Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ར་མ་ལུག་གི་སྐད་ཆ་འདི།

Posted on 2010-05-252010-05-25 By lungrik 19 Comments on ར་མ་ལུག་གི་སྐད་ཆ་འདི།

འབྲི་མོ།

ངའི་ཁོར་ཡུག་ན་ཡོད་པའི་བོད་མི་རྣམས་ཀྱིས་རྒྱུན་ལྡན་འཚོ་བའི་ཁ་བརྡ་ནང་། བརྗོད་པའི་ཚིག་ལྷད་ཉུང་ཙམ་བསྡུ་ལེན་བྱེད་པ།
འདི་དང་འདྲ་བའི་རྒྱ་སྐད་ལྷད་ཚིག་མང་།།
འདི་དང་འདྲ་བའི་ཧིན་དྷུས་ལྷད་ཚིག་མང་།།
འདི་དང་འདྲ་བའི་མང་། མང་། མང་། མང་།།
འདི་དང་འདྲ་བའི་ལྷད་ཚིག་མི་བརྗོད་པའི་རེ་འདུན་ཡང་ཡང་ཞུ།།
ང་ཚོ་གངས་ཅན་བོད་ལ།།
རིག་གཞུང་མེད་པ་མ་རེད།།
བོད་ཡིག་མེད་པ་མ་རེད།།
བོད་སྐད་མེད་པ་མ་རེད།།
བོད་མི་འགའ་ཞིག་ལ་རང་གཤིས་མེད་པས་རེད་སེམས།།

འདི་དང་འདྲ་བའི་རྒྱ་སྐད་ལྷད་ཚིག་མང་།
འདི་དང་འདྲ་བའི་ཧིན་དྷུས་ལྷད་ཚིག་མང་། 
འདི་དང་འདྲ་བ་མང་། མང་། མང་།
འདི་དང་འདྲ་བའི་ལྷད་ཚིག་མི་བརྗོད་པའི་རེ་འདུན་ཞུ།

Line སྒྲིག་དགོས་ནི་རེད།
ངའི་ form གང་ན་ཡོད།
Check བྱེད་དགོས་ནི་རེད།
ཁོ་ལ phone ཐོངས་དང་།
འདི་ pack གྱིས་དང་།
ཁྱོད་ shopping བྱེད་གི་འགྲོ་ནི་ཡིན་པས།
ང་( སབ་རྗེ་) ཉོ་གི་འགྲོ་ནི་ཡིན།
ང་ market ལ་འགྲོ་གི་ཡིན།
ངས་ཁྱོད་རང་ miss ངྱེད་གི་འདུག།
ང་ finial football game ལྟ་གི་འགྲོ་ནི་ཡིན།
ཁོའི་ computer skill དཔེ་ཡག་པོ་འདུག།
ཁྱོད་རང་གི་ number ང་ལ་སྦྱིན་དང་།
ང་ལ་ message ཐོངས་དང་།
ཁྱོད་རང་གི་ jack quality དཔེ་ཡག་པོ་འདུག
ཁྱོད་རང་གི jack colour དཔེ་སྙིང་རྗེ་པོ་འདུག
Brand གང་གི་རེད།
Made གང་ནས་རེད།
Company གང་ནས་རེད།
ཁྱོད་རང་གི་ལྷམ་མགོ polish གཏོང་དགོས་ནི་རེད།
ཁྱོད་རང་ busy ཡིན་པས།
ང་རང་ bus ལ་འགྲོ་གི་ཡིན།
ཁྱོད་རང་ taxi ལ་འགྲོ་གི་ཡིན་པས།
ཀེ་ལ་ཀེས་ལོ་ཧབ་ཏ་ལ་ག་ཚོད་རེད།
ཨ་ལོ་ཀེས་ལོ་གང་ལ་ག་ཚོད་རེད།
ང་ཚོ་ party ལ་འགྲོ་གི་ཡིན།
……

སྣ་ཚོགས།

Post navigation

Previous Post: ཚོར་འདུའི་ཟུག་གཟེར།
Next Post: ར་མ་ལུག་གི་སྐད་ཆ་འདི།

Comments (19) on “ར་མ་ལུག་གི་སྐད་ཆ་འདི།”

  1. lungrik says:
    2010-05-25 at 4:52 am

    སློབ་ཕྲུག་བུ་མོ་ཞིག་གིས་བཏང་ཡོང་བ་རེད། སྐད་ཆ་བདེན་པ་ནི་རེད། ད་དུང་འདི་ལས་ཚབས་ཆེ་བ་མེད་འགྲོ་བསམ་གི། ཅ་ལག་འགའ་རེ་བོད་སྐད་ནང་ནས་བོས་ན་ངག་ལ་མི་བདེ་བ་འདྲ་བོ། རྣ་ལ་མི་གོམས་པ་འདྲ་བོ་དེ་འདྲ་འདུག ད་ག་རེ་བྱེད་དགོས་པ་རེད། མཁས་པ་དག་གིས་ཆེན་པོ་དག་བཤད་ནས་འགྲོ་གི། མཚམས་རེར་གོ་རྒྱུ་མི་འདུག་པའམ་གོ་མི་ཐུབ་པའི་དཀའ་ངལ་འདུག དེ་ལས་སློབ་ཕྲུག་ཚོའི་སྐད་ཆ་འདི་དག་ལ་ཉན་ན་གོ་རྒྱུ་ཆེན་པོ་འདུག གོ་རྗེས་ངོ་ཚ་རྒྱུ་ཡང་འདུག

  2. ཀརྨ་རྡོ་རྗེ་ says:
    2010-05-25 at 6:58 am

    Line སྒྲིག་དགོས་ནི་རེད།
    བརྒྱུད་ལམ་སྒྲིག་དགོས་བགྱི་འདུག

    ངའི་ form གང་ན་ཡོད།
    ངའི་འགེངས་ཤོག་གང་ཝ་ཡོད།

    Check བྱེད་དགོས་ནི་རེད།
    བརྟག་དཔྱད་བྱེད་དགོས་རེད།

    ཁོ་ལ phone ཐོངས་དང་།
    ཁོ་ལ་ཁ་པར་ཐོངས་དང་།

    འདི་ pack གྱིས་དང་།
    འདི་བསྡུ་གསོག་རྒྱོབ་དང་།

    ཁྱོད་ shopping བྱེད་གི་འགྲོ་ནི་ཡིན་པས།
    ཁྱོད་ཉོ་ཆ་རྒྱག་ལ་འགྲོ་བགྱི་ཡིན་པས།

    ང་( སབ་རྗེ་) ཉོ་གི་འགྲོ་ནི་ཡིན།
    ང་སྔོ་ཚལ་ཉོ་ལ་འགྲོ་བགྱི་ཡིན།

    ང་ market ལ་འགྲོ་གི་ཡིན།
    ང་ཁྲོམ་ལ་འགྲོ་བགྱི་ཡིན།

    ངས་ཁྱོད་རང་ miss ངྱེད་གི་འདུག།
    ངས་ཁྱོད་རང་དྲན་བགྱིད་འདུག

    ང་ finial football game ལྟ་གི་འགྲོ་ནི་ཡིན།
    ང་རྐང་རྩེད་པོ་ལོ་མཐས་འགྲན་བརྡུར་ལྟ་ལ་འགྲོ་བགྱི་ཡིན།

    ཁོའི་ computer skill དཔེ་ཡག་པོ་འདུག།
    ཁོའི་ཀམ་པུ་ཊར་དཔེ་ཡག་པོ་ཤེས་བགྱིད་འདུག

    ཁྱོད་རང་གི་ number ང་ལ་སྦྱིན་དང་།
    ཁྱོད་རང་གི་ཁནཔར་ཨ་གྲངས་ང་ལ་སྤྲོད་རོགས།

    ང་ལ་ message ཐོངས་དང་།
    ང་ལ་ལོན་བྲིས་ནས་ཐོངས་དང་།

    ཁྱོད་རང་གི་ jack quality དཔེ་ཡག་པོ་འདུག
    ཁྱོད་རང་གི་ཇེཀ་སྟོད་གོས་?རྒྱུ་ཆ་དཔེ་ཡག་པོ་འདུག

    ཁྱོད་རང་གི jack colour དཔེ་སྙིང་རྗེ་པོ་འདུག
    ཁྱོ་རང་གི་ཇེཀ་སྟོད་གོས་ཀྱི་ཆན་མདོག་དཔེ་ཡག་པོ་འདུག

    Brand གང་གི་རེད།

    Made གང་ནས་རེད།
    ལུང་པ་གང་ནས་བཟོས།

    Company གང་ནས་རེད།

    ཁྱོད་རང་གི་ལྷམ་མགོ polish གཏོང་དགོས་ནི་རེད།
    ལྷམ་གོག་བྱུག་རྩི་གོང་དགོས་འདུག

    ཁྱོད་རང་ busy ཡིན་པས།
    ་་་་་་་་་་་་་་བྲེལ་བ་ཡོད་པེ།

    ང་རང་ bus ལ་འགྲོ་གི་ཡིན།
    ང་རང་སྤྱི་སྤྱོད་རླངས་འཁོར་ལ་འགྲོ་བགྱི་ཡིན།

    ཁྱོད་རང་ taxi ལ་འགྲོ་གི་ཡིན་པས།
    ཁོ་རང་གླ་སྤྲོད་རླངས་འཁོར་ལ་འགྲོ་བགྱི་ཡིན་པེ།

    ཀེ་ལ་ཀེས་ལོ་ཧབ་ཏ་ལ་ག་ ཚོད་རེད།

    ཨ་ལོ་ཀེས་ལོ་གང་ལ་ག་ཚོད་ རེད།

    ང་ཚོ་ party ལ་འགྲོ་གི་ཡིན།
    ང་ཚོ་གསོལ་སྟོན་ལ་འགྲོ་བགྱི་ཡིན།

  3. ཀརྨ་རྡོ་རྗེ་ says:
    2010-05-25 at 7:01 am

    ཁ་པར་བརྒྱུད་ལམ།
    Taxi = ?

    བཟོ་བཅོས་གནང་རོགས།

  4. རྩམ་གཟན། says:
    2010-05-25 at 8:09 am

    ཀརྨ་རྡོ་རྗེའི་མཆན་བུ་བསྐྱར་བཅོས།

    ༼ཀམ་པུརཊར།༽ རྩིས་འཕྲུལ།
    ༼ལོན་བྲིས།༽ འཕྲིན་ཐུང་།
    ༼ཨ་ལུ། ༽ཞོ་ཁོག
    ༼ཀེས་ལོ།༽ རྒྱ་མ།
    ༼གླ་སྤྲོད་རླངས་འཁོར།༽ གླ་འཁོར།
    ༼ཀེ་ལ།༽ ངང་ལག

    ཕན་སེམས་དང་བཅས་ཕུལ།

  5. རུ་དམ་ལུང་གི་བུ། says:
    2010-05-25 at 8:46 am

    ཕ་མས་བརྒྱུད་ནས་བཞག་པའི་སྐད་ཡིག་རྣམས། །
    བུ་ཚའི་དུས་སུ་ར་མ་ལུག་སྤྱོད་རེད། །
    ལ་རྒྱ་ལྡན་པའི་རང་རིགས་སྤུན་ཟླ་རྣམས། །
    རང་རང་སོ་སོས་བོད་སྐད་གསུངས་རོགས་ཞུ། །

  6. ཟླ་བ་གཞོན་ནུ། says:
    2010-05-25 at 9:53 am

    འདི་ལྟ་བུའི་སྐད་ཆ་ནི་ང་ཚོའི་རྒྱུན་ལྡན་གྱི་སྐད་ཆ་ཞིག་ཆགས་འདུག
    ང་རང་ལ་གཞན་ལ་འཕྱ་ལེ་རྒྱག་རྒྱུ་ལམ་ཁ་གསར་བ་ཞིག་རྙེད་མ་སོང་།
    ཐོག་མར་འཕྱ་ལེ་རྒྱག་གི་ཡོད། དེ་ནས་དྲི་བ་དྲིས་ན་རང་གིས་ཤེས་ཚོད་ཀྱིས་ལན་རྒྱག་གིན་ཡོད།
    ཁོང་ཁྲོ་ཟ་མཁན་དག་ལ་ཅི་ཡང་ཟེར་གྱིན་མེད།

  7. བོད་པ་དཀར་པོ། says:
    2010-05-25 at 10:13 am

    ངའི་འཚོར་སྣང་ལ། སྐད་དེ་ཚོར་བོད་སྐད་ཀྱི་དག་ཆ་དང་མིང་ཚིག་འཚམས་པོ་བཟོས་ནས་སྒྲ་ཕབ་ནས། བོད་སྐད་ལ་འཇགས་ཐུབ་ན་སྐྱོན་ཆེ་བ་མིན་འདུག

    དཔེར་ན། ང་ཚོས་རྒྱུན་དུ། ང་ཚལ་ཉོ་བར་འགྲོ་གི་ཡིན་ཟེར་བ་ལྟ་བུ། ཚལ་དེ་སྤྱིར་རྒྱ་སྐད་ནས་བོད་སྐད་ལ་སྒྲ་ཕབ་པ་ལྟ་བུ།

    ང་ཚོ་བོད་པས་མཌླ་འབུལ་ཟེར་སྐབས། འདི་ཕྱི་རྒྱལ་གྱི་སྐད་ཡིན་པའི་འཚོར་སྣང་སུ་ལ་སྦྱིན། དེ་ལྟར། བོད་པའི་རིག་གཞུང་དང་གོམས་སྲོལ་ལ་མེད་པའི་ཐ་སྙད་དེ་ཚོ་ངེས་པར་དུ་མ་སྒྱུར་བར། སྒྲ་དེ་ཕབ་ན་མི་འགྲིག་པ་མིན་འདུག ཀོམ་པུ་ཀྲ་ལྟ་བུར། གློག་ཀླད་དམ་རྩིས་འཁོར་ཟེར་མ་སྒྱུར་ན་ལེགས། 

    བོད་པའི་ཅ་ལག་རྩ་བ་ཆེ་ཤོས་དེ་ཚོ་སྐད་ཡིག་གཞན་ནང་ནས་ལེན་ཡོད། དཔེར་ན། ཏ་ལའི་བླ་མ། པན་ཆེན་བླ་མ། པོ་ཏ་ལ། ཀརྨ་པ། དེ་བཞིན་ཉིན་རེའི་མེད་དུ་མི་རུང་བའི་མིང་ཚིག་སྟུ། ཅོག་ཙེ་སོགས་སྐད་ཡིག་གཞན་ནས་སྒྲ་ལེན་པར་ད་བར་མི་འགྲིག་མི་འཚམ་པའི་གནད་དོན་བྱུང་མིན་འདུག

  8. ཀརྨ་རྡོ་རྗེ་ says:
    2010-05-25 at 11:27 am

    ཁྱོད་རང་ taxi ལ་འགྲོ་གི་ཡིན་པས།
    ཁྱོད་རང་གླ་འཁོར་ལ་འགྲོ་བགྱི་ཡིན་པེ།

  9. ཀརྨ་རྡོ་རྗེ་ says:
    2010-05-25 at 11:33 am

    ཞོག་ཁོག་རྒྱ་མ་ཅིག་ཉོ་ལ་འགྲོ་བགྱི་ཡིན།

  10. མདོ་ལྷ་ཁམས་པ། says:
    2010-05-25 at 11:34 am

    གོང་གི་སེམས་འཚབ་འབུར་ཐོན་མ་འདིའི་ཐུག་ས་གཙོ་བོ་་རིག་གཞུང་ལ་ཐུག་འདུག་པ་དང་། རིག་གཞུང་གི་ཨ་མ་སྐད་ཡིག་ལ་ཐུག་པའི་གནད་དོན་ཞིག་རེད།
    དེ་ཡང་འབྲི་མོ་མོ་རང་སྡོད་སའི་ཁོར་ཡུག་གཅིག་པུའི་ག་ནས་ཚད། རྒྱ་བལ་འབྲུག་གསུམ་ནང་གི་བཙན་བྱོལ་བོད་མིའི་སློབ་གྲྦ་བརྒྱ་ཆ་དགུ་བཅུ་གོ་དགུ་ཡིས་ཤོད་བཞིན་པའི་རྒྱུན་ལྡན་སྐད་ཆ་ཞིག་ཏུ་གྱུར་ཡོད།
    གནད་དོན་འདི་ནི་ལོ་གྲངས་མང་པོའི་རྗེས་སུ་མ་གཏོགས་མི་མངོན་པའི་ཉེན་ཚབས་ཤིན་ཏུ་ཆེ་བའི་གནད་དོན་ཞིག་རེད།
    དེ་ཡང་མི་ཞིག་གིས་གློ་བུར་དུ་བལྟས་ན་གནད་དོན་འདིའི་ཉེས་སྐྱོན་ཡོངས་རྫོགས་དེང་སང་གི་ན་གཞོན་སློབ་ཕྲུག་བྱིས་ཚོའི་མགོར་འགེལ་སྲིད། ཡིན་ན་ཡང་གལ་སྲིད་ཁྱེད་རང་སློབ་གྲྦ་ག་གེ་མོ་ཞིག་ཏུ་དུས་ཡུན་གང་འཚམ་བསྡད་ན་ཤེས་ཐུབ། དེ་ནི་དགེ་རྒན་གྱིས་བསླབ་པའི་སློབ་མའི་སྐད་ཆ་ཅིག་ཡིན་པ་ལས་སློབ་མ་ཚོས་མ་བསླབ་པར་ཤེས་པའི་སྐད་ཆ་ཞིག་མིན། ད་དུང་བསླབ་ས་དགེ་རྒན་གཅིག་པུའི་མི་ཚད། ཉེ་འཁོར་གྱི་མི་རབས་རྒན་པ་ཚོའང་ཡིན།

  11. རྩམ་གཟན། says:
    2010-05-25 at 12:07 pm

    མོ་ཁྲེ། ཟེར་བ་འདི་རྒྱ་སྐད་བོད་སྐད་ནང་འཛུལ་བ་དང་། སྒ་སྒྲི་ཟེར་བ་འདི་ཧིན་སྐད་བོད་སྐད་ནང་འཛུལ་བ་སོགས། ཇ་པ་ཏི། ཅི་ནེ།

  12. ཀརྨ་རྡོ་རྗེ་ says:
    2010-05-25 at 12:12 pm

    ང་ལ་ message ཐོངས་དང་།
    ང་ལ་བྲིས་འཕྲིན་ཅིག་ཐོངས་དང་།

  13. བསྟན་འཛིན་ཤེས་རབ། says:
    2010-05-25 at 12:29 pm

    བོད་པ་དཀར་བོ་ལགས་ཀྱིས་་་

  14. བསྟན་འཛིན་ཤེས་རབ། says:
    2010-05-25 at 1:02 pm

    མཆན་གོང་མའི་དྲ་བྱང་ནོར་འདུག་པས་འདིར་བསྐྱར་འགོད་ཞུས་པ་ཡིན།
    འདི་དང་འབྲེལ་ནས་བདག་གི་བསམ་ཚུལ་ཁག་འདི་གཉིས་ལ་གཟིགས་ཞིབ་རེ་གནང་རོགས་ཞུ་རྒྱུ་ཡིན། དྲ་བྱང་འདིར་ཡོད།

    http://www.khabdha.org/?p=8742&cpage=1#comment-27683

    http://www.tibettimes.net/news.php?id=2783

  15. བསྟན་འཛིན་ཤེས་རབ། says:
    2010-05-25 at 1:21 pm

    ཨ་རོ། ཁ་བརྡ་ཚང་ལགས། ཅི་ཞིག་གནང་གི་ཡོད། གློ་བུར་གློ་བུར་དུ་མཆན་རྣམས་འགྱུར་འགྲོ་གི་འདུག

  16. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-05-25 at 1:29 pm

    སྐད་ར་མ་ལུག་གི་གནད་དོན་འདི་གང་མགྱོགས་ངང་ཐག་གཅོད་ཅིག་མ་ཐུབ་པ་ཡིན་ན། ང་ཚོའི་མི་རབས་འདི་བོད་ཀྱི་ལོ་རྒྱུས་ནང་གི་ཉེས་ཅན་ཞིག་ཏུ་འགྱུར་ཁོ་ཐག་རེད། རང་སྐད་གཙང་མ་ཞིག་ཀྱང་སྤྱོད་ཐུབ་ཀྱི་མེད་པས། ང་ཚོ་དངོས་ནས་ནུས་མེད་རེད་ཡ། སྤུན་ཟླ་ཚོ།

  17. འབྲི་མོ་ནས། says:
    2010-05-25 at 10:11 pm

    ཀརྨ་རྡོ་རྗེ་ལགས། བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། འདི་ནི་ང་དང་ལྟ་ངའི་མི་མང་པོར་ཕན་པ་ཆེ།

  18. མེ་ཏོག་དཀར་པོ། says:
    2010-05-25 at 11:39 pm

    དང་པོ།
    ་་་་་་་་་་་་་་་་་་་་་་་་་་་་་ར་མ་ལུག་གི་སྐད་གང་ཡིན་ངོས་བཟུང་།
    གཉིས་པ།
    ་་་་་་་་་་་་་་་་་་་་་་་་་་་་་དགེ་སྐྱོན་གང་འདུག་ལ་བསམ་བློ་གཏོང་།
    གསུམ་པ།
    ་་་་་་་་་་་་་་་་་་་་་་་་་་་རང་ཉིད་ནས་མགོ་བཙུག་ནས་ཞུ་དག་གཏོང་།

  19. ཀརྨ་རྡོ་རྗེ་ says:
    2010-05-26 at 6:25 am

    ཁ་ཤས་ལ་ཕན་ན་འབྲི་བར་སྤྲོའོ
    འདས་པ།
    སྐྱེས་བུ།
    ༡པོ། ང་མདང་ཕྱིན་སོང་ངེ། ༢པ། ཁྱེད་རང་མདང་ཕེབས་སོང་།
    ༢པ། ཁྱོད་རང་མདང་ཕྱིན་པེ། ༡པོ། ང་མདང་ཕྱིན་པ་ཡིན།
    ༢པ། ཁྱེད་རང་མདང་ཕེབས་པེ། ༡པ། ང་མདང་ཕྱིན་པ་ཡིན།
    ༣པ། ཁོ། མོ་མདང་ཕྱིན་སོང་ངེ་། ༣པ། ཁོ། མོ་མདང་ཕྱིན་སོང་།
    ༣པ། ཁོང་མདང་ཕེབས་སོང་ངེ་། ༣པ། ཁོང་མདང་ཕེབས་སོང་།
    ད་ལྟ་བ།
    ༡པོ། ང་དེ་རིང་འགྲོ་བགྱིད་འདུག་གེ ༢པ། ཁྱོད་རང་དེ་རིང་འགྲོ་བགྱིད་འདུག ༢པ། ཁྱེད་རང་དེ་རིང་ཕེབས་བགྱིད་འདུག
    ༢པ། ཁྱོད་རང་དེ་རིང་འགྲོ་བགྱིད་ཡིན་པེ། ༡པོ། ང་དེ་རིང་འགྲོ་བགྱིད་ཡིན།
    ༢པ། ཁྱེད་རང་དེ་རིང་ཕེབས་བགྱིད་ཡིན་པེ། ༡པོ། ང་དེ་རིང་འགྲོ་བགྱིད་རེད།
    ༣པ། ཁོ། མོ་དེ་རིང་འགྲོ་བགྱིད་རེད་པེ། ༣པ། ཁོ། མོ་དེ་རིང་འགྲོ་བགྱིད་རེད།
    ༣པ། ཁོང་དེ་རིང་ཕེབས་བགྱིད་རེད་པེ། ༣པ། ཁོང་དེ་རིང་ཕེབས་བགྱིད་རེད།
    མ་འོངས་པ།
    ༡པོ། ང་སང་ཉིན་འགྲོ་བགྱི་རེད་པེ། ༢པ། ཁྱོད་རང་སང་ཉིན་འགྲོ་བགྱི་རེད། ཁྱེད་རང་སང་ཉིན་ཕེབས་བགྱི་རེད།
    ༢པ། ཁྱོད་རང་སང་ཉིན་འགྲོ་བགྱི་ཡིན་པེ། ༡པོ། ང་སང་ཉིན་འགྲོ་བགྱི་ཡིན།
    ༢པ། ཁྱེད་རང་སང་ཉིན་ཕེབས་བགྱི་ཡིན་པེ། ༡པོ། ང་སང་ཉིན་འགྲོ་བགྱི་ཡིན།
    ༣པ། མོ། ཁོ་སང་ཉིན་འགྲོ་བགྱི་རེད་པེ། ༣པ། མོ། ཁོ་སང་ཉིན་འགྲོ་བགྱིད་རེད། ཁོང་སང་ཉིན་ཕེབས་བགྱི་རེད།
    ༣པ། ཁོང་སང་ཉིན་ཕེབས་བགྱི་རེད་པེ། ༣པ། ཁོང་སང་ཉིན་ཕེབས་བགྱིད་རེད།
    ཡང་།
    ང་ལ་འདུག་གེ ཁྱོད་ལ་འདུག ཁྱེད་ལ་འདུག
    ཁྱོད་ལ་ཡོད་པེ། ང་ལ་ཡོད།
    ཁོ། མོ། ཁོང་ལ་འདུག་གེ ཁོ་ལ་འདུག མོ་ལ་འདུག ཁོང་ལ་འདུག
    འདིལ་འདུག་གེ འདི་ལ་འདུག དེ་ལ་འདུག་་གེ དེ་ལ་འདུག
    ཡང་།
    ཁྱོ་རང་ཡིན་པེ། ང་ཡིན།
    ཁྱོད་རེད་པེ། ཁྱོད་རང་རེད།
    ཁོ། མོ། ཁོང་རེད་པེ། ཁོ། མོ། ཁོང་རེད།
    འདི་རེད་པེ། འདི་རེད། དེ་རེད་པེ། དེ་རེད།
    ཡང་།
    ཁྱོད་ལ་ཡོད་པེ། ང་ལ་ཡོད།
    ང་ལ་འདུག་གེ ཁྱོད། ཁྱེད་ལ་འདུག
    ཁོ། མོ། ཁོང་ལ་འདུག་གེ ཁོ། མོ། ཁོང་ལ་འདུག
    འདི་ལ་འདུག་གེ འདི་ལ་འདུག དེ་ལ་འདུ་གེ དེ་ལ་འདུག
    ལྟ་བུར་བྲིས་ལ་ཤོད་དགོས་སོ་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme