Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་གིས་རང་ལ་སྙན་ངག་བྲིས་ན།

Posted on 2017-03-272017-03-27 By ཁ་བརྡ་ No Comments on རང་གིས་རང་ལ་སྙན་ངག་བྲིས་ན།

unnamed-1—-འབའ་སྲས།

 
སེམས་ན་སྡུག་ཆེ་ཁོག་ན་མེ་འབར།།
གདོང་ན་འཛུམ་དགོད་རྔུལ་ཆུའི་ཕྲེང་བསྟར།།
སེམས་ཀྱི་སྡུག་བསྔལ་གདོང་གིས་མི་སྟོན།།
འབའ་སྲས་ང་ཡི་ཐུན་མིན་ཁྱད་ཆོས།།

དཔྱིད་ཀྱི་མེ་ཏོག་འཛུམ་མེར་བཞད་དུས།།
སྤྲིན་དཀར་འདབ་མ་མཁའ་ནས་འཕུར་དུས།།
སྙན་ངག་དོན་ལ་ཡོད་ཚད་གཏོང་མཁན།།
འབའ་སྲས་རྒད་པོ་དགོད་སྒྲ་ལྷང་ལྷིང་།།

མཚམས་རེར་མཐོང་ན་ལྐུགས་པར་འདྲ་བ།།
ལན་རེར་ཐུག་ན་གླེན་པ་གླེན་ནག །
གཡང་དཀར་ལུག་གི་བལ་དང་མཚུངས་པའི།།
འབའ་སྲས་གཤིས་རྒྱུད་འཇམ་པོ་བལ་ཡིན།།

རྒད་མོའི་མདུན་ནས་ཉམ་ཆུང་ཉམ་ཆུང་།།
བུ་ཕྲུག་སྔུན་ནས་ཡ་རབས་ཡ་རབས།།
ཕྱི་ལ་ཤོར་ན་མ་རབས་མ་རབས།།
འབའ་སྲས་མི་འདི་དཔྱད་པས་མི་ཁེད།།

ཆབ་དཔལ་རིག་གསུམ་ཐད་ནས་སྡར་མ།།
ཆང་དུ་མཛེས་མ་བཅོམ་པའི་དཔའ་བོ།།
ཇ་ཆང་འཛོམས་ས་ཚང་གི་གཞི་བདག །
འབའ་སྲས་མི་འདིར་གླེང་ན་མི་ཚར།།

སྐྲ་ལ་བལྟས་ན་ལོ་ལོན་རྒད་པོ།།
ལུས་རྩལ་རྩེས་ན་ན་གཞོན་དར་མ།།
བུད་མེད་སྙིང་རྩ་གཅོད་པའི་སྟ་རེ།།
འབའ་སྲས་མྱི་འདི་གྲི་མ་མདུང་ཡིན།།

དགྲ་དགའ་གཉེན་སྡུག་བྱ་བ་མི་བྱེད།།
ཆུང་མ་བུ་ཕྲུག་འགྲམ་ལྕག་མི་སྟེར།།
སྐུ་རླུང་བཞེངས་ན་ཕ་མ་ཡིན་ཡང་།།
སྣ་ཁུང་ནང་ནས་ཧུར་སྒྲ་འབྱིན་ན།།

གཟུགས་པོ་དབྱར་རྩྭ་དགུན་འབུར་འདྲ་བ།།
ཐོད་པ་ཉི་མའི་དཀྱིལ་འཁོར་དང་མཚུངས།།
ལྭ་བ་ཅ་དག་གོན་ནས་སོང་ན།།
གསར་བུ་མང་བོའི་གྲས་ནས་ལྷིང་ཡིན།།

ཝུ་ཆང་འཐུང་ན་ཕོ་བ་ཞབས་མེད།།
ལ་གཞས་བླང་ན་མགྲིན་པ་འགག་མེད།།
སྙན་ངག་བྲིས་ན་མཛུབ་མོ་ཟད་མེད།།
འབའ་སྲས་ལུས་ལ་ལྕགས་ཀྱི་སྲོག་ཡོད།།

མིག་གིས་རྒྱང་བལྟས་རི་བོ་མི་མཐོང་།།
ཐག་ཉེར་ཅེར་ཡང་ཡིག་ནོར་མི་རིག །
ཐག་རིང་ཐག་ཉེ་རིང་ཚད་མེད་པའི།།
འབའ་སྲས་མྱི་འདིར་ཉེ་རིང་ཁྱད་མེད།།

ལ་ལས་འུར་བསྟོད་འབའ་སྲས་མཁས་ཟེར།།
ལ་ལས་དམའ་འབེབས་འབའ་སྲས་བླུན་བརྗོད།།
ཚང་མས་གླེང་དང་མ་གླེང་ཅི་བྱ།།
འབའ་སྲས་ང་རང་ལྐོག་ཏུ་གྱུར་མེད།།

འོ་མ་འཐུང་ན་རྩ་ཁ་དམ་འགྲོ །
ཆང་རག་བཏུང་ན་ལྕེ་གཏིང་ལྷོད་འགྲོ །
ཆང་དང་འོ་མ་བདུད་རྩིར་མཐོང་མཁན།།
འབའ་ཡི་སྲས་པོ་ཁ་སྒང་བསམ་གཏན།།

༢༠༡༧/༠༣/༢༧ རང་ཁྱིམ་ནས་དེ་མ་ཐག

སྙན་ངག

Post navigation

Previous Post: ཁེར་རྐྱང་བ། ཆང་འཐུང་ཨང་།
Next Post: ཀླུ་མཁར་བྱམས་ནུབ་ཕྱོགས་སུ་འགྲོ་འདོད་ཀྱི་ཆབ་སྲིད་རིགས་ལམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme