚུད། རོ་ཊི་རིག་ཐོར་ཕི།

ཆ།
ངས་ཐེངས་དང་པོའི་ཕམ་ཁ་བྱུང་དུས་ཞེད་སྣང་སྤངས་པ་ཡིན། ག་རེ་རེད་ཟེར་ན། ནམ་མཁའ་མར་ལྷུང་མ་སོང་། ཨ་ལེན་ནི་ཧར།

ཇ།
ཡིད་ཆེས་ནི་རྟག་པར་འགྲིག་པ་རྐྱང་རྐྱང་ལས་ཡོང་གི་ཡོད་མ་རེད། ནོར་འཁྲུལ་བྱུང་བར་འཇིགས་སྣང་མེད་པ་ལས་ཡོང་གི་ཡོད་པ་རེད། ཕེ་ཊར་མེ་སན་ཋ་ཡར།

ཉ།
“can’t.” ཞེས་པའི་མཇུག་གི་ t དེ་མར་རྫོགས་ཤོག ས་མེལ་ཇོན་སོན།

ཏ།
གལ་སྲིད། ཁྱེད་རང་རང་ཉིད་ལ་ཐེ་ཚོམ་ཟ་བ་ཡིན་ན། ཁྱེད་རང་ངོ་མ་ཡོམ་འགུལ་ཅན་ཞིག་གི་ཐོག་ལངས་ཡོད་པ་རེད། ཧེན་རིག་ཨེབ་སེན།

ཐ།
རྟག་པར་མགོ་བོ་ཡར་ལ་དགྱེས། ཡིན་ན་ཡང་། ཁྱེད་རང་གི་སྣ་ཁུག་དེ་མཐོ་ཚད་རན་ཙམ་བྱེད་པར་གཟབ་གཟབ་གྱིས། མ་ཁེ་སི་ཕོར་མན།

ད།
ང་ཚོའི་ཐེ་ཚོན་ནི་ངོ་ལོག་པ་རེད། གདོང་མཆོང་བྱེད་པར་སྐྲག་སྣང་བྱེད། དེས་འཐོབ་སྲིད་པའི་ལེགས་ཚོགས་དེའང་འཆོར་བར་འཇུག ཝེ་ལམ་ཤེ་ཁི་སི་ཕེར།

ན།
རང་ཉིད་ཀྱི་དགྲ་བོ་དེ་རང་ཉིད་རེད།
རང་ཉིད་འགྱོགས་མཁན་དེ་རང་ཉིད་རེད།
གདོན་འདྲེ་རྣམས་བཟོ་མཁན་རང་ཉིད་རེད།
རང་ཉིད་ལ་ཡིད་ཆེས་སྟེར་མཁན་དེ་རང་ཉིད་རེད། པོལ་ཁོལ།

པ།
རང་ཉིད་གཞན་ལ་གཡར་ས་གྱིས། ཡིན་ན་ཡང་རང་ཉིད་རང་ལ་སྟེར་ས་གྱིས། མེ་ཤལ་དེ་མོན་ཁྲེན།

ཕ།
སུ་གང་ལ་ཁྱེད་རང་གི་རྨི་ལམ་རྐུ་རུ་མ་འཇུག དེ་ནི་ཁྱེད་རང་གི་རྨི་ལམ་རེད། གཞན་པའི་མ་རེད། ཌན་ཛ་སྒྲི་ར།

བ།
གཞན་སུ་ཞིག་གིས་མེ་ཏོག་ཁྱེར་ཡོང་བར་སྒུག་པའི་ཚབ་ཏུ། རང་ཉིད་ཀྱི་ལྡུམ་རར་རང་གིས་ཐོབ། རང་ཉིད་ཀྱི་བླ་སྲོག་ལ་རང་གིས་མཛེས་རྒྱན་སྤྲོས། ཝེ་རོ་ནི་ཀ།

མ།
ངས་གྲུ་གཟིངས་གཏོང་སྟངས་སློབ་སྦྱོང་བྱེད་པའི་དོན་དུ་ང་ཆར་རླུང་ལ་མི་སྐྲག ལུ་ཝེ་ཟ་མེ་འོལ་ཁོ་ཌི།

ཙ།
ནང་ལོགས་སུ་དགྲ་མེད་ན་ཕྱིའི་དགྲ་བོས་ཁྱེད་ལ་མི་ཚུགས། ཨ་ཧྥེ་རི་འི་གཏམ་དཔེ།

ཚ།
གཞན་པ་རྣམས་ཁྱེད་ལ་ཡིད་ཆེས་བྱེད་དགོས་ཡོད་ན། ཐོག་མར་རང་ཉིད་གཞན་ལ་ཡིད་ཆེས་བྱེད་པར་འཚལ། མེ་ཁི་ཧར་ཝེ།

ཛ།
རང་ཉིད་རང་ལ་ཡིད་ཆེས་པ་ལས་ལྷག་པའི་མཛེས་སྡུག་ཅིག་དེ་རུ་མེད། བསམ་ཁོ།

ཝ།
ཞེད་སྣང་གིས་ཡོད་ཚད་གསོད། ཁྱེད་ཀྱི་སེམས། ཁྱེད་ཀྱི་སྙིང་། ཁྱེད་ཀྱི་འཆར་སྣང་། ཁོར་ནེ་ལི་ཡ་ཧྥན་ཁི།

ཞ།
བྱ་བ་ལེགས་འགྲུབ་ཡོང་མཁན་གྱི་མི་ནི་གཞན་དག་གིས་ཁོང་གི་སྟེང་གཡུག་པའི་ས་ཕག་དག་བེད་སྤྱད་ནས་རྩིག་རྨང་འདིང་མཁན་སུ་གང་དེ་ཡིན། ཌ་ཝེ་ཌི་སྦི་རིན་ཁི་ལེ།

ཟ།
གྲུབ་འབྲས་ནི་ཐུབ་ཀྱི་རེད་ཟེར་བ་ལས་བྱུང་། ཐུབ་ཀྱི་མ་རེད་ཟེར་བ་ལས་མིན།

འ།
ཞོགས་པ་རེ་རེ་བཞིན། ཡར་མ་ལངས་སྔོན་གྱི་སྐད་ཆ་དང་པོ་དེ། ང་ལ་ཡིད་ཆེས་ཡོད་ཅེས་ཐེངས་གསུམ་ལ་ཟློས། ནོར་མན་ཝེན་སན་ཁྲི་ཕེར།

ཡ།
ནམ་རྒྱུན་དུ། རང་གི་ཞེད་སྣང་དེ་རྒྱབ་ཏུ་ཞོག རང་གི་རྨི་ལམ་དེ་མདུན་ལ་ཞོག

ར།
ཡིད་ཆེས། མུན་ནག་གི་ནང་དུ་འོད་ཡིན།
ཡིད་ཆེས། ཁེར་རྐྱང་གི་སྐབས་སུ་གྲོགས་ཡིན།
ཡིད་ཆེས། ཕམ་པའི་སྐབས་སུ་སྟོབས་ཤུགས་ཡིན།
ཡིད་ཆེས། ཞུམ་པའི་སྐབས་སུ་སྙིང་སྟོབས་ཡིན།
ཡིད་ཆེས། འགྲོ་ན་རྐང་པ་ཡིན།
ཡིད་ཆེས། ལས་ན་ལག་པ་ཡིན།
ཡིད་ཆེས། དང་པོའི་མགོ་འཛུགས་དང་ཐ་མའི་གྲུབ་འབྲས་ཡིན།
ཡིད་ཆེས། མི་ཚེའི་མིག་ཡིན། མདའ་ཚན་པ།

འགྱུར་རྩོམ།

Post navigation

Previous Post: སེམས་བསམ་པའི་ཁ་བརྡ་བོད་མི་སྤྱི་སྒེར་གཉིས་ལ་ཞུས་པ།
Next Post: མི་ཚེ།

Comments (5) on “རང་ཉིད་རང་ལ་ཡིད་ཆེས་དགོས།”

  1. མདའ་ཚན་པ། says:
    2012-06-11 at 6:49 pm

    ཏ། ཡོམ་འགུལ་ཅན་དེ་ས་ཡོམ་འགུལ་ཅན་ཞེས་བཅོ།

  2. ཟུར་གནས། says:
    2012-06-11 at 10:02 pm

    འབད་པ་བྱས་པར་ཐུགས་རྗེ་ཆེ། ཡིན་ནའང་། ཐད་སྒྱུར་མ་བྱས་པར་དོན་སྒྱུར་བྱས་ན་གོ་བ་ལེགས་པ་མི་ཡོང་ངམ་སྙམ།

    ལྷག་པར་དུ། ལེགས་བཤད་དང་གདམས་ངག་འདི་ཚོ་ལྟ་བུ་ཚིག་བཅད་ཐོག་བྲིས་ན། ཀློག་བདེ་བ་དང་གོ་བདེ་བ་མེད་འགྲོ་སྙམ།

    དཔེར་ན།

    བྱ་བ་ལེགས་འགྲུབ་ཡོང་མཁན་གྱི་མི་ནི་གཞན་དག་གིས་ཁོང་གི་སྟེང་གཡུག་པའི་ས་ཕག་དག་བེད་སྤྱད་ནས་རྩིག་རྨང་འདིང་མཁན་སུ་གང་དེ་ཡིན། ཌ་ཝེ་ཌི་སྦི་རིན་ཁི་ལེ།། ལྟ་བུ་ལ།

    མཁས་པས་གཞན་གྱིས་རང་ལུས་ལ།
    འཕངས་པའི་སོ་ཕག་ཡར་བླངས་ནས།
    རྒྱལ་ཁའི་རྨང་གཞི་འདིང་བ་ཡིན། ལྟ་བུ་སྒྱུར་ན་ཅི་འདྲ་རེད།

    དེ་མིན།

    རང་ཉིད་རང་ལ་ཡིད་ཆེས་པ་ལས་ལྷག་པའི་མཛེས་སྡུག་ཅིག་དེ་རུ་མེད། བསམ་ཁོ།། ལྟ་བུར།

    གང་དག་སོ་སོར་ཡིད་ཆེས་པ།
    དེ་ནི་སྐྱེ་བོ་དམ་པར་བརྩི།

    ཟེར་ན་ཇི་འདྲ་རེད། ངས་སྔོན་མ་དེ་ལྟ་བུའི་ལེགས་བཤད་མ་ཉུང་བ་བསྒྱུར་བ་ཡིན། ཚིག་ལྷུག་འབྲི་སྐབས། ལྷོག་མི་བདེ་བ། གོ་མི་བདེ་བ། ཉན་མི་བདེ་བ་བྱུང་སྟབས། རྗེས་མ་ཚིག་བཅད་ནང་ལ་ཚོད་ལྟ་བྱེད་སྐབས། ད་གཟོད་གཞན་གྱིས་གོ་བདེ་བ་འདུག་གསུངས་མྱོངས།

    ལྷག་པར་དུ། “Be the change that you want to see take place” ལྟ་བུ་སྒྱུར་སྐབས། ཤིན་དུ་དཀའ་ངལ་ཆེན་པོ་འདུག

    དཔེར་ན། འགྱུར་བ་གང་འདོད་པ་དེ་གྱིད་ལྟ་བུ་འགྱུར་ན་མི་འགྲིགས། དེར་བརྟེན།

    གཞན་ལ་སྐུལ་བར་འདོད་པའི་ཡོན་ཏན་གང་།
    དང་པོ་རང་གི་སྟེང་ལ་སློབ་པར་གྱིད་ལྟ་བུ་སྒྱུར་ན་གོ་རྒྱུ་ཆེ་སྙམ།

  3. འབྲི་ཆུ། says:
    2012-06-12 at 4:22 am

    བོད་ཡིག་ཐོག་བྲིས་པའི་ཚི་འདི་ཚོ་དབྱིན་ཡིག་ཡིན་ལེགས།

  4. གནམ says:
    2012-06-12 at 8:22 am

    ལྷག་པར་དུ། “Be the change that you want to see take place” ལྟ་བུ་སྒྱུར་སྐབས། ཤིན་དུ་དཀའ་ངལ་ཆེན་པོ་འདུག

    དཔེར་ན། འགྱུར་བ་གང་འདོད་པ་དེ་གྱིད་ལྟ་བུ་འགྱུར་ན་མི་འགྲིགས། དེར་བརྟེན།

    གཞན་ལ་སྐུལ་བར་འདོད་པའི་ཡོན་ཏན་གང་།
    དང་པོ་རང་གི་སྟེང་ལ་སློབ་པར་གྱིད་ལྟ་བུ་སྒྱུར་ན་གོ་རྒྱུ་ཆེ་སྙམ།

    དེ་འདྲ་ཞིག་ག་ལ་ཡིན། མ་ཚད་དཀའ་མོ་ཞིག་དེ་བས་ཀྱང་ག་ལ་ཡིན། ཉོན་དང་ངས་སྒྱུར་དགོས།
    སྒྱུར་ན་བསམ་ན་སྒྱུར་ནོ་བྱོས།
    མདུག་ལ་འདོད་ན་མདུག་ནོ་བྱོས།
    ཉན་ལ་འདོད་ན་ཉན་དུ་སོང་།
    འགྱུར་ན་འདོད་ན་སྒྱུར་མཁན་བྱོས།
    ལྟ་བུ་དཀའ་མོ་ཞིག་མ་རེད་མོ།
    ཟུར་གནས་ལགས།

  5. མདའ་ཚན་པ། says:
    2012-06-12 at 10:02 am

    འགྱུར་བ་འདོད་ན་གོ་སྐབས་འཛིན་དུ་རྒྱུགས།།
    འགྱུར་བ་དགོས་ན་ལག་ལེན་འདེབས་ལ་བརྩོན།།
    འགྱུར་བ་དགོས་ན་སྒྱུར་མཁན་རང་གིས་གྱིས།།
    འགྱུར་འདོད་ཁོ་ནས་འགྱུར་བ་ཡོང་ཐབས་བྲལ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme