Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡོ་རོབ་ལ་གནས་གསར་ཞེས་པའི་སྒྱུ་རྩལ་འགྲེམ་སྟོན།

Posted on 2010-04-152010-04-15 By namkha No Comments on ཡོ་རོབ་ལ་གནས་གསར་ཞེས་པའི་སྒྱུ་རྩལ་འགྲེམ་སྟོན།

gnas_gsar

༢༠༡༠ལོའི་ཟླ ༣ པའི་ཚེས ༡༢ཉིན་། ཡོ་རོབ་ཀྱི་ལེའི་ཌིན་ཤེཊན་རྒྱལ་ཁབ་ཀྱི་Gaso METER འགྲེམ་སྟོན་ཁང་ཞེས་པར་། གནས་གསར་ཞེས་པའི་སྒྱུ་རྩལ་འགྲེམ་སྟོན་ཞིག་སྤེལ་འགོ་བཙུགས་ཡོད་ཅིང་། འགྲེམ་སྟོན་གྱི་དུས་ཡུན་ནི་བདུན་ཕྲག་དྲུག་ཡིན་འདུག

འགྲེམ་སྟོན་དེ་ནི་སྒྱུ་རྩལ་པ་བཞི་ཡི་རི་མོའི་སྒྱུ་རྩལ་དང་། ཡིག་གཟུགས། འདྲ་པར་། གློག་བརྙན་སོགས་བརྩམས་ཆས་འདྲ་མིན་འདུས་ནས་གྲུབ་པ་ཞིག་རེད། ཁོང་བཞི་པོ་ནི་ཧེལཀ་ ཧེ་སལ་དང་འདུས་བྱུང་ཕུན་ཚོགས་ཚེ་རིང་། ལྗང་བུའམ་ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་། ཨན་ཌར་ ཨ་ལེག་ཛན་རྡར་བཅས་ཡིན་ལ། ཁོང་ཚོ་ཚང་མ་སྤྱི་ཟླ ༣ པའི་ཚེས ༡༢ཉིན་གྱི་འགོ་ཚུགས་མཛད་སྒོ་ལ་ཕེབས་ནས་འཇར་མན་གྱི་གཞས་གྲགས་ཅན་བསམ་བློ་ནི་རང་དབང་ཡིན་ཞེས་པ་དེ་བོད་སྐད་ཐོག་མཉམ་གཏོང་གནང་པ་དང་། ལྗང་བུས་སོ་སོའི་སྙན་ངག་ཨ་མདོའི་ཡུལ་སྐད་ཐོག་གྱེར་འདོན་གནང་ཡོད་འདུག

འགོ་ཚུགས་མཛད་སྒོའི་སྐབས་སུ་ཧེལཀ་ཧེ་སལ་གྱིས།“གནས་ནི་ས་ཆ་ཞིག་དང་ས་ཆ་དེར་དད་པའི་རྟེན་འདྲ་མིན་བཞུགས་པ་ལ་གོ་དགོས་ཏེ། འགྲེམ་སྟོན་གྱི་རིང་ལ་ཀུན་གྱིས Gaso METERདེ་བཞིན་གནས་མཇལ་ཞུ་ཡུལ་ཞིག་ལ་ངོས་འཛིན་བྱས་ཆོག”ཅེས་གནས་གསར་གྱི་གོ་དོན་ལ་འགྲེལ་བརྗོད་གནང་པ་རེད།

སྒྱུ་རྩལ་པ་བཞི་བོ་ལས། ཧེལཀ་ཧེ་སལ་དང་འདུས་བྱུང་ཕུན་ཚོགས་ཚེ་རིང་རྣམ་གཉིས་ནི་སྤྱིར་བཏང་གི་བྲིས་རིས་གསར་འབྲི་དང་། དམིགས་བསལ་སྒྲིག་གཤོམ་སྒྱུ་རྩལ་དང་བསྡུས་གཟུགས་སྒྱུ་རྩལ་སྐོར་ལ་ཁྱད་ཆོས་འདོན་གནང་ཐུབ་ཀྱིན་ཡོད་པའི་སྒྱུ་རྩལ་པ་གྲགས་ཅན་གཉིས་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་ལ་ཡོ་རོབ་ཀྱི་གྲོང་ཁྱེར་དུ་མར་། ཁོང་གཉིས་ཀྱི་སྒྱུ་རྩལ་བརྩམས་ཆོས་མང་དག་ཅིག་འགྲེམ་སྟོན་གནང་ཞིང་གཟིགས་མཁན་གྱི་དགའ་བསུ་དང་གདེང་འཇོག་མི་དམན་པ་ཐོབ་མྱོང་ཡོད་པ་དང་། ཁོང་གཉིས་ནི་རིག་གནས་བརྗེ་ལེན་གྱི་བྱེད་སྒོ་སྤེལ་གནང་མཁན་གྲགས་ཅན་གཉིས་ཀྱང་ཡིན་འདུག ད་རེས་འགྲེམ་སྟོན་ལ། ཨེལཀ་ནས་དེང་དུས་ཀྱི་མཆོད་གཤོམ་ཞེས་པ། ལྷ་སའི་དད་ལྡན་ཕོ་མོའི་དེང་སང་འཚོ་བའི་གནས་སྟངས་ཤིག་མཚོན་པའི་བརྩམས་ཆོས་ཁ་ཤས་དང་། འདུས་བྱུང་ཕུན་ཚོགས་ཚེ་རིང་གིས་སྨོན་ལམ་ཁང་ཞེས་པའི་སྒྲིག་གཤོམ་བརྩམས་ཆས་ཚན་པ་གཅིག་དང་བསྡུས་གཟུགས་སྒྱུ་རྩལ་བརྩམས་ཆས་བཅུ་གྲངས་ཞིག་གཟིགས་མཁན་ཚོར་སྤྱན་འབུལ་ཞུས་འདུག ཨན་ཌར་ ཨ་ལེག་ཛན་རྡར་ཡིས་་དཀྱིལ་འཁོར་དབྱིབས་ཀྱི་ལྷ་ས་་་ཞེས་པ་ལྷ་ས་གྲོང་ཁྱེར་རྙིང་པའི་ལོ་རྒྱུས་བརྗོད་གཞི་བྱས་ནས། པར་དང་རི་མོ། ཡིག་ཐོག་བཅས་ནས་ལྷ་ས་རྙིང་པ་ཞིག་བསྐྱར་བཞེངས་བྱས། ཁོང་ནི་ཨར་སྐྲུན་རིག་གནས་གནའ་ཤུལ་སྲུང་སྐྱོབ་དང་ཉམ་གསོ་གནང་མཁན་གྱི་རིགས་གཅིག་རྐང་འཛིན་གྱི་མཁས་པ་ཞིག་ཡིན་ཞིང་། ཁོང་གི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་ལ་ཞུགས་པ་ད་རེས་ཐེངས་དང་པོ་རེད། འགྲེམ་སྟོན་གྱི་ཁོང་གིས་་་ཞེས་པའི་ལེགས་སྦྱར་གསུང་བཤད་ཅིག་ཀྱང་གནང་པ་རེད། གོང་སྨྲས་སྒྱུ་རྩལ་པ་གསུམ་པོ་བཞུགས་ས་འཇར་མན་རྒྱལ་ཁབ་ཡིན་།

ལྗང་བུའམ་ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་ནི་། བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་ལ། འདས་པའི་ལོ་དུ་མ་ནས་བཟུང་། ཁོང་གིས་གློག་བརྙན་བཟོ་སྐྲུན་ཐད་ལ་ཡང་ནུས་ཤུགས་འདོན་གྱིན་ཡོད་རེད། ད་རེས་ཁོང་གིས་བརྒྱབ་གནང་ལག་འཁྱེར་ཁ་པར་བརྗོད་གཞིར་བྱས་པའི་འདྲ་པར་བཅུ་གྲངས་ཤིག་འགྲེམ་སྟོན་ལ་ཞུགས་ཡོད་ལ། ཁོང་གིས་བཟོས་གནང་དངོས་བཤུའི་གློག་མཚོ་སྔོན་པོ་ཞེས་པ་གཟིགས་མཁན་དག་ལ་སྤྱན་འབུལ་ཞུ་རྒྱུ་དེ་ཡང་ཐེངས་འདིའ་འགྲེམ་སྟོན་གྱི་ཆ་ཤས་གལ་ཆེན་ཞིག་རེད་འདུག ལྗང་བུའམ་ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་ནི་འགྲུལ་བཞུད་ཀྱི་རྣམ་པས་བོད་དང་ཡོ་རོབ་ཀྱི་བར་འཚོ་གཞེས་གནང་བཞིན་ཡོད་རེད།

འགྲེམ་སྟོན་འདི་རྒྱལ་ཁབ་གཞན་ལའང་སྤེལ་ཐུབ་པའི་མཐུན་རྐྱེན་འཚོལ་གྱིན་པའི་སྒང་ཡིན་ཙང་། འགྲེམ་སྟོན་བཀོད་སྒྲིག་གནང་མཁན་གྱིས། ལེའི་ཌིན་ཤེཊན་གྱི་འགྲེམ་སྟོན་ནི་སྤྱི་ཟླ ༤ བའི་ཚེས་༡༧ ཉིན་མཇུག་རྫོགས་འཆར་ཡིན་མོད། འགྲེམ་སྟོན་འདིས་ཕྱི་རྒྱལ་ལའང་གནས་གསར་པ་ཞིག་རྙེད་ཐུབ་པར་ང་ཚོས་རེ་བ་རྒྱག་གིན་ཡོད། ཅེས་འགྲེལ་བརྗོད་གནང་སོང་།།

ལེའི་ཌིན་ཤེཊན་ནི་སུད་སེ་ལན་དང་ཨོ་སི་ཁྲེ་རིའི་བར་ལ་གནས་པའི་རྒྱལ་ཁབ་ཧ་ཅང་ཆུང་ཆུང་ཞིག་ཡིན། རྒྱལ་ཡོངས་ཀྱི་མི་འབོར༣༥༠༠༠ཙམ། ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༣༥༥ ། ཡུལ་སྐོར་སྤྲོ་འཆམ་དང་། ལག་ཤེས་ཐོན་རྫས། གཏེར་ཁ་སོགས་ཐོན་ཁུངས་ཡག་པོ་ཡོད་པས་དཔལ་འབྱོར་ཡོང་འབབ་ཤིན་ཏུ་བཟང་། སློབ་གསོ་དང་ཕྱི་འབྲེལ་གྱི་ལས་དོན་མང་ཆེ་བ་སུད་སེ་ལན་རྒྱལ་ཁབ་ལ་ལས་བཅོལ་བྱས་ཡོད་། །

འདྲ་པར་མཁོ་འདོན ལྗང་བུ

རྩོམ་ཡིག ཕྱོགས་སྒྲིག

གསར་འགྱུར།

Post navigation

Previous Post: དགེ་སྐུལ་།
Next Post: སྐྱེ་དགུ་མདོའི་ཆགས་འཇིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme