Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡོངས་ཁྱབ་གསལ་བསྒྲགས།

Posted on 2015-03-032015-03-03 By ཁ་བརྡ་ 2 Comments on ཡོངས་ཁྱབ་གསལ་བསྒྲགས།

རྒྱང་མིག་གིས་འོས་སྦྱོར་ཞུས།

 
བྱང་ཨ་རིའི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༣ པ་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༣༠ ནས་ཕྱི་ཟླ་ ༩ ཚེས་ ༡ བར་ཉིན་གསུམ་རིང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་དང་སྤྱི་འཐུས་བཀྲིས་རྣམ་རྒྱལ་དང་ནོར་བུ་ཚེ་རིང་རྣམ་གསུམ་དབུ་བཞུགས་ཐོག་ཚོགས་འདུ་བསྐྱངས་པར་སྤྱི་མཐུན་ཚོགས་པ་ངོ་གྲངས་༢༡ གི་འཐུས་མི་ ༣༣ མཉམ་བཞུགས་གནང་སྟེ་གྲོས་གཞི་དོན་ཚན་ ༣ པའི་གྲོས་ཆོད་ “ ༧ གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་ག་སྟོན་དང་བསྟུན་བཀའ་དྲིན་རྗེས་དྲན་ཞུ་སླད། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ ཌི་སི་ཁུལ་དུ་ ༧ གོང་ས་མཆོག་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཐད་ཨ་རིའི་སྐུ་ཚབ་དོན་གཅོད་བརྒྱུད་གསོལ་འདེབས་ཞུ་རྒྱུ་” ཞེས་པ་སྤྱི་མོས་གྲོས་མཐུན་བྱུང་སྟབས་བྱང་ཨ་རིའི་བོད་མིའི་སྤྱི་མཐུན་ཚོགས་པ་ཁག་གཙོ་བོར་གྱུར་བའི་དད་ལྡན་ཡོངས་ནས་བརྟན་བཞུགས་འདེགས་འབུལ་དང་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་བསྐྱངས་རྒྱུ་དང་། དེ་མཉམ་སྒྲོལ་དཀར་ཚེ་དབང་དང་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་ཤིག་ཀྱང་བཀའ་དྲིན་ཆེ་རྒྱུའི་བཀའ་བཞེས་སྐལ་བཟང་ཕྱིར་ཕེབས་ལྟར། དེ་དོན་ས་གནས་སྤྱི་མཐུན་ཚོགས་པ་ཁག་ནས་ཉེ་སྔོན་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བཀའ་དྲིན་བསྐྱངས་པའི་ཉིན་གཞུང་འབྲེལ་གསལ་བསྒྲགས་བསྐྱངས་ཡོད་པ་དགོངས་མངའ་བཞིན།
ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༩ དང་ ༡༠ ཉིན་ནིག་ཡོག་གྲོང་ཁྱེར་དུ་གསུང་ཆོས་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་དུས་ཚེས་གཏན་འབེབས་བྱུང་ཡོད། བཀའ་དྲིན་རྗེས་དྲན་གྱི་མཛད་སྒོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་དམིགས་བསལ་མགྲོན་འབོད་ཞུས་ཡོད།

 

༡༽ འགྲོ་གྲོན་ཐད་ཡོང་འབབ་དམིགས་རྟེན།

བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་འགྲོ་གྲོན་སྟེང་བྱུང་སོང་ཁ་འཐབ་ཙམ་ཡོང་རྒྱུའི་དམིགས་ཡུལ་ལས་ཁེ་ཕན་བཟོ་འདོད་ཀྱི་ཀུན་སློང་གཏན་ནས་མེད་པའི་ཕྱག་འཁྱེར་རྣམས་རིན་གོང་འོས་འཚམས་ཐོག་གཏན་འབེབས་ཞུས་ཡོད་པས། རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་དད་ལྡན་ཡོངས་ལ་ཞལ་འདེབས་འབོད་སྐུལ་ཞུ་རྒྱུ་རེ་འདུན་གཙོ་བོ་བཅངས་ཡོད། ཉིན་གཉིས་ཀྱི་མཛད་རིམ་ལ་ཕྱག་འཁྱེར་རིན་གོང་ཨ་སྒོར་ ༡༧༥ དང་། ༡༥༠། ༡༠༠། ༧༥ བཅས་ལ་གཏན་འབེབས་ཞུས་ཡོད། གྲྭ་བཙུན་དང་ཕྲུ་གུ་ལོ་གཉིས་མན་རིན་མེད་ཡིན་པས་དོ་བདག་གི་ངོ་རྟགས་ཡིག་ཆ་མིག་སྟོན་ཞུ་དགོས།

 

དད་ལྡན་གཏོང་ཕོད་ཅན་ཞལ་འདེབས་འབུལ་མི་ཚོར་དམིགས་བསལ་ཆེ་མཐོང་མཐུན་རྐྱེན་གོ་སྒྲིག་ཞུས་པ་གཤམ་གསལ་ལྟར།

ཀ ཨ་སྒོར་ ༥༠༠༠ ཡན་ཞལ་འདེབས་ཕུལ་མིར་སྒོ་འཛུལ་ཕྱག་ཁྱེར་ ༥ འབུལ་རྒྱུ།

ཁ ཨ་སྒོར་ ༣༠༠༠ ཡན་ཞལ་འདེབས་ཕུལ་མིར་སྒོ་འཛུལ་ཕྱག་ཁྱེར་ ༣ འབུལ་རྒྱུ།

ག ཨ་སྒོར་ ༢༠༠༠ ཡན་ཞལ་འདེབས་ཕུལ་མིར་སྒོ་འཛུལ་ཕྱག་ཁྱེར་ ༢ འབུལ་རྒྱུ།

ང ཨ་སྒོར་ ༡༠༠༠ ཡན་ཞལ་འདེབས་ཕུལ་མིར་སྒོ་འཛུལ་ཕྱག་ཁྱེར་ ༡ འབུལ་རྒྱུ།
དེའི་ཐོག་དམིགས་བསལ་ཞབས་སྟེགས་དང་ཉིན་གུང་གསོལ་ཚིགས། ཕེབས་སྒོ་ཟུར་བཅད་གོ་སྒྲིག་ཞུ་རྒྱུ་ཡིན། སྒོ་འཛུལ་ཕྱག་ཁྱེར་རྣམས་ Ticketmaster བརྒྱུད་སྤུས་གཟིགས་གནང་ཆོག ཡིན་ནའང་རང་རིགས་བོད་མི་ཚོས་སྒོ་འཛུལ་ཕྱག་ཁྱེར་སྡེབ་ཉོ་སྟབས་བདེ་ཡོང་ཆེད་དམིགས་བསལ་དུས་ཚེས་རྒྱས་བཅད་གཏན་འབེབས་ཞུ་རྒྱུ་དང་། འདིའི་སྐོར་རིང་མིན་ཟུར་དུ་གསལ་བསྒྲགས་ཞུ་རྒྱུ་ཡིན།

 

༢༽ དངུལ་རྩིས།

མཛད་སྒོ་འདི་དང་འབྲེལ་བའི་བྱུང་སོང་རྩིས་ཁྲ་རྣམས་ཁྲིམས་མཐུན་འཕེར་བའི་དེང་དུས་རྩིས་ཁྲ་འཇོག་སྲོལ་ཉར་ཚགས་ཞུ་རྒྱུ་དང་། འགྲོ་སོང་གཏོང་ཕྱོགས་ཐད་བྱ་སྤུ་བསྣོན་ལྟར་དག་མཆན་གནང་ཆེད་སྐུ་དབང་ཚད་ལྡན་ཡོད་པའི་ཚོགས་མི་ཆེད་འཛུགས་ཞུས་ཡོད། མཛད་སྒོའི་མཇུག་ཏུ་བྱུང་སོང་རྩིས་ཁྲ་རྣམས་ཕྱི་གསལ་ནང་གསལ་ཐོག་དད་ལྡན་མང་ཚོགས་ལ་གསལ་བསྒྲགས་ཞུ་རྒྱུ་ཡིན།

 

༣༽ རིག་གཞུང་འཁྲབ་སྟོན།

བོད་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་ཆེད་བྱང་ཨ་རིའི་སྤྱི་མཐུན་ཚོགས་པའི་གཟའ་ མཇུག་རིག་གཞུང་སློབ་གྲྭ་ཁག་དང་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་མི་རྒན་གྲས་ནང་ཁུལ་གཞས་སྣ་འཁྲབ་སྟོན་འགྲན་བསྡུར་བྱས་འབྲས་རྩེ་སོན་གསུམ་བཀའ་དྲིན་རྗེས་དྲན་གྱི་དངོས་གཞིའི་མཛད་སྒོར་ ༧ གོང་ས་མཆོག་ལ་གཟུགས་འབུལ་ཞུ་རྒྱུའི་སྐལ་བཟང་གོ་སྐབས་འབུལ་རྒྱུ། འགྲན་བསྡུར་དུས་ཚེས་དང་ས་གནས་གཏན་ འབེབས་བྱུང་མཚམས། རིག་ལྡན་སྒྲོལ་མ་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་རྒྱུ།

 

༤༽ ཆོས་ཞུ་བ་བཞུགས་གནས།

ཆོས་ཞུ་བ་རྣམས་ཀྱི་བཞུགས་གནས་ཐད་ཚོགས་ཁང་ཉེ་འདབས་སུ་མགྲོན་ཁང་དང་སློབ་གྲྭའི་ཉལ་ཁང་སོགས་རིན་གོང་ཆག་ཡང་ཡོང་བའི་མཐུན་རྐྱེན་སྒྲུབ་ཆེད་འབད་བརྩོན་ཞུ་རྒྱུ་ཡིན། འོན་ཀྱང་ཆོས་ཞུ་བ་སོ་སོས་མགྲོན་ཁང་མངག་གཡར་བྱེད་དགོས་པ་ལས་ཚོགས་ཆུང་ནས་གཡར་ལེན་ཞུ་རྒྱུ་མིན། བརྟན་བཞུགས་བསྟར་འབུལ་མཛད་སྒོ་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ་མཁྱེན་འདོད་ཡོད་རིགས་ཆོས་ཞུགས་པ་སེར་སྐྱ་ཡོངས་ནས་གཤམ་གསལ་སྡེ་ཚན་སོ་སོར་འབྲེལ་གཏུགས་གནང་རོགས་ཞུ།

 

བརྟན་བཞུགས་འབྲེལ་ཆགས་སྤྱིར་བཏང་བཀའ་བརྩད་ཡོད་ཚེ།

༡༽ བྱང་ཨ་རིའི་སྤྱི་འཐུས་ནོར་བུ་ཚེ་རིང་ལ་ཞལ་པར་ ༩༠༥ ༢༨༤ ༣༧༠༣ །
༢༽བྱང་ཨ་རིའི་སྤྱི་འཐུས་བཀྲིས་རྣམ་རྒྱལ་ལ་ཞལ་པར་ ༢༠༦ ༣༠༠ ༢༨༩༡ །

 

མཆོད་སྒྲིག་དང་སྡིང་ཆའི་འགན་འཁུར་པ།

༣༽ སྐུ་ཞོག་དབང་འདུས་ལ་ཞལ་པར་ ༣༡༠ ༥༩༢ ༦༠༤༡ །

 

ཆོས་ཞུགས་པར་རིན་གོང་ཆག་ཡང་མགྲྲོན་ཁང་གོ་སྒྲིག་འབྲེལ་མཐུད་པ།

༤༽ བསོད་ནམས་རྒྱ་མཚོ་ལ་ཞལ་པར་ ༩༡༧ ༣༧༠ ༦༨༤༣ །

 

དྲ་རྒྱ་དང་གསར་འགོད་བརྒྱུད་ལམ་འགན་འཁུར་པ།

༥༽ དཀོན་མཆོག་བཀྲིས་ལ་ཞལ་པར་ ༥༡༠ ༣༨༤ ༧༥༦༦ །
༦༽ སྐལ་བཟང་འབྱུང་གནས་ལ་ཞལ་པར་ ༥༡༠ ༣༣༣ ༩༢༦༧ །

 

རིག་གཞུང་འཁྲབ་སྟོན་འགན་འཁུར་པ།
༧༽ རིག་ལྡན་སྒྲོལ་མ་ལ་ཞལ་པར་ ༥༧༡ ༩༦༩ ༨༩༦༠ །

 

བཀའ་དྲིན་རྗེས་དྲན་མཛད་སྒོའི་འབྲེལ་མཐུད་པ།

༨༽ རྣམ་རྒྱལ་རྡོ་རྗེ་ལ་ཞལ་པར་ ༧༦༣ ༢༤༥ ༩༦༡༥ །
མང་ཚོགས་འདུ་འཛོམས་འགན་འཁུར་པ།
༩༽ ཚུལ་ཁྲིམས་དཔལ་ལྡན་ལ་ཞལ་པར་ ༦༡༥ ༥༣༠ ༠༨༩༤ །

 

འོད་སྡེར་འགྲེམས་སྤེལ་དང་ཐད་ཀར་རྒྱང་སྲིང་འགན་འཁུར་པ།

༡༠༽ བསོད་ནམས་རྡོ་རྗེ་ལ་ཞལ་པར་ ༦༤༧ ༧༧༠ ༡༠༦༥ །

 

སྒོ་འཛུལ་ཕྱག་ཁྱེར་དང་རྒྱན་ཤོག་འཁན་འཁུར་པ།

༡༡༽ གཅུང་ཚེ་རིང་ལ་ཞལ་པར་ ༦༠༨ ༥༡༥ ༡༡༤༠ །

                      ~ བཀྲ་ཤིས་བདེ་ལེགས ~

unnamed

unnamed-1

གསལ་བསྒྲགས།

Post navigation

Previous Post: སངས་ཆོས་དང་ཧིན་ཆོས་གཉིས་ཀྱི་འཇམ་དབྱངས་དང་གཤིན་རྗེ་གཤེད།
Next Post: བོད་ཀྱི་དེང་རབས་རི་མོའི་སྒྱུ་རྩལ་འགྲེམས་སྟོན་གསལ་བསྒྲགས།

Comments (2) on “ཡོངས་ཁྱབ་གསལ་བསྒྲགས།”

  1. ཇུས་ཏོག says:
    2015-03-03 at 6:10 am

    ཁྱེད་ཀྱི་ཡང་ཡང་གསལ་བསྒྲགས་ལ་མངོན་པར་གཏོང་དོ་།

  2. བསམ་གྲུབ། says:
    2015-03-03 at 1:17 pm

    བཀྲིན་ཆེ། ངོས་གོ་ཐོས་ལ་ཐོག་མར་ཝ་ཤིན་ཀྲོན་དུ་ཡིན་སྐད། ད འགྱུར་བ་སོང་ནི་རེད། ཚང་ག་རྒྱབ་ན་མི་རག་གི། བདག་རྩ་ཆེར་དང་དབང་ཆ་འཐབ་རྩོད་ཀྱི་ཕན་རླབས་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme