Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡེ་ཤི་མ་ཤི་ཀ་བོད་ལ་ཕེབས་མྱོང་ཡོད་སྐད།

Posted on 2010-02-132010-02-14 By dhatsenpa 8 Comments on ཡེ་ཤི་མ་ཤི་ཀ་བོད་ལ་ཕེབས་མྱོང་ཡོད་སྐད།

ཡེ་ཤི་མ་ཤི་ཀ་བོད་ལ་ཕེབས་མྱོང་ཡོད་སྐད།
ཡེ་ཤེས་གསུང་རབ་ནང་ཡེ་ཤི་མ་ཤི་ཀ་ལོ་སུམ་ཅུའི་རྗེས་ཀྱི་གནས་ཚུལ་མ་གཏོགས་བཀོད་ཡོད་མི་འདུག ནེ་ཁོ་ལ་ནོ་ཁྲོ་ཝི་ཁེས་རྙེད་པའི་གནའ་བོའི་བོད་ཡིག་གི་ཤོག་དྲིལ་ཞིག་ལྟར་ན། ཡེ་ཤི་མ་ཤི་ཀ་བོད་དང་རྒྱ་གར་དུ་ལོ་བཅུ་བདུན་བསྡད་ཡོད་འདུག ལོ་བཅུ་གསུམ་ནས་ལོ་ཉི་ཤུ་རྩ་དགུ་བར་ཁོང་གིས་ནང་པ་སངས་རྒྱས་པ་དང་ཧིན་དྷི་ཆོས་ལུགས་ཀྱི་ཆོས་སློབ་པ་མ་ཟད་དགེ་རྒན་ཡང་གནང་མྱོང་། ཇུ་རུ་ས་ལམ་ནས་སྦེ་ན་རེ་སི་བར་གྱི་ཁོའི་འགྲོ་བསྐྱོད་ཀྱི་ལོ་རྒྱུས་ནི་བྲམ་ཟེའི་ལོ་རྒྱུས་སྨྲ་བ་དག་གིས་ཡིག་ཐོག་ལ་བཀོད་ཡོད་པ་མ་ཟད་ཁོ་ཚོས་ད་ལྟའང་ད་རུང་ཁོ་ཚོའི་སངས་རྒྱས་ཏེ་འཕགས་པ་ཨི་ཟ་ཤེས་གི་ཡོད་ཚུལ་འདུག།
དེ་ཡང་ ༡༨༩༤ ལོར་ནེ་ཁོ་ལ་ནོ་ཁྲོ་ཝི་ཁེས་ ་་མི་གསལ་བའི་ཁི་རེ་སིའི་མི་ཚེ་་ཞེས་པའི་དེབ་ཅིག་བཏོན། ཁོང་ནི་ར་ཤི་ཡའི་སྨན་པ་ཞིག་ཡིན་ཞིང་། ཨ་ཧྥུ་གན། རྒྱ་གར། བོད་བཅས་ལ་ཕྱིན་མྱོང་། སྐབས་ཤིག་ཁོང་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་ལྟ་སྐོར་ལ་ཕྱིན་སྐབས་ཁོའི་རྐང་པ་ཆག་སྟེ་དེར་ནང་པ་ལ་དད་མོས་བྱེད་མཁན་དག་དང་མཉམ་སྡོད་་ཀྱི་གོ་སྐབས་བྱུང་། དེ་སྐབས་ཁོས་དེ་བ་ཞིག་ཏུ་ཡེ་ཤི་མ་ཤི་ཀའི་མི་ཚེའི་ལོ་རྒྱུས་རྙིང་པ་ཞིག་ཡོད་པ་གོ་འདུག ཁོ་དཔེ་རྙིང་ཡོད་པའི་དགོན་པ་དེར་ཕྱིན་སྐབས་དེབ་དེ་དངོས་སུ་མཐོང་། དེབ་དེ་ནི་དུམ་མཚམས་ཉིས་བརྒྱའི་གྲུབ་པ་ཞིག་ཡིན་པ་དང་། མིང་ལ་ ་་འཕགས་པ་ཨི་ཟའི་མི་ཚེ་་ ཟེར། བོད་འགྱུར་གྱི་དེབ་དེའི་ནང་ཨི་ཟའི་འགྲུལ་བསྐྱོད་ཀྱི་སྐོར་ཞིབ་ཚགས་པོས་བྲིས་ཡོད་འདུག ཁོ་རང་གིས་དེ་སྒྱུར་བཅུག་སྟེ་དུམ་མཚམས་རེ་རེ་བཞིན་ཟིན་ཐོར་བཀོད།
རྗེས་སུ་ཁོ་ནུབ་ཕྱོགས་སུ་སླེབས་པ་དང་གནས་ཚུལ་དེ་བདེན་པ་ཡིན་མིན་ཐད་རྩོད་་གཞི་བྱུང་བ་མ་ཟད་ཁོ་ནི་མགོ་སྐོར་བསླུ་བྲིད་མཁན་ཡིན་པའི་སྐྱོན་འཛུགས་བྱས་པ་མ་ཟད་གཡོ་སྒྱ་ཅན་གྱི་མི་ཞེས་འཕྱ་དགོད་བྱེད་ཡུལ་དུ་གྱུར་འདུག ཁོས་བོད་ཡིག་གི་མ་ཕྱི་ཡོད་མེད་ལ་ཚན་རིག་དང་མཐུན་པའི་བརྟག་དཔྱད་་བྱེད་དགོས་པའི་སྐུལ་མ་བྱས་འདུག
ཁོའི་སྐད་ཆར་དོགས་པ་ཟ་མཁན་གཅིག་་ལ་ཨ་སྦེ་ཌན་ན་ད་ཟེར། ཁོ་ཧི་མ་ལ་ཡའི་གངས་སུལ་དུ་འགྲུལ་བསྐྱོད་བྱས་ཤིང་། དཔེ་ཆ་དེ་འདྲ་ཞིག་ཡོད་མེད་རྩད་ཞིབ་བྱས་ཏེ་་ཁོའི་རྐུབ་གཡོག་རལ་རྒྱུའི་ཐག་གཅོད་གནང་་། ཨ་སྦེ་ཌན་ན་དའི་དེབ་ Kashmir O Tibetti ནང་ཁོ་ཧི་མི་དགོན་པ་ལ་ཕྱིན་པ་དང་ནེ་ཁོ་ལྦི་ཁའི་བཤད་པའི་དེབ་དེ་དང་མཉམ་སྦེང་གལ་གྱི་འགྱུར་དུམ་མཚམས་ཉིས་བརྒྱ་དང་ཉི་ཤུ་རྩ་བཞི་ཡོད་པ་ཞིག་མཐོང་སྟེ་ཨི་ཟའི་སྒྲུང་དེ་བདེན་པ་ར་འཕྲོད་པར་གྱུར།།
ཡང་ ༡༩༢༥ ལོར་རི་ཤི་ཡའི་ནེ་ཁོ་ལ་རོ་རིག་ ལ་དྭགས་ཧི་མིར་འབྱོར། ཁོང་ནི་མཚན་ཉིད་རིག་པ་དང་ཚན་རིག་པ་ཕུལ་དུ་བྱུང་བ་ཞིག་ཡིན་འདུག ཁོས་ཀྱང་ནོ་ཁྲོ་ཝིག་ཁི་དང་ཨ་སྦེ་ཌ་ནན་ད་གཉིས་ཀྱིས་མཐོང་བའི་དེབ་དེ་མཐོང་ཞིང་དེའི་ཚུལ་རང་གི་ཉིན་ཐོའི་ནང་བཀོད་།

རྩོམ་རིག

Post navigation

Previous Post: སྤྲོ་སྟོན་མེད་། ལོ་སར་ཡོད།
Next Post: བོད་དུ་ལོག་མ་ཐུབ་ན། ལོ་གསར་མེད།

Comments (8) on “ཡེ་ཤི་མ་ཤི་ཀ་བོད་ལ་ཕེབས་མྱོང་ཡོད་སྐད།”

  1. མདའ་ཚན་པ། says:
    2010-02-13 at 7:11 pm

    དགོངས་དག ཡག་པོ་ཞིག་ཡོང་མི་འདུག

  2. yangbum says:
    2010-02-13 at 7:50 pm

    མདའ་ཚན་པ་ལགས། ཡེ་ཤུ་ཁོང་བོད་དུ་ཕེབས་ཡོད་ན་ས་གནས་དང་ལོ་དུས་གང་ཞིག་ཡིན་པ་གསུང་རྒྱུ་ཡོད་དམ། ནེ་ཁོ་ལ་ནོ་ཁྲོ་ཝི་ཁེས་ནི་ནེ་ཁོ་ལ་རོ་རིག་གི་ཕ་རི་མོ་མཁས་ཅན་དེ་མ་རེད་དམ། རོ་རིག་གིས་དགེ་འདུན་ཆོས་འཕེལ་མཉམ་དུ་རྒྱ་གར་ཀུ་ལི་མི་ན་ལི་ཁུལ་དུ་སྐྱེ་དངོས་སྨན་རྩྭའི་འཁྲུངས་དཔེ་རྩོམ་སྒྲིག་ཅུང་ཟད་བྱས་འདུག་པ་སོགས་བོད་རིག་པའི་ཐོག་ལས་ཀ་ཅུང་ཟད་བྱས་འདུག་པས། དགེ་འདུན་ཆོས་འཕེལ་གྱིས་ཡེ་ཤུ་ཁོང་བོད་ལ་ཕེབས་ཡོད་ལུགས་སྐོར་བཤད་མྱོང་ཡོད་དམ།

  3. མདའ་ཚན་པ། says:
    2010-02-13 at 8:36 pm

    ནེ་ཁོ་ལ་རོ་རིག་གི་ཕ་ནེ་ཁོ་ལ་ཝི་ཁེ་མ་རེད། ཁོང་གི་ཕ་ནི་ Konstantin Roerich དང་ཨ་མའི་མིང་ལ་མེ་རི་ཡ་ཟེར། རྗོར་རྗེ་ནེ་ཁོ་་ལའི་ཕ་ནེ་ཁོ་ལ་རོ་རིག་རེད། ནེ་ཁོ་ལ་རོ་རིག་ནི་སྐད་གྲགས་ཅན་གྱི་སྒྱུ་རྩལ་བ་ཞིག་རེད།
    ཡེ་ཤི་བོད་ལ་ཕེབས་ཡོད་མེད་དེ་ད་རུང་རྩོད་གཞི་ཅན་ཞིག་རེད། གལ་སྲིད་བདེན་པ་ཡིན་ན་གོང་གི་ལོ་རྒྱུས་ལ་དཔག་ན་ཕལ་ཆེར་ལོ་ཉི་ཤུ་ནང་ཞིག་ཡིན་རྒྱུ་རེད། ལྟ་འདོད་ན་ཝེ་ཁེ་ཕེ་ཌི་ནང་ the lost years of jesut ཞེས་པ་དང་ The Life of Saint Issa འདི་ཚོར་ལྟོས། ད་རུང་གཞན་པ་ཡང་འདུག བོད་འགྱུར་དེའི་དབྱིན་འགྱུར་ཡང་འདུག ངས་གཙོ་བོ་གོང་གི་འདི་ཚོའི་སྙིང་དོན་མར་བྲིས་པ་ཡིན།

  4. ཆུ་ཐིགས་སྔོན་མོ། says:
    2010-02-13 at 11:54 pm

    འདི་དངོས་བདེན་རེད་ཅེས་བཤད་ན་ཡིད་དེ་ཙམ་ཆེས་ཀྱི་མི་འདུག་་་་་་གང་ཡིན་ཟེར་ན་སྐབས་དེའི་འགྲུལ་བཞུད་ཀྱི་གནས་བབ་སོགས་ལ་གཞིགས་ན་མི་ཚེ་གཅིག་གི་ནང་དེ་འདྲ་ཞིག་ཡོད་མི་སྲིད་པ་ལྟ་བུ་ཞིག་རེད། ད་དུང་རྒྱ་གར་དང་བོད་ལ་ལོ་བཅུ་བདུན་བསྡད་ཡོད་རབས་ཟེར། དེས་ན་རྒྱ་བོད་ཀྱི་ལོ་རྒྱུས་ནང་ལ་དེ་འདྲའི་མི་སྐད་གྲགས་ཅན་ཞིག་གི་ལོ་རྒྱུས་མེད་དོན་ཅི་རེད། འདི་ནི་འོལ་ཚོད་ཀྱི་གཏམ་ཞིག་ལས་མ་འདས

  5. མི་རྐང་གླིང་བུ། says:
    2010-02-14 at 12:45 am

    སངས་རྒྱས་ཤཱཀྱ་ཐུབ་པ་བོད་ལ་ཕེབས། ཡེ་ཤི་མ་ཤི་ཀ་བོད་ལ་ཕེབས། ད་འོ་ན། མ་ཧམ་མོ་ཏན་བོད་ལ་ཕེབས་འདུག་གམ།

  6. མདའ་ཚན་པ། says:
    2010-02-14 at 1:37 am

    དེའི་སྐབས་ད་རུང་སྐད་གྲགས་ཡོད་མ་རེད། བོད་དང་རྒྱ་གར་ལ་སླེབས་པའི་ཁུངས་དེ་གོང་གི་གནས་ཚུལ་དེ་རེད། དེ་བདེན་པ་ཡིན་མིན་བརྟག་པར་བྱ་བའི་གནས་ལས་མ་འདས། བདེན་པ་ཡིན་མིན་ཆི་ཤེས།
    གནས་ཚུལ་ཙམ་བཀོད་པ་ཡིན།

  7. ཀརྨ་རྡོ་རྗེ་ says:
    2010-02-14 at 9:26 pm

    རྩོམ་ཡིག་ཕྱེད་ཀ་ཀློག་ནས་བྲིས་པ། ཡི་ཤུ་མ་ཤི་ཀ་ཁོང་བོད་ལ་ཕེབས་མྱོངས་ཀྱང་མ་མྱོང་ཡང་་བོད་དམར་པོ་ལས་ནི་བསྐྱབས་ཐུབ་མི་འདུག ལོ་རྒྱུས་གསར་བཟོ་བྱེད་མཁན་གྱིས་ཀུན་སློང་ག་རེ་ཡོད་པ་ཡིན་ནམ། ཡང་ན་ བོད་ཡིག་ལ་ བར་སྟོང་ངམ་་ཚེག་གཉིས་་མེད་ཙང་ཡག་པོ་ཀློག་མ་ཤེས་ནས་ལོ་བཅུ་བདུན་ཟེར་སྟངས་བལྟས་ན་དཔལ་ལྡན་ཨ་ཏི་ཤ་ཡི་འཁྲུངས་སའི་ཡུལ་ལུང་ཤར་ནུབ་ནོར་བ་རེད། བོད་སྐད་ལ་ཚེག་གཉིས་དགོས་པའི་རྒྱུ་མཚན་འདུག་ག

  8. རྨོག་དབང་ཆེན། says:
    2015-01-26 at 10:15 am

    བཤམ་གྱི་དངོས་བྱུང་གློག་བརྙན་འདི་ལ་གཟིགས་ན་གསལ་བོ་ཤེས་ཐུབ། ཡི་ཤུ་མ་ཤི་ཀ་རྒྱ་གར་གྱི་ཀ་ཞིས་མེར་ནས་གྲོང་འདུག་ཟེར
    http://youtu.be/xY0Ib3aPG6Y
    http://youtu.be/D9w-xJfSOyc

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme