Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་གི་བུ་ལ་གདམས་པ།

Posted on 2018-08-08 By ཁ་བརྡ 1 Comment on རང་གི་བུ་ལ་གདམས་པ།

དུར་བྱང་གིས་བརྩམས།
 
སྐྱེས་ནས་འཆི་བར་མངོན་དུ་ཕྱོགས།།
དུས་བཞིའི་ངོ་བོ་ཉིད་དང་མཚུངས།།
རྨི་ལམ་ལྟ་བུའི་ཁང་བཟང་ལས།།
རྟག་པར་སྡོད་པ་འཁྲུལ་བའི་གཞི།།

འོན་ཀྱང་འཚོ་བའི་གནས་སྐབས་སུ།།
མེས་པོའི་གཤིས་ལ་འབད་པར་གྱིས།།
ཤེས་བྱའི་སྦྲང་རྩིའི་བཅུད་འཐུང་ནས།།
གངས་རིའི་ལྗོངས་ལ་རྟག་ཏུ་སོམས།།

རྟེན་འབྲེལ་ཟབ་མོའི་ཆོས་ཉིད་ལས།།
ཁྱོད་ཀྱང་གནས་འདིར་སྐྱེས་པ་ཉིད།།
འདོད་དང་མི་འདོད་ཅི་ལྟར་ཡང་།།
གནད་འདིར་ཡོལ་བ་ཆ་ཙམ་མེད།།

ཁྱོད་ནི་གང་དུ་གནས་ཀྱང་རུང་།།
ཅུང་ཙམ་འཚར་བའི་དུས་ཚོད་ལ།།
རིགས་མཐུན་ཁྱུ་དང་ཁྱུ་བྱས་ནས།།
རྣམ་གཡེང་ལེ་ལོར་རིང་དུ་གྱེས།།

མགོ་འཕང་ཨེན་ཙམ་མཐོ་བར་བྱོས།།
སེམས་པ་རྟག་ཏུ་བསྒྲིམ་པར་བྱོས།།
མེས་པོའི་བྱུང་བ་བཀླག་པར་བྱ།།
རང་ངོ་རང་གིས་ཟིན་པར་གྱིས།།

ད་ནི་བྱུང་རབས་ཅུང་ཙམ་བྲི།།
རྣ་པ་བླགས་ཏེ་ཉན་པར་བྱ།།
ཐོག་མར་རང་ཉིད་སྡོད་ས་རུ།།
ལག་མཐིལ་ཙམ་གྱི་ས་ཡང་མེད།།

འདི་ནི་ཁྱོད་ཀྱི་ལས་སྐལ་ཡིན།།
འདི་ནི་ཐོག་མའི་གཞི་འཛིན་ཡིན།།
འདི་ལས་འཕྲོས་པ་བྱུང་རབས་ཡིན།།
འདི་རུ་བསྐུངས་པ་ལོ་རྒྱུས་ཡིན།།

གདོད་མའི་སྐབས་དག་བསྐྱུང་བར་བྱ།།
བཙན་པོའི་དུས་ཀྱང་བསྐྱུང་བར་བྱ།།
ཁྱོད་ནི་ན་ཚོད་སྨིན་པའི་སྐབས།།
ཞིབ་ཏུ་བཀླག་ནས་ཤེས་པར་གྱིས།།

བཅུ་ཕྲག་འགའ་ཡི་སྔ་རོལ་དུ།།
གངས་རིའི་ཁ་མདོག་ཁྲག་ཏུ་བསྒྱུར།།
གླེགས་བམ་རི་ཡི་བོངས་ཚད་རྣམས།།
མེ་ལ་བསྲེགས་ཤིང་ཆུ་ལ་བསྐུར།།

ལྷ་ཁང་བཤས་རའི་ཚུལ་དུ་བྱས།།
བླ་གྲྭ་གཡོག་པོའི་ཚུལ་དུ་བྱས།།
མི་རྣམས་དུད་འགྲོའི་ཚུལ་དུ་བྱས།།
བོད་ཁམས་དམྱལ་བའི་ཚུལ་དུ་བྱས།།

བཀྲེས་པ་སྐོམ་པའི་སྟངས་ཀ་དག།
ལྟ་བར་བཟོད་པ་སུ་ཞིག་མཆིས།།
མུག་ཤི་ཐེབས་པ་ག་ཚོད་ཙམ།།
གྲངས་ལ་འགྲན་པ་ཁོ་ནར་ངེས།།

སྐབས་དེར་བཅུ་དྲུག་ན་ཚོད་ཅན།།
གངས་རི་དཀར་པོ་ཕྲག་ཏུ་བཞེས།།
ཉི་མ་ཟླ་བར་ཕྱག་ཟུང་བརྐྱངས།།
སྣང་བའི་ཟེར་མ་ཕྲ་ཙམ་བྱུང་།།

དགྲ་བོའི་འདོད་རྔམ་མ་རྫོགས་པས།།
གངས་རི་མུན་པའི་གནས་ལ་བཀོད།།
ཁྱེའུ་ཐབས་མཁས་ཐུགས་རྗེ་ཅན།།
མི་ཡུལ་ལུང་བར་ཞལ་ཁ་བསྒྱུར།།

ད་ནི་གཞིས་བྱེས་གཉིས་སུ་གྱེས།།
སྐྱོ་གར་རིང་མོ་ད་དུང་མྱངས།།
ཁྱེད་ཅག་བྱིས་པའི་ན་ཚོད་ཅན།།
འབྱུང་འགྱུར་འདི་ལས་ཡོལ་མ་འགྱུར།།

ཁྱོད་ཀྱི་བསྐྱེད་བྱ་སྐྱེད་བྱེད་ལ།།
རེ་བ་འདི་ལས་གཞན་མ་མཆིས།།
དྲིན་ལ་དྲིན་གཟོ་མེད་ཀྱང་བླ།།
རིགས་ཀྱི་འདུ་ཤེས་འདོར་མི་བྱ།།

2018.07.28 ཉིན་དུར་བྱང་གིས་བརྩམས།

སྙན་ངག

Post navigation

Previous Post: དྲི་མེད་སེམས་ཀྱི་མཆོད་པ།
Next Post: རོ་ཐང་།

Comment (1) on “རང་གི་བུ་ལ་གདམས་པ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2018-08-08 at 5:31 am

    ཕ་བཟང་མཁས་པའི་གདམས་པ་ལ། །
    རིགས་བཟང་བུ་མོའི་རྣ་བར་འཇེབས། །
    ཁ་རྡ་དྲ་བར་བཀོད་པ་ལས། །
    ཀརྡོ་ངས་ཀྱང་ཐང་ཅིག་བཀླགས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme