Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡོའོ་པེའུ་ནཱ་ལ་ཕུལ་བ་རྒྱ་སེ་མེ་ཏོག་དམར་པོ། ཞར་བཀོད་གཅིག

Posted on 2015-01-212015-01-21 By ཁ་བརྡ 2 Comments on ཡོའོ་པེའུ་ནཱ་ལ་ཕུལ་བ་རྒྱ་སེ་མེ་ཏོག་དམར་པོ། ཞར་བཀོད་གཅིག

ཨེ་མ་ཧོ།

རྒྱ་མོ་སྤྱན་སྦྱིན་བྱང་ཆུབ་སེམས་མ་ཡོའོ་པེའུ་ནཱ་ལ་ཕུལ་བ་རྒྱ་སེ་མེ་ཏོག་དམར་པོ།

ན་མོ་གུ་རུ་པདྨ་ཀ་ར་ཡེ།།
ཀ་ལ་པིང་ཀ་བཞིན་གསུང་སྐད་སྙན་ཞིང་།།
ཁ་བའི་གངས་རི་བཞིན་ལྷག་བསམ་དཀར་པོ།།
ག་ས་གང་ན་རུ་གྲགས་ཅན་གླུ་མ།།
ང་ཡིས་ཡི་རང་དང་བསྟོད་བསྔགས་ཞུའོ།།
ཅ་ཡི་ན་དང་ནི་གངས་ཅན་ཡུལ་གྲུར།།
ཆ་ཡོད་བུ་མོ་ཁྱེད་ཞིང་དུ་ཕེབས་པས།།
ཇ་རྩམ་སྒྲོན་མེ་ཡིས་མཆོད་འབུལ་བྱས་ནས།།
ཉ་གང་ཟླ་རྒྱས་བཞིན་བསྔོ་སྨོན་ཞུའོ།།
ཏ་ཐ་ག་ཏ་ཡི་གསུང་རབ་ཀུན་ཏུ།།
ཐ་དག་གཞན་ཕན་གྱི་བྱང་ཆུབ་སེམས་དཔའ།།
ད་ལྟའི་དུས་རབས་འདི་ཤིན་ཏུ་དཀོན་ཡང་།།
ན་ཆུང་བུ་མོ་ཁྱེད་ཉིད་མངོན་པར་བསྟོད།།
པ་ར་མི་ཏའི་རླབས་ཆེན་མཛད་པ་ཅན།།
ཕ་མེས་རྒྱུད་པའི་སྤྱན་རས་གཟིགས་མ་བཞིན།།
བ་ནུའི་ནད་ལས་སྐྱོབ་པའི་ཚོགས་བསགས་འཁན།།
མ་སྨད་བསོད་ནམས་སྦྱིན་པའི་རྒྱ་མོ་རྒྱལ།།
ཙྰ་རི་གནས་སྐོར་སྒོམ་ལ་མ་བཞུགས་ཀྱང་།།
ཚ་བསྲེག་རང་གཞན་གནོད་པའི་ལས་མ་བྱས།།
ཛ་ཡའི་བསྟན་པའི་སྙིང་ནོར་ཁྱེད་ལ་དབང་།།
ཝ་ལེར་འཛམ་གླིང་ཁམས་སུ་འོད་སྣང་ཁྱབ།།
ཞ་ལོང་འོན་པ་སྤྱན་དང་དོན་སྣོད་སྦྱིན།།
ཟ་གོས་འཚོ་བ་སྒྱུ་མའི་རྟགས་སུ་བསྟན།།
འ་ཅག་འཁོར་འདས་རྟག་འཛིན་བགྱིས་པ་ལ།།
ཡ་རབ་མཛད་བཟང་མངོན་པར་སྙིང་ནས་གུས།།
ར་རུ་སྡུག་པའི་ངན་སེམས་རྩ་ནས་སྤངས།།
ལ་རྒྱའི་དུང་བ་གཞན་ཕན་སེམས་ཀྱིས་ཕྱུག།
ཤ་ཁྲག་དོན་སྣོད་སྐྱོན་མེད་སྦྱིན་པ་བཏངས།།
ས་ཐོབ་སེམས་དཔའ་ཆེན་པོ་ཁྱེད་མིན་སུ།།
ཧ་ཅང་སྐྱོ་བའོ་སྒྱུ་མའི་གྲོང་ཁྱེར་འདིར།།
ཨ་མའི་བུ་མོའི་ཕྲིན་ལས་དཀར་པོའི་འོད།།
ཞི་བདེའི་ལམ་སྟོན་སྤྱན་གཉིས་དཔེ་བརྡར་བཞག།
གཞན་ཕན་ཟླ་བའི་སྲས་མོ་ཡོངས་སུ་བསྔགས།།
བདེ་ཆེན་ཞིང་གི་མགོན་པོ་འོད་དཔག་མེད།།
སྲས་བཅས་རྒྱལ་བས་སྤྱན་འདྲེན་གཟེངས་བསྟོད་བཅས།།
བདེ་ཆེན་དག་པའི་ཞིང་དུ་ཕེབས་མཛད་ནས།།
འགྲོ་ཁམས་རྒྱ་མཚོ་དོང་ནས་སྤྲུགས་པར་མཛོད།།

ཅེས་པ་རབ་རྒྱན་ཤིང་རྟའི་རྒྱལ་ཟླའི་དུས་ཚེས་དགེ་བ་འམ། ࿉ རྒྱ་ནག་ཧྭོའུ་པེ་ཞིང་ཆེན་བོའུ་ཧྭན་གྲོང་ཁྱེར་གྱི་གླུ་མ་གྲགས་ཅན་ཡོའོ་པེའུ་ནཱ་(姚贝娜)ལ། བཅོས་ཐབས་དཀའ་བའི་ནད་གཞི་ཞིག་གིས་ཐེབས་པར་བརྟེན་ཉེ་ཆར་ཚེ་ལས་འདས་སོང་། མོས་ཉམ་ཐག་དབུགས་ཀྱི་རྒྱུ་བ་མ་འགགས་པའི་སྔ་རོལ་ཏག་ཏག་དེ་སྤྱི་ལོ༢༠༡༥ལོའི་ཟླ་༡བོའི་ཚེས་༩ཉིན་རང་གི་དོན་ལྔ་སྣོད་དྲུག་སོགས་གཞན་ལ་སྦྱིན་པར་སེམས་ཐག་བཅད་པ་དང་མོའི་ཨ་ཕས་ཀྱང་བུ་མོའི་རེ་བ་ལྟར་འཐད་ཡིག་བྲིས་ཤིང་མིང་རྟགས་བཀོད་རྗེས་རང་གི་ཧ་ཅང་གཅེས་པའི་མིག་ཟུང་དེ་ཟི་ཁྲོན་ཞིང་ཆེན་གྱི་ལོ་༢༦ཅན་གྱི་ཞྭོ་ཏུང་(小董)ཟེར་བ་ལ་སྦྱིན་ཏེ་གཤག་བཅོས་ལེགས་གྲུབ་བྱུང་། ཡིན་ཡང་། སྤྱི་ལོ༢༠༡༥ལོའི་ཟླ་༡བོའི་ཚེས་༡༦ཉིན་མོ་རང་དངོས་སུ་ཚེ་ལས་འདས་སོང་། ཚང་མས་མོ་ལ་བསྔོ་སྨོན་རེ་གནང་བར་རེ་བ་ཞུའོ།། ཞེས་བྱམས་བརྩེའི་གསར་འགྱུར་མཐོང་བའི་མོད་ལ་སྙིང་ནས་ཡི་རང་བཅས་བསྔོ་སྨོན་ཟབ་རྒྱས་དང་ཟིན་རྩོམ་གང་ཤར་མ་འདི་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་རིག་འཛིན་ཨེ་མ་ཧོས་བགྱིས་པ་འདས་པ་བདེ་ཆེན་ཞིང་དུ་སྐྱེས་བའི་རྒྱུ་རུ་གྱུར་ཅིག་གུ།། ཤྲྰི་སརྦ་ལོ་ཀ་ཨ་ནནྟ་བཛྲ་བི་ཛ་ཡནྟུ།། །།

 

ལྡོང་བ་གསེར་མིག་ལ་གདམས་པ་མིག་ཐུར་རྣོན་པོ་ཞེས་བྱ་བ།།

ན་མོ་གུ་རུ་བྷྱ།།
སྐྱབས་གནས་དཀོན་མཆོག་ཀུན་འདུས་བླ་མ་མཁྱེན།།
ལྡོང་བ་ཆོས་མིན་གསེར་གྱི་མིག་ཐུར་འབྱེད།།
མི་བུ་གདུང་དྲུག་རྨོངས་པའི་གཞན་དབང་འཁན།།
གསང་ཆེན་ལོག་པར་བལྟ་རྣམས་དལ་ཅིག་གསོན།།
ས་སྐྱའི་བསྟན་པ་འཁོན་རིགས་ལྷ་ཡིས་འཛིན།།
དགེ་ལུགས་བསྟན་པ་གསང་བདེ་དུས་ཀྱིས་འཛིན།།
བཀའ་བརྒྱུད་བསྟན་པ་བདེ་ཆེན་ཕྱག་རྒྱས་འཛིན།།
རྙིང་བོན་གསང་ཆེན་རྫོགས་པ་ཆེན་པོས་འཛིན།།
འདི་ན་རུས་འདྲེ་ཞྭ་རྙིང་ནང་རྩོད་ཀྱིས།།
ས་དགེ་བཀའ་རྙིང་འཇིག་པ་ག་ལ་ནུས།།
བཤད་སྒྲུབ་ཕྲིན་ལས་ཤར་ནུབ་ཀུན་ཏུ་ཁྱབ།།
ཡང་དག་བསྟན་པ་ཉི་མ་བཞིན་དུ་གསལ།།
ས་སྐྱའི་ཁྲི་ཆེན་ཉི་ཟླ་ཟུང་གཅིག་ཤར།།
དགེ་ལུགས་རྒྱལ་པན་གངས་སེང་ཆ་གཅིག་མཛེས།།
བཀའ་བརྒྱུད་འབྲུག་ཆེན་འཛམ་གླིང་ཀུན་ལ་གྲགས།།
སྔ་འགྱུར་ཀུན་མཁྱེན་ཀུན་གསལ་ཁྱོན་ལ་ཁྱབ།།
ཡིད་བཞིན་ནོར་བུ་སད་རྨིར་འབྲལ་མེད་གནས།།
ཡི་དམ་དཔལ་ཆེན་དགྱེས་པ་རྡོ་རྗེའི་གར།།
མཁའ་འགྲོ་རྒྱ་མཚོའི་རིགས་བདག་ཧེ་རུ་ཀ།
སངས་རྒྱས་ཡེ་ཤེས་འགྲོ་དོན་ཨེ་མ་ཧོ།།

ཞེས་ཤྲྰིཿ་ཨེ་མ་ཧོས་འཇིག་མེད་འཇིགས་སྐུལ་སྨྲ་བའི་རང་ལུགས་འཛིན་པ་དག་ལ་ཕུལ་བར་དགེའོོ།། །།

སྙན་ངག

Post navigation

Previous Post: མགོ་གཡོག་མགོ་སྐོར།
Next Post: ཧེ་ཧེ་ལྷ་མོའི་སྙན་ངག

Comments (2) on “ཡོའོ་པེའུ་ནཱ་ལ་ཕུལ་བ་རྒྱ་སེ་མེ་ཏོག་དམར་པོ། ཞར་བཀོད་གཅིག”

  1. ཚེ་རིང་ says:
    2015-01-21 at 10:02 am

    བུ་མོ་ཡོད་ཚད་ལྷ་མོར་མཐོང་བའི་ན་ཚ་ཞིག་ཨེ་མ་ཧོ་ལ་ཕོག་གདའ།

  2. ཁྱུང་སེ། says:
    2015-01-21 at 10:16 am

    ཚིག་རྡོག་གཅིག་ལ་བཟོད་པའི་གོ་ཆ་དབེན།
    གསང་སྔགས་བསྒྲུབ་ཟེར་མཆེད་ཀྱི་མིག་ཟུང་འདྲུ།
    ཐེག་ཆེན་ཡིན་ཟེར་སྣང་མཐོང་དགྲ་རུ་བལྟ།
    རྙིགས་མའི་རྙིགས་མའི་རྙིགས་རོ་ཁྱོད་མིན་སུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme