Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡོངས་ཁྱབ་གཞེན་བསྐུལ་གསལ་བསྒྲགས།

Posted on 2015-10-14 By ཁ་བརྡ 12 Comments on ཡོངས་ཁྱབ་གཞེན་བསྐུལ་གསལ་བསྒྲགས།

ཡོང་ཁུངས། རྒྱལ་བ་རིན་པོ་ཆེ་དྲ་ཚིགས།

 
༄༅།། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསུང་ཆོས་དང་། གསུང་བཤད། བཀའ་སློབ། བཅར་འདྲི་སོགས་ཅི་རིགས་ཕབ་བཤུས་དང་། ཕྱོགས་སྒྲིག པར་སྐྲུན་གནང་རྒྱུ་སོགས་ཀྱི་ལས་རིམ་གནང་བཞིན་པའི་ཚོགས་སྡེ་སྒྲིག་འཛུགས་དང་། སྐྱེ་བོ་སྒེར་ཡོངས་ཀྱི་སྙན་ལམ་དུ་གསོལ་རྒྱུར།

ཀུན་གྱིས་དགོངས་གསལ་བཞིན་འདས་པའི་ལོ་གྲངས་དྲུག་ཅུར་ཉེ་བའི་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་ས་བཞུགས་སྒར་དང་། རྒྱ་གར་ནང་ཁུལ་གཞིས་ཆགས་དང་དགོན་སྡེ་སློབ་གྲྭ་སོགས་དང་། འཇིག་རྟེན་ཤར་ནུབ་ཀྱི་ཡུལ་གྲུ་དང་ས་གནས་ཧ་ཅང་མང་པོར་༸ཞབས་ཀྱིས་བཅགས་ཏེ། གསུང་ཆོས་དང་། གསུང་བཤད། བཀའ་སློབ། བཅར་འདྲིར་བཀའ་ལན་སྩལ་བ་སོགས་གསུང་གི་མཛད་པ་མཐའ་ཀླས་པ་ཞིག་བསྐྱངས་གནང་མཛད་ཡོད་ནའང་། སྐུ་སྒེར་ཡིག་ཚང་དང་། དགའ་ལྡན་ཕོ་བྲང་ནས་གསུང་བཟང་དེ་དག་གི་སྒྲ་འཛིན་དང་བརྙན་པར་སོགས་ཆ་ཚང་དུས་ཐོག་བསྡུ་རུབ་དང་བདག་གཅེས་མ་ཐུབ་པའི་འཐུས་ཤོར་བྱུང་འདུག་པ་དང་། དེ་བཞིན་སྤྱི་སྒེར་མང་པོས་ལྷག་བསམ་བཟང་པོས་ཐུགས་ཁུར་བཞེས་ཏེ་དགའ་ལྡན་ཕོ་བྲང་གི་མཁྱེན་རྟོགས་དང་བཀའ་ཁྲོལ་ཡོད་མེད་ལ་མ་ལྟོས་པར་༸གོང་ས་མཆོག་གི་གསུང་ཕབ་བཤུས་དང་། ཕྱོགས་སྒྲིག་པར་སྐྲུན་བྱས་པ་དང་། འོད་སྡེར་བཟོས་པ་སོགས་ཇི་སྙེད་ཅིག་བྱུང་ཡོད་ཀྱང་། དེ་དག་ཁ་ཐོར་གྱི་རང་བཞིན་དུ་གནས་པ་ལས། ཕྱོགས་སྒྲིག་གཅིག་གྱུར་ཞིག་བྱུང་མེད་པ་དང་། ད་བར་༸གོང་ས་མཆོག་གི་གསུང་མཆིས་སོ་ཅོག་གི་དཀར་ཆག་ཅིག་ཀྱང་ཕྱོགས་སྒྲིག་བྱས་མེད་སྟབས། དེ་མུར་ཁ་ཐོར་དུ་གནས་ན། ཀུན་ལ་རྙེད་བདེ་མེད་ཁར། འབྱུང་འགྱུར་རིམ་པས་བོར་བརླག་འགྲོ་ཉེན་ཆེ་བ་བཅས་ལ་བརྟེན། ཕྱི་ལོ་ ༢༠༡༣ ཙམ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་གཞི་བཟུང་དགའ་ལྡན་ཕོ་བྲང་དུ་གསུང་འབུམ་ཕྱོགས་སྒྲིག་སྡེ་ཚན་ཞིག་ཟུར་འཛུགས་གནང་བ་དང་། སྡེ་ཚན་དེས་འབྱུང་འགྱུར་༸གོང་ས་མཆོག་གི་གསུང་མཆིས་སོ་ཅོག་བསྡུ་རུབ་ཀྱིས་ཕྱོགས་སྒྲིག་དང་། དག་ཞུས། པར་སྐྲུན་གནང་ཕྱོགས་བཅས་ཀྱི་གཞི་རྒྱ་ཆེ་བའི་ལས་རིམ་དང་། དེའི་རྩ་འཛིན་ལམ་སྟོན་གཏན་འབེབས་གནང་བཞིན་པ་ལགས་ན། ད་ལམ་༸གོང་ས་མཆོག་གི་གསུང་སྐྱེས་སུ་གཏོགས་པའི་སྤྱི་སྒེར་ཡོངས་ལ་གཞེན་བསྐུལ་ནན་པོ་ཞུ་རྒྱུའི་དོན་ཚན་ཁག་གཤམ་གསལ།

booksOfHH

༡ སྤྱི་སྒེར་སུ་ཞིག་ལ་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསུང་ཆོས་དང་། བཀའ་རྩོམ། གསུང་བཤད། བཀའ་སློབ། དྲིས་ལན། གསུང་འཕྲིན། ཆེད་བརྗོད། དེབ་ཀྱི་སྔོན་གླེང་སོགས་སྐད་ཡིག་གང་དུ་ཡོད་ཀྱང་། དེ་དག་གི་སྒྲ་འཛིན་དང་། བརྙན་འཕྲིན། འོད་སྡེར། ཀམ་སྤུ་ཀྲར་གྱི་མཁྲེགས་ཆས་སོགས་ཇི་ཡོད་ཀྱི་ཐོ་གཞུང་ཁ་གསལ་འདི་གར་གནང་སྐྱོང་ཡོང་བ་ཞུ་རྒྱུ་དང་། ཐོ་གཞུང་འབྱོར་མཚམས་འདི་གའི་དཀར་ཆག་དང་ཞིབ་བསྡུར་གྱིས་མ་དཔེ་འདི་གར་མེད་རིགས་ཀྱི་མ་དཔེ་ཡོངས་རྫོགས་འདི་གར་གཏོང་གནང་ཡོང་བའི་གནས་བྲིས་འབུལ་ལམ་ཞུ་རྒྱུ་ཡིན།

༢ རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་༸གོང་ས་མཆོག་གི་གསུང་གི་རིགས་མཐའ་དག་གི་བདག་དབང་༸གོང་ས་མཆོག་ཉིད་ལ་ཡོད་པ་སྨོས་མེད་ལ་བརྟེན། སྤྱི་སྒེར་སུ་ཞིག་གིས་༸གོང་ས་མཆོག་གི་གསུང་གི་རིགས་ཕབ་བཤུས་དང་། ཕྱོགས་སྒྲིག སྒྲ་བསྒྱུར། པར་སྐྲུན། འོད་སྡེར་སོགས་བཟོ་བསྐྲུན་གནང་འཆར་ཇི་ཡོད་སྔོན་ཚུད་དགའ་ལྡན་ཕོ་བྲང་གི་གསུང་འབུམ་ཕྱོགས་སྒྲིག་ཁང་ལ་འབྲེལ་གཏུགས་ཀྱིས་ལས་འཆར་བཀའ་ཁྲོལ་བཞེས་གནང་ཡོང་བ་ཞུ། འདི་ནི་ཚོང་དང་དཔལ་འབྱོར་མཁོ་སྒྲུབ་དང་འབྲེལ་བ་གཏན་ནས་མིན་པར། ལས་གཞི་ཟློས་སྐྱོན་མི་ཡོང་བ་དང་། གནང་ཕྱོགས་ཚད་ལྡན་གཅིག་གྱུར་ཡོང་ཐབས། ལྷག་པར་ཞུ་སྒྲིག་དང་སྒྲ་སྒྱུར་གནང་ཕྱོགས་འདི་གའི་རྩ་འཛིན་ལམ་སྟོན་དང་མཐུན་པ་ཡོང་ཐབས། དེ་བཞིན་དཀར་ཆག་ཨ་མའི་ནང་བཙུད་དེ་ཀུན་ལ་བདེ་བླག་ཏུ་ལག་སོན་ཐུབ་ཐབས་བཅས་ཀྱི་ཆེད་དུ་དམིགས་པ་ཡིན་པས་དེ་དོན་དགོངས་བཞེས་ཡོང་བ་ཞུ།

༣ གསུང་འབུམ་ཕྱོགས་སྒྲིག་དེབ་ཕྲེང་ཁག་པར་སྐྲུན་སྐབས་དེ་སྔ་ཐོར་བུ་པར་སྐྲུན་ཟིན་རིགས་ཀྱང་། བསྐྱར་དུ་པོད་ཕྲེང་ཨང་རིམ་གར་གཏོགས་སུ་པར་སྐྲུན་བྱ་འཆར་ཡིན་ན། སྒྲིག་འཛུགས་སམ་སྒེར་སུ་ཞིག་གིས་སྐད་ཡིག་གང་དུ་པར་སྐྲུན་ཟིན་རུང་། དགའ་ལྡན་ཕོ་བྲང་གི་གསུང་འབུམ་དེབ་ཕྲེང་དུ་པར་སྐྲུན་བྱ་རྒྱུར་དགག་བྱ་མེད་པ་ཞུ་རྒྱུ་བཅས་དགོངས་དབྱིངས་སུ་མངའ་བ་དང་།

༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཁའ་ཁྱབ་སྐྱེ་འགྲོ་ཡོངས་ལ་འཕྲལ་ཡུན་གཉིས་ཕན་གྱི་གསུང་བཟང་དེ་དག་གི་ཆ་ཤས་ཕྲ་མོ་རེའང་བོར་བརླག་ཏུ་སོང་ན་ཤིན་ཏུ་ཕངས་སྟབས། རྒྱལ་བསྟན་སྤྱི་དང་། བྱེ་བྲག་བོད་བརྒྱུད་ནང་བསྟན། བོད་མི་རིགས་བཅས་ཀྱི་འཕྲལ་ཡུན་གྱི་གལ་ཆེའི་དགོས་དམིགས་ལ་དགོངས་ཏེ། གསུང་འབུམ་ཕྱོགས་སྒྲིག་གི་ལས་གཞི་འདི་ལ་དད་དམ་ལྷག་བསམ་ཅན་ཡོངས་ནས་འཕྱར་གྲུ་མཉམ་འདེགས་ཀྱི་མཐུན་འགྱུར་རོགས་རམ་དང་། དགོངས་འཆར་ལམ་སྟོན་ལྷུག་སྩོལ་ཡོང་བ་ཞུ་རྒྱུའི་གཞེན་བསྐུལ་དུ། དྷ་ས་དགའ་ལྡན་ཕོ་བྲང་གསུང་འབུམ་ཕྱོགས་སྒྲིག་ཁང་ནས་ ༢༠༡༥ ཕྱི་ཟླ་ ༡༠ ཚེས་ ༡༢ ལ་ཕུལ།།

གསལ་བསྒྲགས།

Post navigation

Previous Post: བོད་ཡིག་ལ་རྒྱབ་སྐྱོར་ཐོབ་པའི་Android 6.0 Marshellow སྐོར།
Next Post: ཁ་ནོར་འདི་འདྲ་ངོ་ཚ་བོ་འདུག

Comments (12) on “ཡོངས་ཁྱབ་གཞེན་བསྐུལ་གསལ་བསྒྲགས།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-14 at 9:57 am

    སྐབས་རེར་དགའ་ལྡན་ཕོ་བྲང་གི་སྟངས་འཛིན་པ་འདི་དགོས་སར་ཆད་ནས་མི་དགོས་སར་ལྷག་བཅུག་མཁན་ཅིག་རེད་འདུག་་་་་་་ད་བར་དུ་བདག་པོ་རྒྱག་དགོས་རྒྱུ་གཙོ་བོ་དེ་གོང་ས༧མཆོག་གི་བཀའ་སློབ་གཙོས་མཛད་རྗེས་རྣམ་རེད་མ་གཏོགས་འབུལ་བ་ནོམ་པ་བདག་པོ་རྒྱག་ཡ་མ་རེད། ད་ལྟོས་དང་མི་ལོ་མང་པོ་དེ་འདྲ་སོང་དུས་གཞི་ནས་གསུང་རྣམས་པོ་ཏི་ལ་འགྲེམ་བརྩོན་འདུག་་་་་་གང་ཡིན་ནམ་་་་་

  2. རྡོ་སེངྒེ། says:
    2015-10-14 at 10:15 am

    ངོ་ཚ་མེད་པའི་སྐད་ཆ་རང་རེད། ༧གོང་ས་མཆོག་གི་གསུང་ཕབ་བཤུས་བྱེད་པར་ཁྱེད་ཚོའི་ཆོག་མཆན་དགོས་པ་རེད་དམ། རིན་པོ་ཆེའི་གསུང་ཚང་མ་འཛམ་གླིང་མི་མང་ཡོངས་ལ་གནང་ཡོད་པ་ལས་དགའ་ལྡན་ཕོ་བྲང་གཅིག་པོའི་མ་རེད། ད་དུང་༼དགའ་ལྡན་ཕོ་བྲང་གི་མཁྱེན་རྟོགས་དང་བཀའ་ཁྲོལ་ཡོད་མེད་ལ་མ་ལྟོས་པར་༸གོང་ས་མཆོག་གི་གསུང་ཕབ་བཤུས་དང་། ཕྱོགས་སྒྲིག་པར་སྐྲུན་བྱས་པ་དང་། འོད་སྡེར་བཟོས་པ་སོགས་ཇི་སྙེད་ཅིག་བྱུང་ཡོད།༽ཟེར།

  3. རིན་ཆེན says:
    2015-10-14 at 10:19 am

    ཆ་ཚང་བདག་པོ་དང་ཕྱོགས་སྒྲིགས་བྱེད་རྒྱུ་གལ་ཆེ་བས་བཀའ་དྲིན་ཆེ་ཞུ།གང་མགྱོགས་པར་སྐྲུན་དང་འགྲེམས་སྤེལ་གནང་ཐུབ་པའི་རེ་བ་ཡོད།

  4. ཆོས་འཕེལ་དར་རྒྱས་ says:
    2015-10-14 at 10:32 am

    བཟང་ཕྱོགས་ནས་བལྟས་ན། ཁོང་གིས་གང་གསུང་ཡོད་པ་དུས་ཚོད།་ས་ཆ་དང་གནས་སྟེང་གང་འདྲ་ཞིག་ལ་བསྟུན་ནས་དེ་འདྲ་གསུང་བ་སོགས་ཇེ་གསལ་ལ་འགྲོ་བ་དེ་རེད།། ངན་ས་ན་བཤད་ན་བསྐལ་བ་མང་ོའི་རྗེས་སུ་རྒྱལ་བ་འདི་བ་ཚང་གཏན་ཕེབས་རྗེས་དགའ་ཕོའི་དབང་འཛིན་པ་ཚོས་copy Right བཙོང་ནས་ཁ་གསོ་བྱེད་ཡང་དེ་རེད་འགྲོ་གི་རེད།།

  5. འཇམ་གཅེས། says:
    2015-10-14 at 1:35 pm

    ཡང་ཇུས་གཏོགས་མཁན་ཚོ་ངུ་བཞིན་པ་རེད་འདུག སྙིང་རྗེ།

  6. གཅན བཟོད་རྒྱམ། says:
    2015-10-14 at 3:37 pm

    (ལས་གཞི་ཟློས་སྐྱོན་མི་ཡོང་བ་དང་། གནང་ཕྱོགས་ཚད་ལྡན་གཅིག་གྱུར་ཡོང་ཐབས། ལྷག་པར་ཞུ་སྒྲིག་དང་སྒྲ་སྒྱུར་གནང་ཕྱོགས་འདི་གའི་རྩ་འཛིན་ལམ་སྟོན་དང་མཐུན་པ་ཡོང་ཐབས། དེ་བཞིན་དཀར་ཆག་ཨ་མའི་ནང་བཙུད་དེ་ཀུན་ལ་བདེ་བླག་ཏུ་ལག་སོན་ཐུབ་ཐབས་བཅས་ཀྱི་ཆེད་དུ་དམིགས་པ་ཡིན)
    ཟེར་བ་འདི་དངོས་གནས་དགོས་དོན་རང་བཞིན་ལྡན་པའི་གསལ་བརྡ་རུ་མཐོང་བས་ཚང་མས་དགོས་མི་དགོས་མི་ལབ་རང་རང་གིས་ཐད་ཀ་ནས་ཡོད་ན་བསྒྲུག་རྒྱུ་དང་མེད་ན་བཙུམ་ནས་འདུག་རོགས་ཞུ། ངན་ལོབས་སུ་སོང་བའི་ཁ་དང་ལག་པས་གང་སར་ཅིག་འབྲི་དགོས་པ་ཡོད་པ་མ་རེད།
    དགའ་ལྡན་ཕོ་བྲང་གི་ཕྱག་ལས་མཛད་སྟངས་འདི་དངོས་གནས་ཕྱིས་དྲག་པའི་ལས་གཞི་གལ་ཆེན་ཞིག་ཡིན་འདུག་ན་ཚང་མང་ཕྱར་གྲུ་མཉམ་འདགས་གནང་རོགས་ཞུ།

  7. ཞོལ་གཡག་འབྲོང་རྒྱུད། says:
    2015-10-14 at 3:49 pm

    དེ་དང་ཆབས་ཅིག་གསུངས་བཤད་དུམ་ཚན་རེ་འཁྱེར་ནས་འགྲོ་བཞིན་པའི་སྲིད་སྤྱིའི་འོས་འགྲན་ལ་གནོན་ཤུགས་སྤྲོད་མཁན་དག་ལ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྟངས་འཛིན་བྱེད་དགོས་པ་དེ་ཡང་། ཁོང་གི་དྲངས་ངེས་ཀྱི་གསུང་ཚད་བེད་སྤྱོད་ལོག་ལམ་དུ་མི་གཏོང་རྒྱུའི་འགན་འཁྲི་རང་བཞིན་ཅན་ཆགས་ཡོད་ལ། འབོད་བསྐུལ་ཡང་ཡིན།

  8. བཟང་པོ། says:
    2015-10-14 at 3:55 pm

    འདི་ནི་གཏམ་བཟང་ཞིག་རེད་ལ། འགོ་ཁྲིད་གཙོ་བོ་སུ་ཡིན་ཡང་ངོ་ཤེས་རྣམས་འདམ་ཡས་ཀྱི་ཚབ་ལ། ཤེས་ཡོན་དང་ཉམས་མྱོང་ཡོད་པ་ཚོ་གདམ་པའི་རེ་བ་ཆེ། ངོ་ཤེས་ཚོས་ད་ལྟའི་བར་དུ་བྱས་ཀྱང་གྲུབ་འབྲས་མ་ཐོན་པ་རེད། གཙོ་བོ་ཆོས་དང་རིག་གནས་གཉིས་ཀ་ཤེས་མཁན་ཚོ་གདམ་དགོས། རྒྱལ་བའི་གསུང་ཡིན་ཙང་། ཚང་མ་ཡིག་སྐད་ནང་གཙོ་བ་ལས་ཁ་སྐད་ལྟར་བྲིས་ན། བསྟན་བཅོས་ཀི་ཉམས་མི་ཐོན། མཁས་དབང་ཟམ་གདོང་རིན་པོ་ཆེར་དབང་ཚད་ཕུལ་ན་ནོར་འཁྲུལ་ཅུང་ཟད་ཀྱང་མི་འབྱུང་། དེ་མིན་མཁན་པོ་དང་རིན་པོ་ཆེ་ཚོས་ཕ་ཡུལ་གཅིག་པ་ཁ་ཤས་ལེན་པར་ཐེ་ཚོམ་མེད།

  9. སྐལ་ཚེ། says:
    2015-10-14 at 10:47 pm

    བོད་ཀྱི་དུས་བབ། > གསར་འགྱུར། > རྒྱལ་སྤྱི། > North America > སྲིད་སྐྱོང་མཆོག་ལ་གཟེངས་རྟགས་ཕུལ།
    སྲིད་སྐྱོང་མཆོག་ལ་གཟེངས་རྟགས་ཕུལ།
    བོད་ཀྱི་དུས་བབ། ༡༧:༤༩ རིག་པ། (༠)
    ཁ་སང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཨ་རིའི་གཙུག་ལག་སློབ་ཆེན་ཞིག་གིས་སྙན་གྲགས་ཆེ་བའི་གཟེངས་རྟགས་ཤིག་ཕུལ་ཡོད་འདུག

    unnamedཟླ་འདིའི་ཚེས་ ༡༣ ཉིན་ཨ་རིའི་ས་ལིས་བུ་རི་ (Salisbury University ) གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་སློབ་ཆེན་དེའི་སྙན་གྲགས་ཆེ་བའི་སྲིད་འཛིན་གྱི་གཟེངས་རྟགས་ (Presidential Medal) ཕུལ་བའི་མཛད་སྒོ་བསྡུས་ཡོད་པ་དང་། མཛད་སྒོའི་ཐོག་གཙུག་ལག་སློབ་ཆེན་གྱི་ངེས་སྟོན་པ་ཌོ་ཌི་ལེ་ (Dr. Janet Dudley-Eshbach) མཆོག་གི་དབུས་དགེ་ལས་སློབ་ཕྲུག་སོགས་མི་གྲངས་ ༡༠༠༠ ཡས་མས་འཛོམས་ཡོད་འདུག
    བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་ནང་གནས་ཚུལ་སྤེལ་བ་ལྟར་ན། གཟེངས་རྟགས་ཕུལ་བའི་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་གཙུག་ལག་སློབ་ཁང་གིས་ངོས་ལ་ཆེ་བསྟོད་ཀྱི་རྟགས་མ་འདི་འདྲ་ཞིག་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ངོས་ལ་ཆེ་མཐོང་ཧ་ཅང་ཐོབ་པ་ཞིག་བྱུང་། ངོས་ནི་མི་ཚང་ཉམ་ཆུང་ཞིག་ནས་ཡིན་པ་མ་ཟད། འདི་ལྟ་བུའི་རྟགས་མ་ཐོབ་རྒྱུའི་འོས་ཆོས་གང་ཡང་ཚང་བ་ཞིག་མཐོང་གི་མེད་ཀྱང་། བོད་མི་ཚོས་བདེན་པའི་འཐབ་རྩོད་བྱེད་བཞིན་པའི་དུས་སྐབས་འདིར་ངོས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འདི་འདྲ་ཞིག་གནང་བ་དེས། གཞིས་ལུས་བོད་མི་ཚོར་བརྡ་ལན་ཤུགས་ཆེན་པོ་ཞིག་གཏོང་ངེས་ཡིན། བོད་ནང་གི་གཞིས་ལུས་སྤུན་ཟླ་ཚོར་རྒྱབ་སྐྱོར་བྱེད་མཁན་ཡོད་པ་མ་ཟད། ཁོང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན། རང་དབང་སོགས་རྩོད་ལེན་བྱེད་བཞིན་པར་རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་ཡོད་པའི་རྣམ་པ་གསལ་བཏོན་དང་། བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་དང་། ༧གོང་ས་མཆོག་གིས་བོད་མི་ཚོར་དམངས་གཙོའི་ལམ་བཟང་གསོལ་སྩལ་མཛད་རྒྱུའི་ཐུགས་ཀྱི་འཆར་སྣང་གཙོས། ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མིའི་བཟང་སྤྱོད་དང་འབྲེལ་བའི་བྱམས་བརྩེ་དང་བཟོད་བསྲན་སོགས་བཟང་པོའི་རིན་ཐང་གོང་མཐོར་གཏོང་གནང་མཛད་རྒྱུའི་མཛད་རྗེས་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུས་ཏེ། ངས་རྟགས་མ་འདི་དང་ལེན་ཞུས་པ་ཡིན། ཞེས་གསུངས་འདུག
    སྲིད་སྐྱོང་མཆོག་གིས་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་ཐོག་གསུངས་དོན། གཙུག་ལག་སློབ་གྲྭའི་ངེས་སྟོན་པ་མཆོག་གིས་ངོས་ལ་ལོ་ལྟར་གཙུག་ལག་སློབ་གྲྭ་འདིར་བོད་པའི་དགེ་འདུན་པ་ཁག་གཅིག་ཕེབས་ནས་རྡུལ་ཚོན་དཀྱིལ་འཁོར་བཞེངས་རྒྱུས་མཚོན་བོད་བརྒྱུད་ནང་བསྟན་གྱི་འགྲེམས་སྟོན་གོ་སྒྲིག་གནང་སྲོལ་ཡོད་སྐོར་གསུངས་པ་དང་སྦྲགས། རྡུལ་ཚོན་དཀྱིལ་འཁོར་གྱི་མཛེས་སྡུག་ལ་ངེས་སྟོན་པ་མཆོག་ཧ་ཅང་ཡིད་དབང་འཕྲོག་བྱུང་གསུང་པ་མ་ཟད། རྡུལ་ཚོན་དཀྱིལ་འཁོར་བཞེངས་སྐྲུན་སྐབས་དགེ་འདུན་པ་ཚོས་སྐུ་ལས་ཧ་ཅང་ཆེན་པོས་བཞེངས་སྐྲུན་གནང་ཡང་མཐར་དཀྱིལ་འཁོར་ཤིག་པ་དེར་ཏོག་ཙམ་ཡ་མཚན་བསྐྱེས་སྐོར་གསུང་བྱུང་། དེ་ནི་ནང་པ་ཚོས་དུས་རྟག་ཏུ་ཡིད་ལ་དྲན་བཞིན་པའི་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པ་དེ་སེམས་འགུལ་གཏོང་ཆེད་ཡིན་པ་དང་། ང་ཚོ་འགྲོ་བ་མི་ཞིག་ཡིན་ནའང་སྐྱེས་ནས་མཐར་འཆི་རྒྱུ་ཡིན་པ་མ་ཟད། འཆི་བ་ལས་གཡོལ་ཐབས་མེད་སྟབས། ང་ཚོ་འཚོ་བའི་རིང་མི་ཚེ་དོན་དང་ལྡན་པ་ཞིག་བྱེད་དགོས། དེ་འདྲ་བྱུང་བ་ཡིན་ན་གསོན་དགོས་ཆོད་ཡོད་སྟབས། ངོས་ཀྱིས་ཨ་རིའི་ཀེམ་བྷི་རི་ཆི་མཐོ་སློབ་བཞག་ནས་རྒྱ་གར་དུ་ཕྱིན་པ་རེད། ཉེ་ལམ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨ་རིར་བསླེབས་ཡོད་པ་མ་ཟད། སྐབས་དེར་ཨ་རྒྱ་གཉིས་ཀྱིས་དྲ་རྒྱའི་བདེ་འཇགས་ (Cyber Security) ཐོག་བགྲོ་གླེང་གནང་ཡོད་པ་རེད། ཅེས་སོགས་གསུངས་འདུག

    ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌ་སེ་མོན་ཌེ་ཀྲུ་ཌོ་མཆོག་གིས་འཚམས་འཕྲིན་ཞིག་གནང་བའི་ནང་། འཁྲུག་རྩོད་དང་སྡུག་བསྔལ་གྱིས་མནར་བའི་དུས་སྐབས་འདི་འདྲ་ཞིག་ལ། ཁྱེད་ལ་ཞི་བདེ་དང་བློ་གྲོས་གོང་སྤེལ་གྱི་སྲིད་འཛིན་གཟེངས་རྟགས་གནང་བར་ངོས་ཀྱིས་འཚམས་འདྲི་ཞུ་བཞིན་ཡོད། ད་ལྟ་རྒྱལ་སྤྱིའི་ཐོག་དམག་འཁྲུག་ལས་གཡོལ་ཆེད་རྒྱལ་ཁབ་གཞན་ནང་སྐྱབས་བཅོལ་འགྲོ་དགོས་བྱུང་བཞིན་ཡོད་པ་དེས། འཛམ་གླིང་མི་མང་ཧང་སང་ཡོད་སྟབས། ང་ཚོའི་འཛམ་གླིང་འདིར་ཁྱེད་ལྟ་བུའི་ཞི་བདེ་དང་མཐུན་སྒྲིལ་ལ་མོས་པའི་ཕུལ་བྱུང་གི་མགོ་ཁྲིད་གང་མང་དགོས་ཀྱི་ཡོད་པ་རེད། ཅེས་བཀོད་འདུག
    གསར་འགོད་པ། དོན་གྲུབ།
    བསྐྱར་བཅོས།: ༢༠༡༥/༡༠/༡༤ཀློག་གྲངས། (༣༣༧)

    Print

  10. ཅོག་མྱི། says:
    2015-10-15 at 2:21 am

    ངས་བལྟས་ན་དགའ་ལྡན་ཕོ་བྲང་གི་ལས་ཀ་ལས་སྟངས་འདི་འགྲིག་གི་བསམ།  གང་ཡིན་ཅེ་ན། དེང་སྐབས་ཀྱི་རིག་བྱུང་ཁྲིམས་ལུགས་༼Intllectual Property༽༼知识产权༽ཀྱི་འགྲོ་སྟངས་ལྟར་ན། དགའ་ལྡན་ཕོ་བྲང་བྲང་ཁོ་ན་ལ་༧གོང་ས་མཆོག་གི་འཆད་རྩོམ་གྱི་རྩོམ་དབང་ཐམས་ཅད་གཞན་དྲིང་མི་འཇོག་པར་བདོག་པས། དགའ་ཕོ་ནས་འདི་འདྲའི་བཀའ་ཕེབས་པ་ལ་གནས་ལུགས་ཡོད་པ་མ་ཟད་ཁྲིམས་དང་མཐུན་པས་ང་ཚོས་བརྩི་འཇོག་བྱེད་དགོས།

  11. སྐལ་ཚེ། says:
    2015-10-15 at 10:33 am

    ཁྲིམས་ཀྱི་ངོ་བཤད་ན་དེ་ནི་སྐུ་སྒེར་ཡིག་ཚང་ལ་དབང་ཆ་ཡོད་པ་ལས། གཞན་སུ་ལའང་ཐེ་ཇུས་བྱ་དབང་མེད།

  12. དྲང་བདེན says:
    2015-10-15 at 11:24 am

    གོང་ས་མཆོག་ནི་བོོད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ཧ་ཅང་ཆེ་བའི་མི་སྣ་ཞིག་རེད་་་བོད་ཀྱི་རྒྱལ་རབ་ལོ་སུམ་བརྒྱའི་རྒྱབ་ལྗོངས་ཡོད་པའི་མིང་དེ་ཡང་ཕར་ཆོས་ལུགས་སྒེར་བ་ཞིག་གིས་བསྣམས་བྱུང་་་་དྭ་ཡང་གང་ས་མཆོག་སྒེར་བདག་གནང་རྩིས་ཡོད་པ་འདྲ་་་ཁེ་བཟང་ཞིག་ཡོད་ན་གཞུང་དང་སྒེར་གཉིས་གཞུང་གལ་ཆེ་ཤོས་པ་ནམ་ཡང་བརྗེད་མི་ཉན་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme