Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ར་སེ་སོཊ་ཀྱིས་འཇིག་རྟེན་མཐའ་མེད་པ་དེ་གནམ་རིག་པས་ར་སྤྲོད་བྱེད་པའི་སྐོར།

Posted on 2013-02-162013-02-16 By ཁ་བརྡ་ 12 Comments on ར་སེ་སོཊ་ཀྱིས་འཇིག་རྟེན་མཐའ་མེད་པ་དེ་གནམ་རིག་པས་ར་སྤྲོད་བྱེད་པའི་སྐོར།

ཧི་མ་ལ་ཡའི་འཕྲུལ་སྨྱུག

གོང་དུ་འབྲི་གུང་གི་མཁས་པ་ར་སེ་དཀོན་མཆོག་རྒྱ་མཚོ་སོགས་ཀྱིས། སངས་རྒྱས་པས་འཇིག་རྟེན་མཐའ་མེད་དུ་བཤད་པ་དེ། དོན་ལ་གནས་པའི་ར་སྤྲོད་དེང་གི་གནམ་རིག་པས་བྱེད་ཀྱིན་ཡོད། ༼ཅེས་གསུངས་འདུག་པ་དེ་ནི། བདེན་པའི་གཏམ་དུ་ཤེས་དགོས་པ་ལ་དོན་ཚན་རྣམ་པ་གཉིས་ཡོད་དེེ། དང་པོ། འཇིག་རྟེན་ལ་མཐའ་མེད་ཅེས་པ་དེ། འཇིག་རྟེན་འདི་སྒྲུབ་གཞིའི་རྒྱུན་ལ་གོ་དགོས་ཀྱི་ཡོད་ན་ནི། ཁྱེད་ཀྱི་འགས་གཏོར་ཆེན་མོའི་རིག་འདྲའི་རྒྱུན་དེ་ལའང་བསམ་བློ་ཞིག་གཏོང་དགོས་ཤིང༌། ཤེས་བྱའི་ལང་ཚོ་ཞེས་པའི་དེབ་དེའི་ནང་དུ་ནི། འཇིག་རྟེན་ཁམས་ཆེན་པོ་འདིའི་རྒྱུན་ཐོག་མ་མེད་པའི་དུས་ནས་ཡོད་ཅིང༌། ཞེས་པས་ཀྱང་གྲུབ་ལ།
གཉིས་པ། འཇིག་རྟེན་ལ་མཐའ་མེད་ཅེས་པ་དེ། གླིང་འདི་དང་འདི་འདྲ་བ་མཐའ་ཡས་པ་ལ་གོ་དགོས་ཀྱི་ཡོད་ན་ནི། ཤེས་བྱའི་ལང་ཚོ་ཞེས་པའི་དེབ་དེའི་ནང་དུ། ད་ལྟ་རང་རེ་གང་དུ་གནས་པའི་འཇིག་རྟེན་ Galaxy འདི་ནི་འོ་མའི་ལམ་ཞེས་པའི་སྐར་འདུས་འཇིག་རྟེན་གྱི་ཁམས་ཞེས་པ་འདི་ཡིན་ལ། གཟའ་སྐར་ཚན་རིག་པས་ཆེས་ནུས་ཤུགས་ཅན་གྱི་ཆེ་ཤེལ་ཐོག་བརྟག་ཞིབ་བྱས་པར། རང་རེའི་འཇིག་རྟེན་འདི་བརྒལ་བའི་མཁའ་དབྱིངས་ཁྱོན་དུ། ད་དུང་རང་རེའི་འཇིག་རྟེན་ Galaxy འདི་དང་འདྲ་བའི་སྐར་འདུས་འཇིག་རྟེན་ས་ཡ་བརྒལ་བ་རྙེད་ཚུལ་བཤད། ཅེས་པ་དང༌། ཡང་དེབ་དེའི་ཉི་ཟླ་གཟའ་འཛིན་གྱི་སྐབས་སུ། ང་ཚོའི་སྐར་དུས་འཇིག་རྟེན་ Miky Way Galaxy འདི་བརྒལ་ཏེ། མཁའ་དབྱིངས་ཁྱོན་དུ་ད་དུང་སྐར་འདུས་འཇིག་རྟེན་དུང་ཕྱུར་མང་པོ་ཡོད་ཚུལ་བཤད་ལ། ཞེས་པ་དང༌། མཁའ་དབྱིངས་ཁྱོན་དུ་ཡོད་པའི་སྐར་དུས་འཇིག་རྟེན་རེ་རེའི་ཁྱོན་དུའང༌། སྐར་མ་དུང་ཕྱུར་བརྒལ་བ་ཡོད་ཅིང༌། ཞེས་པ་དང༌། ཁྱེད་ཀྱིས་རྩོམ་འདིའི་འོག་ཏུའང༌། (དགུ་ཚིགས་ཁྱིམ་རྒྱུད་ནང་དུ་དེ་འདྲའི་སྐར་ཁྱིམ་ཐེར་འབུམ་མང་པོ་ཡོད། མཐའ་ཡས་པའི་ནམ་མཁའི་ཁམས་སུ་དགུ་ཚིགས་ཁྱིམ་རྒྱུད་ལྟ་བུའི་སྐར་ཁྱིམ་ཆེན་པོ་ཐེར་འབུམ་གཅིག་ཙམ་ཞིག་རྒྱང་ཤེལ་བརྒྱུད་ནས་དངོས་སུ་མཐོང་ཐུབ་ཡོད།) ཅེས་པ་ལ་དཔག་ན། ད་དུང་ཚད་གཞི་ངེས་བརྟན་ཞིག་མེད་པར་བརྟེན། སངས་རྒྱས་པས་འཇིག་རྟེན་ལ་མཐའ་མེད་དུ་བཤད་ཅེས་པ་དེ་དོན་དང་ལྡན་པར་གྱུར་རོ།།༽

དཔྱད་རྩོམ།

Post navigation

Previous Post: རང་བཙན་ཁ་གསལ་བཟོ་བའི་དུས་ལ་སླེབས་འདུག
Next Post: སང་ཉིན་གསར་འགོད་གསལ་བསྒྲགས་ཡིན།

Comments (12) on “ར་སེ་སོཊ་ཀྱིས་འཇིག་རྟེན་མཐའ་མེད་པ་དེ་གནམ་རིག་པས་ར་སྤྲོད་བྱེད་པའི་སྐོར།”

  1. མངར་སྐྱུར་ says:
    2013-02-17 at 12:01 am

    སངས་རྒྱས་པས་འཇིག་རྟེག་འདི་མཐའ་མེད་ཅེས་པ་དེ་དཔག་མེད་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་གསུངས་ཡོད་དམ་ཡང་ན་བདག་ཅེས་པ་དེའི་རྒྱུན་མཐའ་ཡོད་མེད་སྐོར་ཡིན།

  2. འོད་གསལ says:
    2013-02-17 at 1:55 am

    ཀྱེ་མ། བོད་ཀྱི་མཁས་པར་གྲགས་པ་མང་བོ་ཞིག་གིས་དཔེ་ཆ་ཅུང་ཤེས་པར་བསྙད་བཏགས་ནས། ཚན་རིག་ཁུངས་དག་པོ་ཞིག་མི ཤེས་བཞིན་དུ་ད་དུང་དེའི་སྐོར་ལ་བཤད་པ་མང་བོ་བཤད་ཀྱི་འདུག །

  3. འོད་གསལ says:
    2013-02-17 at 2:17 am

    དེང་སང་དུས་ངན་པ་ཞིག་སླེབས་ཚར་ཡོད་ས་རེད། དཔེ་ཆ་ཅུ་ཙམ་ཤེས་ནས་རྩོམ་རྙག་རྙོག་འབྲི་མཁན་ཚོ་ལ་མཁས་པ་འབོད་སྲོལ་ཞིག་དར་འདུག །ཚན་རིག་གི་རྨང་གཞི་ཙམ་ཡང་མི་ཤེས་པར་གཞན་གྱི་ངག་ནས་གོ་ལོ་ཐོས་ལོ་ཡོད་པར་བརྟེན་ནས། ཚན་རིག་དང་ནང་བའི་སྐོར་ལ་འགྲེལ་བཤད་རྒྱག་ཁུལ་བྱས་ཏེ། ཤེས་ཡོན་མེད་པའི་བོད་མི་ཚོའི་སེམས་ལ་ཡ་མཚན་སྐྱེ་འཇུག་གི་ཡོད། དེང་སང་བོད་ནས་མཁན་པོ་སོགས་ཀྱི་མིང་ཁུར་མཁན་ཁ་ཤས་ཚན་རིག་དང་ནང་ཆོས་ཀྱི་འབྲེལ་བའི་སྐོར་རྩོམ་རྙོག་མང་བོ་བྲིས་པ་མཐོང་། དེ་ཚོའི་ནང་ལ་ནོར་འཁྲུལ་གང་མང་འབྱུང་བཞིན་ཡོད་ཀྱང་། བོད་མི་མང་ཆེ་ཤོས་ཀྱིས་མགོ་རྨོངས་ནས་ཧ་གོ་གི་མེད།

  4. འོད་གསལ says:
    2013-02-17 at 2:30 am

    དེ་ཚོས་ཚན་རིག་ཤེས་པ་ལྟ་ཞོག །ཐ་ན་ཚན་རིག་གི་བརྡ་ཆད་ལས་སླ་བོ་ཞིག་ཀྱང་ཤེས་ཀྱི་མི་འདུག་སྟེ། Astrophysics་ཞེས་ངེས་ཚིག་ཙམ་ཧ་མ་གོ་བར། དེང་གི་གནམ་རིག་པ་ཞེས་ཐ་སྙད་རྒོད་བྲོ་བ་བཟོས་འདུག །དེ་ལ་བོད་སྐད་དུ་རྒྱུ་སྐར་གྱི་དངོས་ཁམས་ཞེས་འབོད་དགོས་པ་ལྟ་བུ་མ་ཤེས་པར་འདུག །

  5. འོད་གསལ says:
    2013-02-17 at 2:35 am

    རྒྱུ་སྐར་གྱི་དངོས་ཁམས་རིག་པར་བཅོས་རོགས།

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-02-17 at 2:47 am

    རང་རེ་སྐྱེས་མ་ཐག་ཏུ་འགྲོ་མི་ཐུབ་ཀྱང་། རིམ་པས་གོམས་པ་ན་འགྲོ་ཐུབ་པ་ལྟར། ཚན་རིག་སོགས་ཀྱང་རིམ་པས་སྦྱང་བརྩོན་གྱིས་གོང་ནས་གོང་འཕེལ་དུ་འགྲོ་སྲིད་དོ།།

  7. འོད་གསལ says:
    2013-02-17 at 3:13 am

    གནམ་རིག་པ། ས་རིག་པ། བར་སྣང་རིག་པ་སོགས་ནུབ་ཕྱོགས་ལ་མ་གྲགས་པའི་ཚན་རིག་གསར་བ་དེ་ཚོ་བོད་ཀྱི་རྩོམ་འབྲི་མཁན་ཁ་ཤས་ཀྱིས་གྲོང་ཆོག་འདོན་ས་ནས་རྙེད་ཡོང་བ་འདྲ། ཧེ་ཧེ། རྒན་ལ་དྭགས་ལགས། བཀའ་དྲིན་ཆེ། མུ་མཐུད་དུ་བསླབ་བྱ་གནང་རོགས། ཨ་རོཀྵཿ བདེ་མོར་བཞུགས།

  8. རི་རྒྱལ་ཏི་སེ། says:
    2013-02-17 at 3:41 am

    རང་གིས་ཅི་ཡང་མི་ནུས་ཤིང༌།།
    གཞན་ལ་ཁྱད་གསོད་དམའ་འབེབས་ནི།།
    མི་རིགས་འདི་ཡི་སྲོལ་ཡིན་པས།།
    དེ་ལ་མཚར་རྒྱུ་ཅི་ཡང་མེད།།

  9. པདྨ says:
    2013-02-17 at 4:34 am

    དམར་པོའི་ལྟ་བའི་ཁོ་ལག་རྫོགས་པའི་ཞོགས་དུང་དང་ར་སེ་བ་དང་ཚ་བ་སོགས་ལ་མཁས་པ་བཏགས་ན་བོད་མི་རིགས་ཀྱི་ངོ་ཚ་ཉོས་པ་རེད། འོད་གསལ་ལ་བདེན་པ་ཆེའོ། །

  10. རི་རྒྱལ་ཏི་སེ། says:
    2013-02-17 at 10:34 am

    ཞོགས་དུང་དང་། ར་སེ། ཚ་བ་སོགས་ལ་མཁས་པ་མི་ཟེར་ན། ཁྱེད་རང་འདྲ་བ་ཞིག་མཁས་ཟེར་དགོས་སམ།

  11. ངག་དབང་ says:
    2013-02-17 at 11:47 am

    ༄། ཡག་པོ་གསུང་འདུག་ ཚན་རིག་པ་དང་འབྲེལ་བ་བྱེད་སའི་གཞི་ཅིག་འཇིགས་རྟེན་གྲུབ་ཚུལ་འདི་རེད་ ནང་པའི་ལྟ་གྲུབ་ཀྱི་ངོས་ནས་ གཞི་བདེན་པ་གཉིས་དང་ ལམ་ཐབས་ཤེས་གཉིས་དང་ འབྲས་བུ་སྐུ་གཉིས་ཀྱི་གོང་རིམ་འགྲོ་ཚུལ་འདི་མདོ་སྔགས་ཡོངས་རྫོགས་ཅིག་པ་རེད་ ལམ་འབྲས་གཉིས་ཚན་རིག་པས་མི་ཤེས་ གཞི་བདེན་པ་གཉིས་ལས་དོན་དམ་བདེན་པ་མི་ཤེས་ ཀུན་རྫོབ་བདེན་པ་ལ་ཡང་རྟག་དངོས་གཉིས་ལས་རྟག་པ་མིན་ ད་དངོས་པོ་ལ་ཡང་བེམ་ཤེས་འདུ་བྱས་གསུམ་ལས་བེམཔོ་ཅིག་པུ་རེད་ འཇིགས་རྟེན་མཐའ་མེད་དང་ འཁོར་བ་མཐའ་མེད་བབས་ས་ཅིག་རེད་ ཡིན་ན་ཡང་འཁོར་བ་ལ་ཐོག་མའི་མཐའ་མེད་ཀྱང་མཐའ་མའི་མཐའ་ཡོད་ ནང་ཆོས་ཀྱི་ངོས་ནས་འཇིགས་རྟེན་འཐའ་མེད་ཞེས་པ་དེ་ཕྱོགས་བཅུའི་འཇིགས་རྟེན་རེད་ ཚན་རིག་པ་དང་མཐུན་ཤས་ཆེ་ བདག་གིས་བསམ་ཚུལ་ཙམ་ཡིན་ ནང་ཆོས་ཚན་རིག་མཉམ་གནས་ཁྲི་ལོ་ནས་ཁྲི་ལོ་རྟེན་པར་ཤོག་

  12. སྤྱང་ཤོག་ says:
    2013-02-17 at 4:23 pm

    རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་། ནང་ཆོས་ཀྱི་གཞུང་དུ་གཏན་ལ་ཕབ་པའི་གནའ་བོའི་དངོས་ཁམས་རིག་པའི་རྡུལ་ཕྲན་གྱི་རྣམ་གཞག་དེ་ཚོས་ཡུན་རིང་པོ་ཞིག་ལ་ནང་པའི་གཞུང་དུ་གོ་གནས་གལ་ཆེན་བཟུང་ཡོད་མེད་ལ་མ་ལྟོས་པར། ཚན་རིག་གི་གསར་རྙེད་ཤེས་ཡོན་དེ་དག་གཞི་ལ་བཞག་ནས་ངེས་པར་དུ་བཅོས་བསྒྱུར་བྱེད་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme