Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡོངས་ཁྱབ་གསལ་བསྒྲགས།

Posted on 2013-05-292013-05-29 By ཁ་བརྡ་ 13 Comments on ཡོངས་ཁྱབ་གསལ་བསྒྲགས།

མཁོ་སྤྲོད་པ། ཚེ་རིང་དབང་ཕྱུག

ཉེ་ཆར་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༦ ཉིན་རྒྱ་ནག་གཞུང་གི་ཕྱི་གཏོང་བརྙན་འཕྲིན་སྒོ་ལམ་ CCTV 4 ཐོག་རང་ལུས་མེར་སྲེག་གི་གནད་དོན་ངོ་སྤྲོད་ཀྱི་བརྙན་པར་བརྡ་ཁྱབ་ཅིག་སྤེལ་ཡོད་པའི་བརྗོད་དོན་སྙིང་པོར་བོད་ནང་བྱུང་བའི་རང་ལུས་མེར་སྲེག་གི་རྒྱུ་རྐྱེན་གཙོ་བོ་བོད་ཀྱི་ཕྱི་ནས་ངན་བསྐུལ་བྱས་ཡོད་ཚུལ་དང༌། དེའི་སྒྲུབ་བྱེད་ཀྱི་ཚུལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང༌། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང༌། བཀའ་ཟུར་ཀིརྟི་རིན་པོ་ཆེ་སོགས་ཀྱི་གསུང་བཤད་དུམ་བུ་འགའ་རྒྱ་གཞུང་གི་དགོས་མཁོ་ལྟར་གཏུབས་བསྒྲིགས་བྱས་ཏེ་ལུང་འདྲེན་བྱས་ཁུལ་བྱས་འདུག་པ་ནི། ཁྲིམས་ལུགས་དང་མིའི་བཟང་སྤྱོད་གཉིས་ཀ་དང་ཡོངས་སུ་འགལ་བའི་ཐ་ཤལ་གྱི་བྱ་ཐབས་ཤིག་ཡིན་པར་མ་ཟད། ཡར་ཐོན་ཅན་གྱི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལོང་བ་དང་ལྐུགས་པ་ལྟ་བུར་བརྩིས་པའི་དམའ་འབེབས་ཆེན་པོ་ཞིག་ཀྱང་རེད། བརྡ་ཁྱབ་དེའི་བརྗོད་དོན་ཁག་ལ་བདེན་ཆ་སྤུ་ཙམ་མེད་ཅིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཡང་རྒྱ་ནག་གཞུང་ལ་ཡིད་ཆེས་འཕེར་བའི་ཁུངས་སྐྱེལ་བསྟན་རྒྱུ་མེད་སྐོར་ཐོན་ཡོད། སྔོན་དུ་ལན་མང་བསྒྲགས་ཟིན་པ་ལྟར་བོད་ནང་བྱུང་བའི་དོན་རྐྱེན་དེ་དག་ཕྱི་ནས་ངན་བསྐུལ་བྱས་པ་ཞིག་ཡིན་མིན་རྟོག་ཞིབ་སླད་ཞིབ་དཔྱོད་ཇི་འདྲ་ཞིག་བྱ་འདུན་ཡོད་རུང་ང་ཚོས་དང་ལེན་ཞུ་རྒྱུ་ཡིན།

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐོག་མ་ཉིད་ནས་ཚབས་ཆེའི་ལས་འགུལ་དེ་རིགས་མུ་མཐུད་མི་སྤེལ་བའི་འབོད་བསྐུལ་གསལ་ལ་ནན་པ་ཡོངས་ཁྱབ་ཏུ་ཞུས་ཡོད་པ་དང༌། ང་ཚོས་ཁ་ཞེ་གཉིས་མེད་དང་བསམ་པ་རྣམ་དག་གིས་འབོད་བསྐུལ་དང་འབད་རྩོལ་ཇི་ལྟར་ཞུས་ཡོད་མེད་ཕྱི་ནང་ཀུན་གྱི་དྲན་ལམ་དང་མིག་སྔར་གནས་ཡོད་པ་མ་ཟད། ཡིད་ཆེས་དང་གདེང་འཇོག་འཕེར་བའི་རྒྱལ་སྤྱིའི་གྲགས་ཅན་ཚོགས་སྒེར་མང་པོས་ཀྱང་དེ་དག་ལ་ངོས་ལེན་དང་བདེན་དཔང་གསལ་པོ་བྱས་ཡོད།

ཉེ་སྔོན་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༢ དང་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༨ སོ་སོར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་བསྩལ་བའི་ནང་དུའང༌། བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་མཚམས་འཇོག་བགྱིས་ན་ལེགས་ཚུལ་ཕེབས་ཡོད་པ་ལྟར། ད་ལམ་ཡོངས་ཁྱབ་གསལ་བསྒྲགས་འདི་བརྒྱུད་གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་རང་ལུས་མེར་སྲེག་གིས་གཙོས་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་བསྐུལ་བསྐྱར་ནན་ཞུ་རྒྱུ་ཡིན། བོད་མི་སྤྱི་ཡོངས་ཀྱི་མངོན་འདོད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང༌། བོད་མིའི་རང་དབང་སླར་གསོ་ཡོང་ཐབས་ལ་འབད་བརྩོན་མུ་མཐུད་ཞུ་རྒྱུ་ཡིན་ན། དེ་ལུགས་ཚང་མས་ཐུགས་སྣང་གཟབ་བསྐྱེད་གནང་འོས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྤྱི་ཁྱབ་བཀའ་ཤག་གིས། བོད་རྒྱལ་ལོ་ ༢༡༤༠ ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༩ ལ་སྤེལ།། །།

གསལ་བསྒྲགས།

Post navigation

Previous Post: འཕགས་ཡུལ་རྡོར་གླིང་སུ་ཁེ་ཀིརྟིའི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་བསྐྱར་བཞེངས་ཀྱི་ཐོག་མའི་ས་ཆོག་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་གནང་བ།
Next Post: རང་ལུས་མེར་བསྲེགས་སྐོར་ལ་ཕྱི་རྒྱལ་མི་དཀྱུས་ཚོའི་བསམ་ཚུལ།།

Comments (13) on “ཡོངས་ཁྱབ་གསལ་བསྒྲགས།”

  1. ཁྱབ་འཇུག says:
    2013-05-29 at 9:59 am

    གནས་ཆུང་གཙོ་བྱས་བའི་ཆོས་སྐྱོང་སྲུང་མ་དེ་དག་གིས་ང་ཚོ་བསྐྱབས་བཏང་ན་ཅིའི་ཕྱིར་མི་ཆོག་གམ། ཡང་ན་བོད་པའི་འཐད་རྩོད་ཀྱི་ཁ་ཕྱོགས་ཤིག་གམ་ང་ཚོར་ནམ་ཞིག་ལ་རང་དབང་ཐོབ་མིན་གསལ་བོ་ཞིག་བཤད་བཏང་ན་ཅིའི་མི་ཆོག་གམ། ང་ཚོ་ད་དུང་ཡང་ལྷ་ལ་རེ་རྒྱུ་ཡིན་ནམ། ང་ཚོ་ནམ་ཞིག་ལ་ལྷས་བསྐྱབས་ཡོད་དམ། ང་ཚོ་དངོས་ནས་སད་རན་འདུག
    ང་ཚོ་སྐྱོབ་མཁན་ནི་ང་ཚོ་རང་ཉིད་ཡིན་པ་ལས་ནམ་ཡང་གཏན་དུ་ལྷ་ཡིན་མི་སྲིད་ལ་ང་ཚོའི་ལྷ་གླུ་གཞི་བདག་དེ་ཚོས་དམར་དམག་གི་བ་སྤུ་གཅིག་ཀྱང་བཏོག་ཐུབ་གི་མ་རེད། མི་བདེན་ན་ཚོད་ལྟ་ཞིག་བྱོས་དང་།

  2. རྩེ་བློ་བཟང་བཀྲ་ཤིས། says:
    2013-05-29 at 11:04 am

    རང་ལུས་མེར་བསྲེགས་ཤུགས་ཆེ་རུ་གཏོང་མཁན་ཁྱེད་ཡིན་པཱ། ཁྱེད་ནས་རྫུན་མ་ག་ཚོད་བཤད་མེད་དམ། ཟམ་གདོང་རིན་པོ་ཆེ་དང། བཀྲས་མཐོང་སོགས་ཀྱིས་བོད་ནང་དུ་དངོས་ཡོད་གནས་ཚུལ་གསལ་བཤད་གསལ་བོ་གནང་དགོས་པ་རེད་ཅེས་ག་ཚོད་གསུངས་ཀྱང། ཁྱེད་ནས་འདྲ་མི་འདྲ་བཤད་ནས་མི་དོམ་ནག་དེས་རང་སྲེག་བཏང་བ་རེད། དེ་རིང་གནས་ཆུང་བེད་སྤྱོད་བཏང་ནས་ག་རེ་ཡིན་པཱ། ཁྱི་ཕྲུག་ཁྱེད། ཞབས་འདྲེན་ཁྱེད།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-05-29 at 11:11 am

    ཉེ་སྔོན་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༢ དང་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༨ སོ་སོར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་བསྩལ་བའི་ནང་དུའང༌། བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་མཚམས་འཇོག་བགྱིས་ན་ལེགས་ཚུལ་ཕེབས་ཡོད་པ་ལྟར། ད་ལམ་ཡོངས་ཁྱབ་གསལ་བསྒྲགས་འདི་བརྒྱུད་གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་རང་ལུས་མེར་སྲེག་གིས་གཙོས་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་བསྐུལ་བསྐྱར་ནན་ཞུ་རྒྱུ་ཡིན། བོད་མི་སྤྱི་ཡོངས་ཀྱི་མངོན་འདོད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང༌། བོད་མིའི་རང་དབང་སླར་གསོ་ཡོང་ཐབས་ལ་འབད་བརྩོན་མུ་མཐུད་ཞུ་རྒྱུ་ཡིན་ན། དེ་ལུགས་ཚང་མས་ཐུགས་སྣང་གཟབ་བསྐྱེད་གནང་འོས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ།
    བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྤྱི་ཁྱབ་བཀའ་ཤག་གིས། བོད་རྒྱལ་ལོ་ ༢༡༤༠ ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༩ ལ་སྤེལ།། །།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-05-29 at 12:15 pm

    ལྷ་མིའི་ལྟ་སྤྱོད་མཐུན་ཞེས་གྲགས། །
    རྩེ་མཐུན་ལུང་བསྟན་བརྩིས་འོས་སོ། །

  5. ནུབ་ཕྱོགས་གངས་ཕྲུག་ says:
    2013-05-29 at 12:27 pm

    སྲིད་སྐྱོང་བློ་སེང་ཁ་སྟོང་པ་བསྐྱར་བཤད་ཤ་སྟག་བྱེད་མཁན་ཞིག་རེད། ད་ལྟ་བར་དུ་གྲུབ་འབྲས་གང་ཡང་ཐོན་མ་སོང་།

  6. དཔལ་སྟུག says:
    2013-05-29 at 12:40 pm

    ད་ཡིན་ན་བཀའ་བཀྱོན་དང་སྐྱོན་བརྗོད་ཁོ་ན་རེད་འདུག་ངས་ལྟོས་ན་རྙིང་མ་དང་དགེ་ལུགས་ཟེར་བའི་ཕྱོགས་ཞེན་གྱི་ཚིག་འདི་དག་བེད་སྤྱོད་གནང་ན་ཡག་པོ་མི་འདུག་སྙམ། གནས་ཆུང་རྙིང་མ་ཡིན་པའི་རྒྱུ་མཚན་ངང་ཡོད་རེད།

  7. དཔལ་སྟུག says:
    2013-05-29 at 12:42 pm

    གང་ཡོད།

  8. རོང་པོ་མཇོ་ན་ནས་ says:
    2013-05-29 at 1:18 pm

    འདི་འདྲ་བའི་མགོ་གཞུག་མེད་པའི་ཆབ་སྲིད་ནང་ཁུལ་གཡོ་སྒྱུའི་ལས་ཀ་ཁོ་ནས་མི་ལོ་དྲུག་བཅུ་ནང་ཕྱིན་ཟིན་ནོ།།

  9. རིན་ཆེན says:
    2013-05-29 at 1:22 pm

    ༼ང་ཚོས་བོད་ནང་གི་བོད་མི་ཚོའི་ཆེད་དུ་དམངས་གཙོ་རྩོད་ཀྱི་མེད།
    ང་ཚོས་རྒྱ་ནག་དམར་ཕྱོགས་པའི་མགོ་རྟིང་སློག་ཆེད་ཁ་གཏད་གཅོག་གི་མེད།
    ང་ཚོས་ད་ལྟའི་སྒྲོམ་གཞིའི་འོག་ཡོད་པའི་དམར་ཕྱོགས་ཚོགས་པའི་ཁ་གཏད་གཅོག་གི་མེད།༽
    ཚིག་འདི་དག་འོག་གི་རྩོམ་ཡིག་ཞིག་ནས་དྲངས་པ་ཡིན།
    སྲིད་སྐྱོང་གིས་བཤད་པའི་གཏམ་འདི་དག་དང་དེ་རིང་གི་གསལ་བསྒྲགས་གཉིས་ཀྱི་བར་ན་ཁྱད་པར་འདུག་གམ། སྟུག་དྲི་ཤོར་ལ་ཉེ། བོད་མི་༡༡༧ཡི་སྙིང་སྟོབས་དང་ཤུལ་ལུས་ནང་མི་ཚོ་ཅི་ཞིག་བཤད་རྒྱུ་ཡིན་ནམ།
    ལྷ་མིན་འདྲ་མིན་ལ་ཡིད་ཆེས་དང་ཆབ་སྲིད་འདི་ཚོའི་ལག་ཏུ་བཞག་ཚེ། སྔ་ཕྱི་གཉིས་ལ་བོད་མི་རིགས་ལ་གྱོང་རྒུད་མ་གཏོགས་ཅི་ཡང་མི་འདུག སང་ཉིན་ཡང་དེ་མ་ཡིན་པའི་གཞན་ཞིག་བཤད་ཀྱི་རེད།ཅི་འདྲའི་བཀའ་ཤག་ཐབས་སྐྱོ་བོ་ཞིག་འདུག

  10. དཔལ་སྟུག says:
    2013-05-29 at 1:55 pm

    ད་ཡིན་ན་བློ་གཟི་བོར་གནས་པའི་སྒོ་ནས་ཕྱོགས་ཞེན་དང་འཐེན་ཁྱེར་ཉུང་རུ་བཏང་ནས་ལས་འགུལ་སྤེལ་རྒྱུ་ཆེས་གལ་ཆེན་རེད་སྙམ།

  11. ཤར་པ་ says:
    2013-05-31 at 12:05 am

    ཆབ་སྲིད་སྐོར་ལྷ་ལ་དྲིས་ན་གང་ཡང་མི་ཡོངས ། ༡༩༥༩གོང་ནས་ལྷ་ཡོད་ལ་བོད་ནང་བཙོན་པ་དེ་ཚོ་ལ་ཉིན་ཅིག་རོག་པ་བྱེད་པ་གོ་མ་སོང། ང་ཚོ་བོད་པའི་སྨོང་དད་ལ་༡༩༥༩གོང་ཀླ་ཀློ་རྒྱ་དམར་བོད་སྦས་ལུང་དག་ཞིང་ཡོང་མི་ཐུབ་
    ་པ་དང་གལ་སྲིད་ཡོང་་ཀྱང་གསྲུང་མ་མཐུ་རྩལ་ཅན་ཚོས་མཐའ་སྤྲོད་གཏང་ཚུལ་བསམ་པ་རེད། རྒྱ་མིས་གནམ་ཐོག་ནས་མེ་རྒྱོག་ཆར་པ་ནང་བཞིན་བབས་བཞིན་དུ་ད་དུང་དགོན་སྡེ་ཁག་ལ་སྐང་གསོ་འདོན་སྡད་པ་རེད། དེ་ཚོ་བསམ་ན་སྲུང་མའི་གང་ཡང་བྱེད་ཐབས་བྲལ་། རྒྱལ་བ་ཡིན་བཞིན་ནོར་བུ་རྡོར་གདན་ལ་གཉུང་གཞི་དྲག་པོ་བཞེས་སྐབས་ལྷ་དེ་ཚོས་སྔོན་ལ་གང་ཡང་མ་ལབ་རྗེས་ལ་འདྲ་མིན་གསུང་སྡད་པ་ཤེས་གསལ་ལོས་ཡིན། ལྷག་པར་ལྷ་ཡི་སྐུ་རྟེན་ཚོས་ལོ་རྒྱུས་ལ་བསམ་ན་སྐབས་རེ་ལྷ་ཡི་ལུང་བསྟན་དང་སྐབས་རེ་སྐུ་རྟེན་གྱི་ལུང་སྟན་ཡོང་གི་ཡོད་པར་ལོ་རྒྱུས་ལ་སེམས་ན་མགོ་རྙོག་པོ་རེད། བོད་པ་མི་རང་གིས་ཐབས་ཤེས་གལ་ཆེན་དང་མཐུན་སྒྲིལ་ཅིག་སྒྲིལ་དེ་གལ་ཆེ་ཤོས་ཡིན་ནོ།

  12. རང་དབང་ཨ་རྡུ་མན། says:
    2013-05-31 at 9:01 am

    དྲང་པོ་ཞུས་ན་་་་ལྷ་དང་བླ་མས་ཆབ་སྲིད་སྐྱོང་ཟེར་ཡག་དེ་སྤྱི་ཚོགས་ཐུར་ཏུ་འགྲོ་བའི་རྒྱུ་མཚན་གཙོ་བོ་ཞིག་དང་། ཆོས་ཕྱོགས་ནས་བཤད་ན་ལྟས་ནང་ལུང་པ་ནང་དུ་མི་ཤོང་བ་ཞིག་ཡིན་པ་ནི་གོར་མ་ཆགས།

  13. རང་དབང་ཨ་རྡུ་མན། says:
    2013-05-31 at 9:05 am

    དངོས་གནས་བྱས་ན་ལྷ་དང་བླ་མ་ཟེར་ཡག་དེ་་་་སྤྱི་ཚོགས་ནང་ཞི་བདེའི་ས་བོན་བསྐྲུན་མཁན་ཡིན་པ་རེད། དེང་སང་དེ་ལས་ལྡོག་སྟེ། ལྷ་དང་བླ་མ་གཉིས་དེ་སྤྱི་ཚོགས་ནང་ལོགས་ལ་དཀྲུགས་བཤིག་རྒྱབ་མཁན་ཨང་དང་པོ་དེ་ཆགས་ཡོད་པ་རེད།
    སོང་ཙང་མི་རེ་ངོ་རེ་ནས་བསམ་བློ་ཡག་པོ་ཞིག་གཏང་རན་འདུག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (63)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (51)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (26)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme