Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་དང་གླེང་མོལ།

Posted on 2017-01-282017-01-28 By ཁ་བརྡ་ 16 Comments on ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་དང་གླེང་མོལ།

གློག་བརྙན་།

Post navigation

Previous Post: སྐད་ཡིག་དང་འབྲེལ་བའི་དུས་བབས་ལུང་བསྟན། (འོས་སྦྱོར།)
Next Post: ཞང་བོད་ལོ་གསར་གྱི་གཏན་ཚིགས་འཚོལ་བ།

Comments (16) on “ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་དང་གླེང་མོལ།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-01-28 at 10:29 am

    སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་ནས་
    སྒོམ་འཁྲིད་སྐོར་ལ་བཀའ་སློབ་གནང་བར་ཕན་ཐོག་ཆེན་པོ་བྱུང་ཐུགས་རྗེ་ཆེ་བཀྲིན་ཆེ་།

  2. བློ་བཟང་། says:
    2017-01-28 at 4:52 pm

    ཡང་སྐྱགས་རྫུན་བཤད་ཀྱིན་འདུག་ཕེ་ཕེ་ཕེ།

  3. ཨ་འབར་འཇིགས་དབང། says:
    2017-01-28 at 10:13 pm

    ༅༅། གཞུང་པ་ཚེ་དབང་བསོད་ནམས་ནས་་་ཞི་པོ་གཅིག་བཀྱགས་འདུག་
    ༧སྐྱབས་རྗེ་་་ཞེས་པའི་གོ་དོན་ག་འདྲ་ཞིག་ལ་ཟེར་གྱི་ཡོད།
    སྐྱབས་རྗེ་ཞེས་པར་སྐུ་ཡོན་གང་འདྲ་ཞིག་ཚང་དགོས་ཀྱི་ཡོད་དམ།
    ནང་ཆོས་གཞུང་ལ་སྦྱང་པ་ཅི་ཡང་མེད་པར་ལུས་རྕལ་སྒོམ་བརྒྱབ་པ་ཞིག་ལ་
    སྐྱབས་རྗེ་ཟེར་བ་འདི་ནི་ཧ་ཅང་ཐལ་བ་མ་རེད་དམ་སྙམ།
    གསལ་བཤད་རྒྱོབས་དང། འདི་རྨོངས་དད་རྗེས་བྲང་པ་མ་ཡིན་ནམ།

    ༅༅། མདོ་སྔགས་གཞུང་ལ་སྦྱང་པ་ཅི་མེད་པར། ལུས་རྕལ་སྒོབ་བརྒྱབ་སྐྱབས་རྗེ་མཁས་པ་འཛིན།
    རིག་པའི་གཞུང་ལ་ཤེས་ཀྱང་ཤེས་མེད་མངོན། འདི་ནི་ནང་པའི་རིག་གཞུང་གཅེས་འཛིན་མིན།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-01-28 at 11:37 pm

    བླ་མ་ལ་སྐྱབས་སུ་ཆེའོ་ཟེར་བ་ནས་དད་པ་དང་དག་སྣང་ཆོས་དད་རང་དབང་ལ་

    ཚད་བཀག་བྱེད་མཁན་ཡོད་ན་གུང་ཁྲན་དམར་པོའི་ལམ་ལུགས་མ་རེད་དམ་།
    རང་དབང་མང་གཙོའི་སྤྱི་ཚོགས་ཆེན་པོའི་ནང་།
    ཆོས་དད་རང་དབང་རྒྱལ་སྤྱིའི་ཁྲིམས་ཀྱི་བསྟན་།
    ཚད་བཀག་བྱེད་པ་ཆོས་མེད་གུང་ཁྲན་ལུགས་།
    ནམ་ཡང་ངོས་ལེན་་མེད་དོ་མཆན་འགོད་ཚོ་།

  5. ནུབ་ཕྱོགས་གངས་ཕྲུག says:
    2017-01-29 at 2:40 am

    བླ་མ་འདིའི་ནང་མ་ཚང་མ་སྤྲུལ་སྐུ་རེད། ཨ་མྱེས་སྤྲུལ་སྐུ། ཕ་སྤྲུལ་སྐུ། བུ་སྤྲུལ་སྐུ། ཚ་བོ་སྤྲུལ་སྐུ། འདི་ཚོ་རིགས་འདི་བསྟན་པ་ཉམས་པའི་རྟགས་རེད།

  6. ཀརྡོ་རབ་འབྱམས་པ་ says:
    2017-01-29 at 3:18 am

    བླ་མ་ཉམས་ལེན་པ་ཡག་པོ་ཞིག་རེད་སྙམ་མོ།།

  7. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-01-29 at 3:19 am

    སྔོན་བསགས་དཀར་པོའི་འབྲས་བུ་དེ་།
    ལས་བྱས་པ་ཆུ་ཡིའི་མི་ཟ་ཞིང་།
    རྒྱུ་འབྲས་རྟེན་འབྲེལ་སྨིན་པ་ན་།
    ལེགས་པ་ཐམས་བཅས་མཉམ་དུ་འཛོམས་།

  8. ཀརྡོ་རབ་འབྱམས་པ་ says:
    2017-01-29 at 3:22 am

    ལྷག་པར་དུ་དུས་རབས་ངན་པ་དིང་སང་གི་སྐབས་སུ། བླ་མ་འདིས་ལོ་བཞིའི་རིང་ལ་གར་སོང་ཆ་མེད་དུ་རྣལ་འབྱོར་གྱི་ཉམས་ལེན་མཛད་པ་ནི་དཔེ་སྟོན་བཟང་པོ་ཞིག་རེད་དོ།།

  9. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-01-29 at 3:24 am

    སྔོན་བསགས་ནག་པོའི་འབྲས་བུ་དེ་།
    ལས་བྱས་པ་ཆུ་ཡིའི་མི་ཟ་ཞིང་།
    རྒྱུ་འབྲས་རྟེན་འབྲེལ་སྨིན་པ་ན་།
    ཉེས་པ་ཐམས་བཅས་མཉམ་དུ་འཛོམས་།

  10. དྲི་མེད་ལྷག་བསམ། says:
    2017-01-29 at 11:48 am

    སྒོམ་ཁྲིད་པ་ལེགས། དྲན་པ་ནི། རང་གི་ཡུལ་དུ་གྱུར་པའི་འདྲེས་པའི་དངོས་པོ་ལ་དམིགས་ནས་དེ་རང་སྟོབས་ཀྱིས་སླར་མི་བརྗེད་པར་དྲན་ནས་འཛིན་པའི་རྣམ་པ་ཅན་གྱི་སེམས་བྱུང་ངོ། ། དགག་སྒྲུབ་མེད་པར་འཇོག་པ་ལེགས་མོད། །རྣམ་འགྲེལ་ལས། བདག་མེད་མཐོང་པས་འགལ་པ་ཡིན། །འདི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤོང་པར་ནི་ནུས་མ་ཡིན། །ཞེས་དང་། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་དང་།ཡང་། སྟོང་ཉིད་དང་ཉི་བྲལ་བའི་སེམས། །འགག་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམ་འཇུག་བཞིན། །དེས་ན་སྟོང་ཉིད་བསྒོམ་པར་བྱ། །ཞེས་དང་། །མཁས་གྲུབ་རྗེས། །འཁོར་བའི་རྩ་བ་བདག་འཛིན་ལྷན་སྐྱེས་དང་། །དངོས་སུ་འགལ་བའི་བདག་མེད་མི་བསྒོམ་པར། །དུས་གསུམ་ཡིད་བྱེད་འགོག་པ་ལྷུར་ལེན་པ། །དུད་འགྲོའི་སྒྲུབ་ཐབས་སྒོམ་གྱི་གཟུགས་བརྙན་ཡིན། །ཅེས་དང་། ཡང་། །འདོད་ཆགས་ཞེ་སྡང་བསྒོམ་པ་ཡིས། །འཁོར་བར་ལྷུང་བ་སྐྲགས་ཏེ། །སྲིད་རྩ་གཏི་མུག་བསྒོམ་པ་ལ། །ཐུགས་དམ་བྱེད་པ་བླུན་པོའི་ལུགས། །ཞེས་པའི་དོན་ལ་ཡང་ཐུགས་བསམ་བཞེས་ཤིང་གསལ་ཁ་ཅུང་ཟད་བཏོན་ནས་གསུངས་དགོས་པར་སྣང་ངོ། །བོད་སྐད་དུ་བཀའ་དང་བསྟན་བཅོས་ཀྱི་ཆོས་ཚིག་གི་ཕོང་པ་མེད་པས་གསུངས་ཚེ། མིང་དང་གཏན་ཚིག་ཡང་དོན་ལ་ཁེལ་བ་ཞིག་བཀའ་དྲིན་སྐྱོང་དངོས་པར་སྣང་། ཐུགས་རྗེ་ཆེ་ཞུ། །

  11. ཀརྡོ་རབ་འབྱམས་པ་ says:
    2017-01-29 at 1:42 pm

    རིན་པོ་ཆེའི་་་་་
    https://www.youtube.com/watch?v=Ly6T95QCoJk

  12. རྟ་བདུན་དབང་བོ says:
    2017-01-29 at 5:26 pm

    མི་འགྱུར་རིན་པོ་ཆེས་ཡག་པོ་གསུངས་འདུག ཡིན་ཀྱང་ཡིད་ཚིམས་པ་ཞིག་མི་འདུག དྲན་པ་མ་གཏོགས་ཤེས་བཞིན་གྱི་སྐོར་གཏན་ནས་གླེང་མི་འདུག སྒོམ་ཆེན་པ་ཚོས་གཟབ་དགོས་རྒྱུ་གཅིག་ནི་སྒོམ་ཐམས་ཅད་བྱིང་བའི་དབང་དུ་མ་སོང་བ་གལ་ཆེན་པོ་རེད། རྒྱུ་མཚན་ནི་བྱིང་བ་ཧ་ཅང་གིས་ངོས་འཛིན་དཀའ་བའི་ཕྱིར་རོ། སྒོམ་ཆེན་པ་ཕལ་མོ་ཆེ་ཞིག་བྱིང་བ་སྒོམ་དུ་འཁྲུལ་བ་མང་པོ་སྣང་ཞེས་ཚད་མའི་སྐྱེ་བུ་འགས་གསུངས་སོ། སྤྱིར་འཕྲོ་བ་དང་རྒོད་པ། བྱིང་བ་དང་རྨུགས་པ། འདི་བཞི་བོ་ལ་ངེས་པར་དུ་དོ་སྣང་དགོས་པ་རེད། འོན་ཀྱང་ད་ལྟའི་ཕྱི་རྒྱལ་བ་མང་བོ་ཞིག་གིས་སྒོམ་ལ་དོ་སྣང་ཡོད་ནའང། ཁོང་ཚོས་སྒོམ་ཁུལ་བྱེད་བཞིན་པ་དེ་ནི་བྱིང་རྨུགས་གང་རུང་ལས་མ་འདས་སོ། །

  13. ལོ་ཡག says:
    2017-01-29 at 10:42 pm

    རིན་པོ་ཆེས་གང་བདེ་བདེ་རུ་གསུང་རྒྱུ་ཡིན། སྤྲོས་པ་ཁྱོན་ནས་མི་མཛད། མི་མང་དཀྱུས་མའི་དོན་དུ་ཅི་འགྱུར་བྱེད། དོན་འཁྲིད་པ་ལས་ཚིག་མི་འཁྲིད། མྱོང་འཁྲིད་བྱེད་པ་ལས་རྟོག་དཔྱོད་ཀྱི་ཚང་ཚིང་དུ་ནམ་ཡང་མི་བསྐྱུར། རྩ་བར་འཇུ་བ་ལས་ཡལ་ག་ནས་རྩེད་མོ་མི་རྩེ། འདི་ནི་བརྒྱ་བཤད་སྟོང་བཤད་ཀྱི་ལུགས་མ་ཡིན་པར་སྙིང་པོ་གཅིག་ལག་ལེན་དུ་བསྟར་བའི་ལུགས་སོ། །

  14. དྲི་མེད་ལྷག་བསམ། says:
    2017-01-30 at 3:32 am

    དགོངས་དག ༡༽བྲེལ་བ་ཆེ་བས་ཡིག་ནོར་མང་པོ་ཤོར་འདུག བཅོས། སྟོང་ཉིད་དང་ནི་བྲལ་བའི་སེམས། བཅོས། འཁོར་བར་ལྷུང་བ་ལ་སྐྲགས་ཏེ།
    ༢༽རིན་པོ་ཆེ་ལ་དགའ་མཁན་ཞིག་ཡིན་པའི་ངོས་ནས་ལྷག་བསམ་གྱི་ཞུ་བ་ཞིག་འབུལ་རྒྱུ་དང་། སྒོམ་ལ་དགའ་མཁན་ཞིག་ཡིན་པའི་ཆ་ནས་བསམ་འཆར་ཕྲན་བུ་ཞིག་ཞུ་བ་ནི། ཁོང་གི་སྒོམ་གྱི་སྐོར་དུམ་བུ་བཞི་ཙམ་ལ་ཉན་པ་ཡིན།
    རིན་པོ་ཆེས་སྒོམ་གསུངས་པ་ལེགས་ཀྱང་བོད་སྐད་དུ་གསུངས་གནང་ཚེ་ཅུང་ཟད་རེ་ཞིབ་ཆ་གནང་རོགས་ཞུ་རྒྱུ། བློ་རིག་དང་སེམས་སེམས་བྱུང་ལ་རྒྱུས་ཅུང་ཟད་ཡོད་མཁན་ཞིག་ཡིན་ཚེ་ལོག་ལྟ་སྐྱེ་སྲིད་པས་སོ། ཉན་མཁན་ཞིག་གི་ངོས་ནས་ཞུས་པ་ཡིན། སྤྲོས་མེད་དང་། ཆོག་ཤེས། གང་བདེ་བདེ་སོགས་རང་ལ་ཡོད་ན་ཡོན་ཏན་ཡིན་ཀྱང་། གཞན་ལ་བྱས་ཚེ། སྣང་ཆུང་། སེར་སྣ། ཁྱད་གསོད་དུ་འགྱུར་བས་གཟབ་དགོས། སྒོམ་ནི་བདེ་འགྲོ་དང་ངན་འགྲོའི་ས་མཚམས། དགེ་སྡིག་གི་བག་ཆགས་འཐུག་པོ་བསྐྲུན་པའི་ཐབས་ཡིན་པས། གཞན་གྱི་རྣམ་གྲོལ་ཐར་བའི་སྲོག་རྩ་གང་བདེ་བདེ་གཏན་ནས་མི་རུང་། སྟོང་ཉིད་བདུན་ཅུ་པ་ལས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང་། །དེ་ནི་སྟོན་པས་མ་རིག་གསུངས། །ཞེས་པ་ལྟར། མ་རིག་པ་ཡོད་ཡོད་པ་ལ་སྣོན་པ་བྱེད་པར་སྒོམ་གནང་མི་དགོས། གཞན་གྱི་སེམས་བདེ་བ་ཙམ་འོང་པ་གསུངས་མཁན་ངོས་ནས་ལྷག་བསམ་ཡིན་སྲིད་ཀྱང་། ཉམས་སུ་ལེན་མཁན་ངོས་ནས་སྲིད་པར་སྦྱོར་བའི་ལས་དུག་སྨན་གྱིས་བཟི་བཅུག་པ་དང་ཀུན་ནས་མཚུངས།སྙིགས་དུས་ངན་འགྲོར་འཇུག་ལ་བྲེལ་བའི་ལས་ངན་བྱེ་བ་སྙེད་ཀྱི་དགའ་བསུ་དང་ཐལ་མོའི་སྒྲས་རྗེས་སུ་མི་འབྲངས་པར།  ཉན་མཁན་གཉིས་གསུམ་ཞིག་ལས་མེད་ཀྱང་སྒོམ་གང་གནང་པ་རྣམ་གྲོལ་གྱི་ལམ་ལ་འཇུག་པ་ཞིག་ཐུགས་རྗེ་མ་ཆུང་ཞེས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་ལེགས་སོ། །

  15. རྡོ་རྒོད says:
    2018-02-25 at 5:48 am

    ཨ་རོགས་བླ་ཆུང་འདིའི་སྐོར་ཡག་མོ་ཅིག་གོ་རྒྱུ་མེད་གི

  16. ཀ་མི་གདུང་ཕྲུག says:
    2019-11-19 at 1:36 am

    གོང་དུ་༧སྐྱབས་རྗེ་རིན་པོ་ཆེ་གང་ཉིད་མཆོག་ལ་མཚན་སྨད་ཞུ་བའི་དགག་པའི་མཆན་འགྲེམ་པ་དག ཁྱེད་རྣམས་ཕྱོགས་སྔས་ནམ་མ་ལངས་པར། དགག་པའི་ཉི་མ་མ་ཤར་ཞུ་བར་འདོད། རང་ལ་ཁ་གང་བདེ་དང་། ཚིག་སྐམ་མང་དག་སྐྱོར་རྒྱུ་ཙམ་གྱིས་སྐྱེས་བུ་དམ་པར་སྐྱོན་དུ་འགྲན་པར་དགོད་བྲོ་བའི་གནས་ཤིག་རེད། ཅི་སྟེ་ཁྱེད་ཅག་དོན་དངོས་ཀྱི་ཉམས་ལེན་པ་ཞིག་ཡིན་ན། སྒོམ་གྱི་མྱོང་ཁྲིད་ཞིག་གནང་དང་། དཔེར་ན། དྲན་ཤེས་ལྟ་བུ་ངོ་བོ་དང་། བྱེད་ལས་སོགས་སྐྱེས་བུ་མཆོག་དམན་སུས་ཉན་ཀྱང་གོ་ཐུབ་པ་ཞིག་གསུངས་དང། ད་ཚོད་ཕོ་ཁྱོ་གའི་ཉམས་བཟང་ཐོན་ཡོང་། དང་པོ་རང་ལ་ལྗིད་ཚད་ག་ཚོད་ཡོད་མེད་མ་བརྟག་པར་ལྕགས་སྒམ་སྟོང་པའི་རང་སྒྲ་སིང་སིང་དུ་བསྒྲགས་པ་ནམ་ཡང་རྣ་བར་མི་ཉན་ལ། རང་ཉིད་ཉམས་པས་སྙིང་རྗེ་ལྷག་ཏུ་འཕེལ། མདོ་ལས་ངའམ་ང་དང་འདྲ་བའི་གང་ཟག་གིས་ཚོད་བཟུང་གི། གང་ཟག་གིས་གང་ཟག་ཚོད་བཟུང་བར་མི་བྱ་ཏེ་ཉམས་པར་འགྱུར་ཏ་རེ། ཞེས་དང་། རྒྱལ་ཚབ་ཐམས་ཅད་མཁྱེན་པས། ཐལ་བའི་གཡོག་པའི་མེ་དོང་བཞིན། སེམས་ཅན་གཞན་དག་ལ་དག་སྣང་སྦྱང་བར་མི་ནུས་ནའང་། སྐྱོན་བརྗོད་ཀྱི་སྨྲ་བ་ཉུང་དུ་བྱས་ན་མཛེས་སོ། ཞེས་སོགས་གསུངས་པ་ནང་ལྟར་ཁྱེད་རྣམས་ཀྱིས་ཐུགས་དབྱིངས་སུ་ཆུབ་པར་འཚལ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme