Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་ཉིད་ཀྱི་དགོས་མཁོ་ལ་ཞེན་དྲགས་པའི་དབང་གིས།

Posted on 2013-09-262013-09-26 By ཁ་བརྡ་ 1 Comment on རང་ཉིད་ཀྱི་དགོས་མཁོ་ལ་ཞེན་དྲགས་པའི་དབང་གིས།

ཨ་དམར་པོ།

བྱ་སྐྱ་ཀ་མོ་ཤིང་སྡོང་ཡལ་ཀའི་གསེབ་གྱི་རང་གི་ཚང་མལ་ལ་དུང་བ་དང་བརྩེ་བས་ཁེངས་ཡོད། ཉིན་ལྟར་ཞོགས་པར་ཁ་ཟས་འཚོལ་བར་ཕྱི་རོལ་ལྗོངས་གང་སར་འཕུར་སྐྱོད་ཀྱིས་དུས་འདའ་བཞིན་ཡོད་ནའང་། དགོང་མོར་ངེས་པར་དུ་རང་གི་ཚང་མལ་དྲོད་ཁོལ་ཅན་དེར་ཕྱིར་ཡོང་ངེས། ཚང་མལ་དེ་ནི་སྐྱ་ཀ་མོར་མཚོན་ན་ནམ་ཡང་བསྐྱུར་མི་ཐུབ་པའི་ཁྱིམ་གཞིས་ཡིན། དུང་བ་ཟབ་ལ་བརྩེ་བ་མཐུག ཡིད་ཆེས་ཡོད་ལ་རེ་ལྟོས་ཆེ། དྲོད་ཁོལ་ལྡན་ལ་སྤྲོ་སྐྱིད་མངའ་བས་ཚང་མལ་དེ་ནི་མོར་བདག་པའི་ལྷའི་ཁང་བཟང་ལྟ་བུ་ཡིན་ལ། ཤིང་སྡོང་དེ་ནི་མོའི་ཚང་མལ་བཅའ་སའི་རྟེན་ཕུར་ལྟ་བུ་རེད། དེའི་རི་རྒྱུད་ཀྱི་རྩ་ཆུ་ཤིང་གསུམ་དང་། ས་རྡོ་རི་བྲག་སོགས་ཡུལ་འཁོར་ཕུན་ཚོགས་ཐམས་ཅད་མོ་ལ་བདག་པའི་ཚོར་སྣང་དང་། ལས་ཀྱིས་བསྐོས་པའི་ཐོབ་སྐལ་འབའ་ཞིག་ཏུ་སྒོམ་གྱི་ཡོད།

ཉིན་ཞིག་སྟབས་མ་ལེགས་པའི་རྐྱེན་གྱིས་རང་གི་ལུས་ལས་བྱུང་བའི་སྒོ་ང་གཅིག་ཚང་མལ་ནས་མར་ཟགས་ཏེ་རྡོ་ལ་བརྡབ། བྱ་སྒོང་རྡོ་ལ་བརྡབ་པའི་དཔེ་བཞིན་སྒོ་ངའི་ནང་གི་སེར་ཐིག་ཀྱང་མི་སྣང་བར་གྱུར་ནས་སྒོང་ཕྱིའི་ཆག་དུམ་རེ་ལས་གཞན་རྡོ་ལ་གཤེར་ཞིང་། རྩ་གསེང་དུ་ཐིམ་འདུག “ཀེག””ཀེག”སྐྱ་ཀ་མོས་ཡོད་ཚད་ཤོར་སོང་བ་ལྟར་དངངས་སྐྲག་དང་། ཕངས་སེམས་ཆེན་པས་སྐྱོ་གདུང་གི་མིག་ཆུ་གཏོར་བཞིན་ངུ་ངག་གི་འོ་དོད་བོས་ནས་རྡོ་ཆེན་དེའི་སྟེང་ལ་གཤོག་བརྡབ་ཐེངས་མང་བྱས། ཡིན་ནའང་། དངོས་པོ་ཐམས་ཅད་འཇིག་པའི་ཆོས་ཅན་ཡིན་པས་འཇིག་ཟིན་པ་སླར་འགྲུབ་ཀྱི་ཆོས་ཉིད་ག་ལ་ཡོད། ཡིན་ནའང་། མ་བུའི་བརྩེ་དུང་གི་བཟི་ཁ་རྒོད་དྲག་པས་རང་སྲོག་གཅོད་པའི་སྡུག་བསྔལ་ཀྱི་ཚད་ལ་སླེབས་འདུག ཡིན་ནའང་། ཤོར་ཟིན་པའི་སྒོ་ང་གཅིག་པོ་དེའི་དོན་ལ་རང་སྲོག་འདོར་མི་རུང་། ད་དུང་ཚང་མལ་ན་བདེ་འཇགས་ངང་ལུས་ཡོད་པའི་སྒོ་ང་རྣམས་ཀྱི་ཚེ་སྲོག་མོར་བརྟེན་ཡོད་པས་སྐྱ་ཀ་མོས་ཤིང་སྡོང་ཡལ་ཀའི་གསེབ་ན་ཡོད་པའི་ཚང་མལ་ལ་ཕྱི་མིག་བྱེད་ཐེངས་རེ་རེར། ལྷག་ཡོད་པའི་སྒོ་ང་རྣམས་སྲོག་དང་བྲལ་ཀྱང་བར་ཆད་མ་བྱུང་བ་བྱེད་རྒྱུའི་དམ་བཅའ་བརྟན་ནས་བརྟན་པོར་གྱུར་ཏེ་ཚང་མལ་དུ་འཛུལ། རྣམ་རྒྱུན་ཞོགས་པ་ནས་ས་མ་རུབ་བར་དུ་རང་དབང་ངང་མཛེས་ལྗོངས་ཀྱི་བྲོ་བ་མྱོང་བཞིན། ཅི་བསམ་གང་འདོད་ཀྱིས་དུས་ཚོད་སྐྱེལ་ཀྱིན་སྤྲོ་དགའི་དཔའ་ལ་རོལ་བ་སྐྱ་ཀ་མོའི་འཚོ་བའི་གོམས་གཤིས་རེད།

སྒོ་ང་རུམ་པའི་དུས་ཚོད་སླེབས་པ་ནས་ཁོ་མོས་ཉིན་མཚན་དུས་དྲུག་ཏུ་ཚང་མལ་གྱི་སྒོ་ངར་འཁྲེང་ནས་བྱ་ཕྲུག་ཏུ་མ་གྱུར་བར་གྱི་རྒྱུན་རིམ་རིང་མོ་ནང་ལ་དཀའ་བ་ཁྱད་བསད་ཀྱིས་ཨ་མའི་འགན་འཁྲི་འཁུར་ཐུབ་པ་བྱས། འཐུས་ཤོར་ཅི་ཡང་མ་བཏང་བར་ཨ་མས་བུ་ཕྲུག་གསོ་བའི་ཚད་གཞི་ནི་ཤེས་ལྡན་མི་ལས་ཀྱང་མཐོ་ལ། མི་ལོ་བཅོ་བརྒྱད་མ་ཟིན་པར་དུ་ཕ་མས་གཉོར་སྐྱོང་བྱེད་དགོས་པའི་སྒྲིག་ཁྲིམས་མེད་ནའང་། རི་ལ་སོང་ནས་ཕྲུ་གུའི་ཁ་ཟས་རྣམས་རང་གི་ཁ་ནང་དུ་ཁུར་ཏེ། ཚང་མལ་སྒོ་ཁར་ཁ་གདང་ནས་འཚང་ཁ་བྱེད་བཞིན་པའི་བྱ་ཕྲུག་རེ་རེ་ལ་མ་བུའི་བརྩེ་དུང་གི་ཉམས་འགྱུར་དང་ལྷན་དུ་ལྷོད་ཀྱིས་སྤྲད་དེ། ལྟོགས་སྐོམ་གྱི་ཚོར་ཟུག་སྐད་ཅིག་ཀྱང་སྐྱེས་སུ་བཅུག་མ་མྱོང་། རང་ཉིད་ཀྱི་དགོས་མཁོ་ལ་ཞེན་དྲག་པའི་ཕྱི་ཐག་གི་བསམ་གཞིགས་གང་ཡང་མེད་ནའང་། གཤོག་རྩ་རྣག་གིས་ཟིན་ཀྱང་། གཤོག་སྒྲོ་རླུང་གིས་བཅད་ཀྱང་ཨ་མའི་འོས་འགན་ལ་ཕོག་ཐུག་ཤོར་མི་དཔེ། མ་བུའི་བརྩེ་དུང་ལ་གས་ཆག་ལྷུང་མི་སྲིད། གཤོག་རྩལ་རྒྱས་ནས་ཚང་དུ་མ་འཕུར་བར་དེ་ལྟར་གཉོར་སྐྱོང་དང་། མ་བུའི་བརྩེ་དུང་གི་རོ་དྲི་མྱངས། ཡིན་ནའང་། དུད་འགྲོ་ཡིན་པས་ཚང་མལ་དང་ཁ་གྱེས་པ་ནས་མ་བུའི་འདུ་ཤེས་དང་དཀའ་དྲིན་ཕྱིར་དྲན་གྱི་བསམ་བློ་ཤིག་ག་ལ་ཡོད། འབྲེལ་མེད་སོ་སོ་བར་གྱུར། དུས་དེ་ནས་བཟུང་ཕྱི་ཐག་གི་སྐུད་པ་ཆད་ནའང་དེ་ནི་གླེན་ཞིང་ལྐུགས་པའི་དུད་འགྲོ་ཁྱད་ཆོས་ཅི་ལ་མིན།

སྐྱ་ཀ་མོ་འདིའི་མ་བུའི་འབྲེལ་བ་ལས་ང་ཚོའི་ཤེས་ཐུབ་པ་ནི། དོན་ངེས་ལ་མ་བུའི་འབྲེལ་བ་དང་། མ་བུའི་བརྩེ་དུང་ནི་རང་བྱུང་ཆོས་ཉིད་ཡིན་པ་ལས་དགོས་མཁོ་འབའ་ཞིག་མ་ཡིན་པ་རྟོགས་ཐུབ་མོད། ཡིན་ནའང་། དེང་སང་ཤེས་ལྡན་མི་ཁྱུ་གཅིག་གི་བྱ་སྤྱོད་ལས་མ་བུའི་འབྲེལ་བ་དང་བརྩེ་དུང་ནི་རང་བྱུང་ཆོས་ཉིད་ཡིན་པ་རྟོགས་མི་ཐུབ་སྟེ། དགོས་མཁོ་འབའ་ཞིག་གི་འབྲེལ་བ་དང་བརྩེ་དུང་ཡིན་པ་ཤེས་ཐུབ། ཆེས་གཅེས་པའི་ཅ་དངོས་ཤིིག་མཁོ་སྒྲུབ་བདག་གཉེར་བྱས་པ་དང་ཁྱད་པར་ཅི་ཡང་མེད་ལ། བུ་ཕྲུག་གསོ་གཉོར་ཅི་ཞིག་གི་ཆེད་དུ་བྱེད་ཀྱི་ཡོད་པའི་་དགོས་མཁོའི་ཕུགས་འདུན་གྱིས་བུ་ཕྲུག་དེའི་རིན་ཐང་ཐག་གཅོད་བྱེད་པ་ལས་བུ་ཕྲུག་ཚོའི་མི་ཚེ་ཕུགས་བསམ་གྱིས་བུ་ཕྲུག་ཚོའི་རིན་ཐང་ཐག་གཅོད་བྱེད་དགོས་པ་དྲན་གྱི་མེད། ཨ་མ་ནི་རྩ་ཆེན་འགངས་ཆེན། སྲོག་སྐྱོབ་དྲིན་ཅན་ཡིན་པ་སོགས་བུ་ཕྲུག་གི་རྣ་བར་ལྡུག་གང་ཐུབ་བྱེད་བཞིན། སེམས་ཅན་གཞན་གྱི་ཨ་མ་དང་མ་འདྲ་བར་ཕྱི་ཐག་གི་བརྩེ་དུང་ཡོད་པ་དང་། ཕུགས་བསམ་གྱི་བསམ་གཞིགས་ཡོད་ཅེས་བུ་ཕྲུག་ཚོའི་ཞེ་མིག་ལ་རང་ཉིད་ནི་ཁོ་པ་ཚོའི་ཅི་ཡང་ཡིན་པ་ལྟ་བུར་བཞེངས་ཏེ། རང་ཉིད་ཀྱི་བྲན་གཡོག་ལྟ་བུ་བཟོ་འཆར་བྱས།

ཡིན་ནའང་། ཕྱི་ཐག་གི་མཇུག་མ་ཆད་དེ། མི་ལོ་བཅོ་བརྒྱད་ནས་མ་བུ་འབྲེལ་མེད་སོ་སོར་གྱེས། བྲན་གཡོག་བྱ་རྩིས་ཀྱི་འཆར་གཞི་འཕྱུགས་ཏེ། རྒན་གསོ་ཁང་ནི་ནམ་མཁའི་སྐར་ཚོགས་ལྟར་སྤྱི་ཚོགས་ཡོངས་ལ་ཁྱབ་ཡོད། ད་དུང་འཛམ་གླིང་ཡུལ་གྲུ་མང་པོར་མ་བུའི་འབྲེལ་བ་དང་བརྩེ་དུང་གིས་བུ་ཕྲུག་རྣམས་སྲུང་སྐྱོབ་བྱེད་མ་ཐུབ་པར་རྒྱལ་ཁབ་སོ་སོའི་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་དགོས་བྱུང་། འདིས་མ་བུའི་འབྲེལ་བ་དང་བརྩེ་དུང་གི་གནས་བབ་གསལ་མཚོན་བྱེད་ཐུབ། དགོས་མཁོ་འབའ་ཞིག་ཏུ་གྱུར་བའི་རྐྱེན་གྱིས་མ་བུའི་འབྲེལ་བ་དང་བརྩེ་དུང་ལ་བསམ་མི་ཕོད་པ་དང་། བཤད་མི་ཤེས་པའི་གོད་ཆག་གི་མཇུག་འབྲས་སྨིན་གྱིན་ཡོད། འདི་ཐམས་ཅད་མདོར་བསྡུས་ན་རང་ཉིད་ལ་གཅེས་དྲགས་ཏེ་རང་ཉིད་ཀྱི་དགོས་མཁོ་འབའ་ཞིག་གི་ཆེད་དུ་ཅི་ཡང་བྱེད་སྲིད་པའི་ཆོད་སེམས་གླེན་པ་དེ་དང་། ཅི་ཡང་བྱེད་པའི་ངེས་པའི་བྱ་བྱེད་སྨྱོན་ཧམ་ཅན་དེ་རྒྱ་ཡན་དུ་ཤོར་བས་རེད། གཞན་ཕན་གྱི་བསམ་བློ་ཡང་དག་རེ་དང་། བརྩེ་དུང་གི་སེམས་བྱུང་རྣལ་མ་རེ་ཁུར་མ་ཐུབ་པས་ཅི་ལའང་མིན། རང་ཉིད་ཀྱི་དགོས་མཁོ་འབའ་གིས་འཇིག་རྟེན་གྱི་ཡོད་ཚད་ཐད་གཅོད་མ་བྱེད་རོགས། འགྲོ་བ་མིའི་རིགས་ཀྱི་མི་ཚེའི་འཚོ་བ་ལ་གནས་ལུགས་ཀྱི་བློས་གཏོང་རེ་ཀྱང་མཁོ་གལ་ཆེའོ།།

རྩོམ་རིག

Post navigation

Previous Post: ཨེ་མ་ཧོའི་ཁྱད་ཆོས་སྙིང་ཐིག་སྙིང་གི་མེ་ལོང་ཞེས་བྱ་བ།
Next Post: པཎ་ཆེན་རིན་པོ་ཆེ་དང་ཞིས་ཅིན་ཕིན་གྱི་ཕ་མ། པར།

Comment (1) on “རང་ཉིད་ཀྱི་དགོས་མཁོ་ལ་ཞེན་དྲགས་པའི་དབང་གིས།”

  1. བོད་ཡིག་སྐྱབས། says:
    2013-09-27 at 6:30 am

    ཚེ་སྟོད་ཕ་མའི་རེས། ཚེ་སྨད་ཕྲུ་གུའི་རེས།
    བྱམས་སྐྱོང་རེས་མོས་འདི། མཛའ་བརྩེ་བཀའ་དྲིན་ལས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme