Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡེ་རྡོའི་རྩོམ་བཏུས༼ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་གཏམ་གླེང་དང་བྱ་སྤྱོད་ལ་དཔྱད་པ༽ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

Posted on 2012-06-192012-06-20 By ཁ་བརྡ་ 52 Comments on ཡེ་རྡོའི་རྩོམ་བཏུས༼ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་གཏམ་གླེང་དང་བྱ་སྤྱོད་ལ་དཔྱད་པ༽ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

སྤེལ་དུས། 2012-06-19   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བསྟན་འཛིན་གྱིས་བསྒྱུར།

ཡེ་རྡོའི་རྩོམ་བཏུས༼ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་གཏམ་གླེང་དང་བྱ་སྤྱོད་ལ་དཔྱད་པ༽ མི་དམངས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་པའི༼ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་གཏམ་གླེང་དང་བྱ་སྤྱོད་ལ་དཔྱད་པ༽རྒྱ་ཡིག་པར་ངོས་དེ་ཉིན་ཤས་གོང་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
ཡེ་རྡོའི་རྩོམ་བཏུས་དེར༢༠༠༦ལོའི་ཟླ་བ༧པར༼མི་དམངས་ཉིན་རེའི་ཚགས་པར༽དང་ཤིན་ཧྭ་གསར་འགྱུར་ཁང་། རྒྱལ་ཁམས་བསྐོར་བའི་དྲ་བ། ཀྲུང་གོའི་བོད་ལྗོངས་དྲ་བ་སོགས་སྨྱན་སྦྱོར་ཚན་པས་བཀོད་པའི་རྩོམ་ཡིག༤༡ཏེ་ཁྱོན་ཡིག་འབྲུ་ཁྲི༡༢ཙམ་ཡོད་པ་བསྡུ་རུབ་བྱས་པ་དང་། གཙོ་བོ་ཏྰ་ལའི“དབུ་མའི་ཐབས་ལམ”གྱི་དོན་དངོས་གཞིར་བཟུང་བ་དང་ཏྰ་ལའི་ཚོགས་པས་ཇུས་འགོད་བྱས་པའི་ལྷ་འི༣.༡༤རྡུང་བཅོག་འཕྲོག་བསྲེགས་ཀྱི་ཚབས་ཆེའི་དྲག་ཤུགས་ཀྱི་ནག་ཉེས་དོན་རྐྱེན་གྱི་དམིགས་ཡུལ་དང་ཏྰ་ལའི་ཚོགས་པས་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་དུས་རིམ་གྱི་རང་གཤིས་དང་ཆོས་སྲིད་ཟུང་འབྲེལ་གྱི་སྒེར་གཅོད་ངོ་བོ། ཏྰ་ལའི་ཚོགས་པས་ཇུས་འགོད་ངན་སྐུལ་བྱས་པའི་དྲག་ཤུགས་བྱེད་སྒོ་དང་གྲྭ་བཙུན་རང་བསྲེགས་ཀྱི་ངན་སྐུལ་གྱི་དོན་དངོས། “ཏྰ་ལས”ལས་ཁྱུར་ངལ་གསོ་དང་“སྤྲུལ་བསྒྱུར”གྱི་བརྗོད་གཞིའི་དམིགས་ཡུལ་དང་། ཏྰ་ལའི་བསྒྱུར་ཐབས་མེད་པའི་སྐྱག་རྫུན་ཤོད་པའི་སྐྱོན་ཆ་སོགས་ཀྱི་གནད་དོན་གྱིས་ཏྰ་ལའི་ཚོགས་པའི་ཁ་ཕྲལ་གཏོར་གཤིག་གི་བྱེད་སྒོའི་བགྲོད་ཤུལ་གསལ་པོར་མངོན་པར་བྱས་ཡོད་ལ། ཏྰ་ལའི་ཆབ་སྲིད་འདོད་ཚུལ་གྱི་ཁ་ཕྲལ་གྱི་ངོ་བོ་མཐའ་གཅིག་ཏུ་གསལ་པོར་མངོན་པས་རྩོམ་པ་པོས་ཏྰ་ལས་ཀྲུང་གོ་ཁ་ཕྲལ་གཏོང་བའི་རེ་སྟོང་འཆང་བ་དང་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་གཡོ་འཚོང་བྱེད་པར་ཁོང་ཁྲོ་དྲག་པོ་བྱེད་པ་གང་ལེགས་མཚོན་པར་བྱས་ཡོད་པ་དང﹙སྒྱུ་རྩལ་གྱི་འབོད་སྐུལ﹚འཇིག་རྟེན་པས་ཆ་ཚང་བའི་ངང་ཏྰ་ལ་དང་ཏྰ་ལའི་ཚོགས་པའི་གདོང་རིས་ངོ་མ་ཤེས་རྟོགས་བྱེད་པར་ཕན་པ་ཆེན་པོ་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: ཚིག་འདི་ཚོ་མ་བརྗེད་ཡིད་ལ་ཟུངས།
Next Post: བོད་མི་ ༢ ཀྱིས་མེར་བསྲེགས།

Comments (52) on “ཡེ་རྡོའི་རྩོམ་བཏུས༼ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་གཏམ་གླེང་དང་བྱ་སྤྱོད་ལ་དཔྱད་པ༽ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།”

  1. མགོན་པོ་ཕྱག་གཉིས་པ། says:
    2012-06-19 at 2:54 pm

    ཡེ་རྡོར་ཟེར་བ་དེ་སུ་ཞིག་རེད། དེ་ངོ་སྤྲོད་ཅུང་ཟད་ཅིག་གནང་མཁན་ཡོད་དམ། གུང་གཞུང་གི་ལག་ཆ་ངོ་མ་ཞིག་ཡིན་ས་རེད།

  2. ཆོས་འཛིན says:
    2012-06-19 at 4:21 pm

    ང་རང་ངོས་ནས་གལ་སྲིད་ཡེ་རྡོར་ཟེར་སུ་ཡིན་ཤེས་ན་འཇོག་ཐུབ་མེད།

  3. རང་དབང་ཨ་རྡུ་མན། says:
    2012-06-19 at 6:19 pm

    རྒྱལ་བ་རིན་པོ་མཆོག་ནས་རྒྱ་ནག་དང་མཉམ་དུ་གྲོས་མོལ་ཡག་པོ་ཞིག་གནང་མ་ཐུབ་ཚེ་་་་་་གཞན་སུས་ཀྱང་ཁག་པོ་རེད། སྐུ་འཕྲེང་བཅུ་བཞི་པའི་ཡང་སྲིད་ཀྱང་གཉིས་ཆགས་པ་ནི་གཏན་འཁེལ་པརེད། དེབ་འདི་ནི་མཚོན་པ་ཙམ་ཡིན་རྒྱུ་རེད་དེ་མིན་ཆ་གཞི་མང་པོ་ཞིག་སྒྲིལ་ཡོད་ཤག་རེད།

  4. ལ་རྒྱའི་བདག་པོ། says:
    2012-06-19 at 7:05 pm

    ཡེ་རྡོར་ཞེས་པའི་བོད་མིང་ཅན་འདི་པས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་དགག་པའི་རྩོམ་འཕྱལ་གྱི་དཔེ་དེབ་ཕྱོགས་བཏུས་དེ་འདྲ་དཔེ་བསྐྲུན་བྱས་ཀྱང་།དེ་ནི་ཁོ་རང་ཚོའི་འགྲོ་སོང་འཕྲོ་བརླག་ཙམ་ལས་དེབ་དེར་མི་སེམས་བསྒུག་པའི་ནུས་པ་དང་སྤྱི་ཚོགས་འགུལ་ཤུགས་ཀྱི་ནུས་པ་ནི་ཆུ་ནང་གི་སྟུག་དྲིའི་ནུས་པ་ཙམ་ཡང་ཐོན་གྱི་མེད་པ་གསལ་པོ་རེད།དེབ་དེ་དཔེ་བསྐྲུན་བགྱིས་པའི་དམིགས་ས་དེ་འཛམ་གླིང་མི་མང་དང་།རྒྱ་ནག་མི་མང་།བོད་མི་མང་བཅས་ཡིན་མོད་ཁོང་ཚོའི་ཁྲོད་ནས་ཡིད་ཆེད་ཆ་འཇོག་བྱེད་མཁན་ག་ཚོད་ཡོད་དམ།མི་རྣམས་དེབ་འདིར་ཡིད་ཆེས་ཀྱི་ནུས་པ་མ་ཐོབ་སྔོན་ལ་དམར་ཤོག་གི་དྲིལ་བསྒྲགས་ལ་ཡིད་ཆེས་ག་ཚོད་བསྐྲུན་ཐུབ་ཀྱི་ཡོད་དམ།མཐའ་ན་ཁོ་རང་ཚོ་དམར་ཤོག་དཔོན་རིགས་ཀྱི་ཁྲོད་ནས་ཀྱང་དེབ་དེའི་ནང་དོན་དང་།གཞིའི་རྒྱུ་ཆ།བྲིས་མཁན་གྱི་ཀུན་སློང་སོགས་ལ་ཡིད་བརྟོན་བྱེད་བྱེད་མཁན་ག་ཚོད་ཡོད་དམ།དེ་ནི་སྐབས་འཕྲལ་གྱི་སྲིད་དོན་དགོས་མཁོར་དྲིལ་བསྒྲགས་ཀྱི་ནུས་པ་བསྐྲུན་ཆེད་ཡིན་ཀྱང་ལྡོག་ཕྱོགས་དྲིལ་བསྒྲགས་ཀྱི་ནུས་པ་ཐོན་རྒྱུར་གདོན་མི་ཟའོ།

  5. རྒན་བྲག says:
    2012-06-19 at 8:14 pm

    ཡེ་རྡོར་ཟེར་བ་དེ་བོད་མི་ཞིག་དང་རྒྱ་ནག་ལག་ཆ་ཡིན་པ་ཤ་སྟག་རེད། རང་གིས་རང་མཚང་འབྲི་བ་ལས་གཞན་ཅི་ཞིག་ལ་ཕན། ངོ་མ་སྙིང་རྗེ་རེད། ཁ་རོག་གེ་མ་སྡོད་ན། རྗེ་མ་ཤི་དུས་ཁ་ནས་ཁྲག་སྐྱུག་ཡོང་། རྒྱ་ནག་རྒྱུགས་ཁྱི་ཡེ་རྡོར། འདྲེ་ནག་་་་་་

  6. སྐྱུ་རྩི་ནས། says:
    2012-06-19 at 9:11 pm

    མིང་རྫུན་མ། མི་རྫུན་མ། རྩོམ་རྫུན་མ། ཚིག་རྫུན་མ། དོན་རྫུན་མ། རྒྱལ་ཁབ་རྫུན་མ།

  7. མི་བུ་ says:
    2012-06-19 at 9:14 pm

    སྐྱག་པའི་ཡེ་རྡོ་ཨེ། ཁོ་རེ་བསྟན་འཛིན། རྒྱ་མིང་གང་འདྲ་སེ་བསྒྲུར་གྱི་ཡོད། ཁོ་རྒྱ་རྒན་རེད། མིང་ལ་ཡི་ལྟོ་(益多)་ཞེས་པ་ནི་ཡི་དགས་ཀྱི་ལྟོ་ཆས་ཡིན་ཟེར་བའི་དོན་དང། ཁོས་བྲིས་པ་ཐམས་ཅད་གད་སྙིགས་ཤ་ལྟག་ཡིན་ཙ་ན་རྗེས་མ་ནས་འདིའི་གྲས་འཁྱེར་ཡོང་ནས་དྲ་བ་འདི་བཙོག་པ་མ་བཟོས་ཡག་གི་རེད་མ་གཏོགས་ཁོའི་གྲས་མང་པོ་ཡོད་པས་ཚང་མར་ཁ་གཏད་བཅག་དགོས་ན་འབ་གསོ་་ཐུབ་ཀྱི་མ་རེད། དེ་ལས་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་མཉམ་དུ་ནུབ་ཕྱོགས་ལ་ཨ་ཆོས་ཞུ་གར་ཕྱིན་ན་དགའ་ཡི་མ་རེད་པས་ལོ། ཅོག་ཕག་པ། འགྲོ་དང། མགྱོགས་པོ་འགྲོ རྒན་ལག་ཐོན་ཚར་འདུག

  8. འདོད་ལྷ་ཁམས་པ། says:
    2012-06-19 at 10:16 pm

    ཡེ་རྡོ་ཟེར་པ་ཡེ་ཤེས་རྡོ་རྗེ་ཟེར་པའི་བསྡུས་མིང་ཡིན་པ་འདྲ། ཡེ་ཤེས་རྡོ་རྗེ་ཞེས་པ་རང་རིགས་བོད་པ་ཅིག་ཡིན་པ་ནི་ཧ་ལམ་ཐེ་ཚོམ་མི་དགོས་པ་ཞིག་དང་། མི་འདི་འདྲ་བ་དག་ནི་རག་བསྡུས་དང་བྱམས་པ་ཕུན་ཚོགས་སོགས་ཀྱང་ཡོད་པས་བོད་མིའི་ཁ་གྲངས་སུ་ཡོད་ན་ཡང་མི་གྲལ་དུ་བགྲང་ན་འོས་པ་མ་ཡིན་པས། ལབ་ལབ་བྱས་པས་ཕན་པ་དང་དགོས་པ་ཡང་མེད། ག་རེ་ཤོད་ན་ཤོད་དུ་ཆུག ཡ་ཁོ་རང་མ་བྱས་ན་ཡག་གི་རེད། ཡིན་ནའང་གུང་ཁྲན་ཏང་དང་རྒྱ་གཞུང་གི་མིང་ཚབ་ཐོག་ནས་འདྲ་མིན་ཤོད་མཁན་ཡོད་ན་སི་པན་ལྟ་བུའི་ལན་ཚ་བོ་ཞིག་རྒྱག་དགོས་ངེས་རེད།

  9. འཇམ་གཅེས་ says:
    2012-06-19 at 11:09 pm

    ཡེ་རྡོ་ཞེས་པའི་མི་ངན་རྒྱུག་ཁྱི་འདིའི་རྩོམ་ཡིག་མང་དྲག་ནས་གོ་བ་དང་ཉོབ་སྣང་ཡོང་གི་འདུག གང་ཡིན་ཞེ་ན་ག་དུས་ཡིན་རུང་སྐྱག་རྫུན་དང་ཆོལ་མེད་པའི་ཉོབ་གཏམ་འབའ་ཞིག་ལས་རིན་ཐང་ལྡན་པའི་ཡིག་འབྲི་ན་གཅིག་ཡང་མཐོང་ཡ་མི་འདུག རྩོམ་ཁ་ཤས་མི་ལ་སྐྱོན་བརྗོད་བྱས་རུང་སྙན་པོ་དང་འདྲ་ཆག་པོ་འདྲ་མཐོང་ཡ་ཡོད། ཁོས་རྩོམ་ཡིག་ནི་ག་དུས་ཡིན་རུང་སྐྱག་རྫུན་གྱི་ངོ་བོ་ལས་མ་འདས་ཤིང་། ད་དུང་བརྗོད་གཞིར་ཡང་གཞིར་མེད་སྐྱོན་འཛུག་ཁོ་ན་རེད། འདི་ལ་དགག་ལེན་དང་གསལ་བཤད་བྱེད་རིན་ཡོད་པ་གང་ཡང་མི་འདུག བོད་རིགས་དཔུན་ཟླ་གཞན་པ་དག་གིས་ཀྱང་འདི་ལ་ལེན་མ་གནང་རོགས།

  10. མིག་བརྒྱད་པ། says:
    2012-06-19 at 11:38 pm

    སྲོག་འཇོམས་དུག་སྦྲུལ་གྱི་ཚང་ལྟ་བུའི་སྤྱི་ཚོགས་རྙོག་འཛིང་གི་སྣེ་མོ་ན་ཅི་ཡང་འབྱུང་སྲིད་ལ། མའོ་ཙེ་ཏུང་གིས་འགལ་ཟླ་ཡོད་ཚད་གསོད་དགོས་པའི་གསུང་བཤད་གནང་ཡོད། དོན་དངོས་འདི་དག་ལས་ང་ཚོ་རྒན་རབས་པ་རྣམས་ཀྱི་མགོ་ལ་ཡོང་བའི་མནར་གཅོད་འདི་རིགས་རྗེས་རབས་པ་ཚོ་ལ་མི་ཡོང་བའི་ཆེད་རྒྱུན་དུ་ཁ་བརྡ་དང་གླེང་མོལ་བྱེད་ཆོག །དམ་པ་རེ་ཞིག་རྒུད་གྱུར་ཀྱང་།།ཟླ་བ་ཡར་ངོ་བཞིན་དུ་འབྱུང་།།ཞེས་པ་ལྟར་ཐུན་མོང་མ་ཡིན་པའི་བསམ་བློ་གཏོང་སྟངས་ཀྱི་སློབ་གསོ་དེ་འགལ་རྐྱེན་ཐམས་ཅད་ལས་རྣམ་པར་རྒྱལ་བའི་བློ་སྟོབས་ཡིན་ལ། དེ་བོད་གངས་ཅན་གྱི་གཅེས་ནོར་མཐའ་དག་གི་འབྱུང་ཁུངས་ཡང་ཡིན། གལ་ཏེ་འདི་མེད་སོང་ན་བོད་པ་ཟེར་བ་ཞིག་འཛམ་གླིང་འདིའི་སྒང་ནས་སྔ་ས་ནས་ཡལ་ཚར་བ་རེད། གང་དགའ་གང་སྐྱིད་ཀྱི་ཕྱོགས་སུ་འགྲོ་ངེས་རེད། དེ་ལྟར་སོང་ན་རང་གི་སྐད་ཡིག་དང་རང་གི་རིག་གཞུང་ཟེར་བ་ཞིག་གང་ན་ཡོད། བོད་ཀྱི་བསམ་བློའི་དབུ་ཁྲིད་པཎ་ཆེན་རིན་པོ་ཆེ་འཚོ་བཞུགས་སྐབས་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད། ཅེས་གསུངས་ཡོད་པ་ཡང་དེ་འདྲའི་བློ་སྟོབས་ལ་ཐུག་པ་ཡིན། ནང་སྟོང་ཕྱི་རྫིག་གི་ཀུན་སྤྱོད་དང་ཟློས་གར་འཁྲབ་པ་ཇི་བཞིན་གཙུགས་ཆེན་བྱེད་པའི་ཐུན་མོང་བའི་མིག་གིས་ཐུན་མོང་མ་ཡིན་པའི་ནང་གི་བློ་སྟོབས་དེ་རྟོགས་མི་ཐུབ། ཕྱོགས་གཅིག་ནས་རང་ལྟ་མཆོག་འཛིན་དང་རང་འདོད་རྐྱང་རྐྱང་གི་རྒྱ་ལས་མ་གྲོལ་བའི་མི་དག་གིས་བདེན་དོན་མནན་ཡོད་པ་དེ་ཡང་ཤེས་དགོས། སྐྱེས་བུ་དམ་པ་དག་ལ་ལྟ་བ་ལོག་པ་དང་བདུད་ཀྱི་སྤྲུལ་བ་ཞེས་གདུག་དམོད་ཆར་ལྟར་འབེབས་པ་དེ་ཡང་ཐུན་མོང་བའི་མིག་གིས་ཐུན་མོང་མ་ཡིན་པའི་བློ་སྟོབས་མ་མཐོང་བའི་གནད་འགག་ཅིག་རེད།

  11. ཇོ་ཇོ། says:
    2012-06-20 at 12:21 am

    དེབ་འདིའི་རྩོམ་པ་པོ་ཡེ་རྡོར་ཟེར་བ་དོན་དངོས་མེད། འདི་ནི་བོད་པ་ཞིག་གི་མིང་གཡར་ཏེ། རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཁང་གི་སྤེལ་བའི་འཆལ་རྩོམ་རེད། ལན་མང་པོ་རྒྱག་དགོས་མེད། ཡེ་རྡོར་ཟེར་བའི་བོད་པ་དེ་ང་ཚོའི་མདུན་དུ་ཐོན་ཤོག
    དེ་སྔོན་ཡེ་རྡོར་གྱི་རྩོམ་ལ་དགག་པ་བརྒྱབ་པའི་རྩོམ་བཏུས་ཤིག་ཤེས་བྱ་ཀུན་བཏུས་རྩོམ་སྒྲིག་ཁང་། ཞེས་པས་དེབ་གཟུགས་སུ་བསྐྲུན་པ་ཞིག་ངས་མཐོང་བྱུང་། རྩོམ་ཡིག་གཞི་རྩའི་ལེགས་པོ་འདུག་རུང་། དེབ་ཀྱི་སྤུས་ཚད་ཧ་ཅང་ཞན་ཞིང་། འགྲེམས་སྤེལ་རྒྱ་ཆེར་བྱས་མེད་པ་ནི་བློ་ཕམ་རེད། ཡང་བསྐྱར་དེབ་སྤུས་ཚད་ལེགས་སུ་གཏང་བ་དང་། འགྲེམས་སྤེལ་རྒྱ་ཆེ་ཙམ་བྱ་ན་ཕན་འདོགས་ཆེན་པོ་ཡོང་ངེས་འདུག

  12. མེ་ཏོག་དཀར་པོ། says:
    2012-06-20 at 12:27 am

    སྐུ་གཟུགས་མཆོད་རྟེན་དམ་ཆོས་ལ། །
    འཁྱལ་ཞིང་འཇིགས་པར་བྱེད་པ་ལའང་། །
    བདག་གིས་ཞེ་སྡང་མི་རིགས་ཏེ། །
    སངས་རྒྱས་སོགས་ལ་གནོད་མི་མངའ། །ཞི་བ་ལྷས།

  13. སད་ན་ལེགས says:
    2012-06-20 at 12:44 am

    དྲ་གྲོགས་ཚོ།
    ཁོང་ཁྲོ་ལངས་ན་མི་དགེ་བ་བསགས་པ་ལས་ཡོང་རྒྱུ་ཅི་ཡོད། ངས་ཚང་མར་བཤད་འདོད་པ་ནི། ཡེ་རྡོར་གྱི་ཁུངས་ལུང་མེད་པའི་གཏམ་སྣ་ཚོགས་བཤད་པ་ལ་ལན་གཞན་གྱིས་ཕན་ཐོགས་མེད་པར་སྙམ། ལོག་སྨྲའི་ཚང་ཚིང་བསྲེག་པའི་རྡོ་རྗེ་མེ་ལྕེ་གང་ཡིན་ཟེར་ན། ༧གོང་ས་མཆོག་གི་མཛད་རྣམ་པོ་ཏི་འགའ་ཡོད་པ་དེ་ཡིན། དེ་ཚོ་རྒྱ་ཡིག་དང་དབྱིན་ཡིག་ཏུ་བསྒྱུར་ནས་རྒྱ་ནག་མི་མང་དང་འཛམ་བུ་གླིང་བ་གཞན་ཚོས་གོ་བར་བྱས་ན། ཡེ་རྡོར་རམ་ལོག་སྨྲ་ཚོགས་པ་དེ་རང་ཤི་རྒྱག་པ་སྨྲས་མ་དགོས།

  14. བོད་ལ་ཞེན། says:
    2012-06-20 at 1:06 am

    ཁོ་ལྟས་ངན་པ་ལྟོ་འཚོལ་བའི་ཐབས་དེ་མ་གཏོགས་མ་རག་པ་ཡིན་རྒྱུ་རེད།

  15. ངས་པོ་རྒྱལ་མཚན། says:
    2012-06-20 at 1:15 am

    ཡེ་རྡོར་ཟེར་བ་དེ་ནི་ལ་རྒྱ་དངུལ་དང་བརྗེ་བོ་བརྒྱབ་མཁན་གྱི་ཅོལ་ཆུང་བ་ཞིག་རེད།

  16. རིན་ ཆེན བཀྲ་ཤིས་ says:
    2012-06-20 at 1:48 am

    ད ་གཞོན་ནུ་སོགས་ཀྱི་ཤོག་དང་ཡེ་རྡོར་ལ་གསར་འགོད་གསལ་བསྒྲགས་དང་ལན་དུས་ཐོག་ཏུ་རྒྱག་རམ་ལ་ཐོན་འདུག་མི་འདིའི་༧གོང་ས་མཆོག་ལ་དམའ་འབེབ་མང་པོ་བྱས་སོང། བོད་ཡིག་རྩོམ་པོ་དག་གི་སྨྱུག་ཁ་ནང་དུ་མི་སྐོར་བ་རྒྱ་གཞུང་དགག་ལན་སྐྱོན་བྱེད་ཐུབ་ན་ཧ་ཅང་གི་དགའ་བསུ་ཞུ

  17. རིན་ ཆེན བཀྲ་ཤིས་ says:
    2012-06-20 at 1:50 am

    ཡེ་རྡོར་ཟེར་བའི་མི་འདི་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱ་མི་ཞིག་ཡིན་ཚུལ་འདུག

  18. ཇོ་ཇོ། says:
    2012-06-20 at 2:00 am

    སྐུ་ཞབས་ཡེ་རྡོར་ལགས། ཁྱོད་རྒྱ་ནག་གི་བརྙན་འཕྲིན་མདུན་ཐོན་ཤོག

  19. དྭངས་བླངས་པ says:
    2012-06-20 at 2:07 am

    འབྲེལ་ཡོད་མི་ཡི་བརྗོད་པར་ལྟར་ན་ཡེ་རྡོ་ཅེས་པ་འདི་རྒྱ་མི་ཡིན་པ་ལས་བོད་པ་མ་རེད་ཟེར། གང་ལྟར་ཡང་མ་འོས་པ་ཞིག་ལས་མི་འདུག་པས་དགག་ལན་དགོས་པ་ཆེར་མི་སྣང། ང་ཚོའི་ང་རང་ཚོ་དྲང་པོ་དང་བདེན་པ་ཡིན་ག་ཚོད་ལབ་ཀྱང་རྒྱ་གཞུང་གིས་བཟང་ལན་སློག་པ་ཕར་ཞོག། དེ་ལ་སྐྱོན་བརྗོད་དང་མཚང་འདྲུ་བའི་ཀུན་སློང་ལས་མེད་པ་ནི་ཧ་གོ་གོ་བ་འདི་རེད། དེ་ལས་ཡ་མ་བྱས་ནས་བཞག་ན་ལེགས་པར་མཐོང། ཡང་བོད་པ་ཁ་ཤས་གི་༧ གོང་ས་ཡིད་བཞིན་ནོར་བུའི་སྐུའི་ཡང་སྲིད་གཉིས་ཡོང་གི་རེད་ཟེར་ནས་མ་འོང་ལུང་བསྟན་བྱེད་མཁན་ཡང་འདུག་བ། དེ་ཚོར་སྡུག་ཁ་ཚུམ་༧གོང་ས་མཆོག་གིས་གནད་དོན་དེའི་བསྐོར་འཇུག་བསྡོམ་ལེགས་པོ་ཞིག་བརྒྱབ་ཟིན་པར་ཧ་གོ་ཡོད་ཚོད་རེད། ཡང་སྲིད་གཉིས་མི་འབྱུང་བ་ངས་ཁག་ཐེབ་ཆོག

  20. ཇོ་ཇོ། says:
    2012-06-20 at 2:15 am

    དང་བླངས་པ་ལགས། ཡང་སྲིད་གཉིས་མི་འབྱུང་བ་ཁྱེད་ཀྱིས་ཁག་ཐེག་གནང་ཡང་། ཡང་སྲིད་ངོ་མ་ཞིག་དང་། རྒྱ་ནག་གིས་ཡང་སྲིད་རྫུན་མ་ཞིག་བཟོ་རྒྱུ་གཏན་ཁེལ་རེད།

  21. ལོག་སྨྲ་ཚར་གཅོད་ནས། says:
    2012-06-20 at 2:47 am

    ངས་ཀྱང་དེ་སྔོན་ཡེ་རྡོ་ལ་དགག་པ་ཞིག་བྲིས་ནས་འདིའི་མཆན་ནང་བཀོད་ཡོད།
    དེ་དེ་བཞིན་བོད་ཀྱི་སྨྱུག་ཐོག་པ་ཚང་མས་མཉམ་རུབ་ཀྱིས་ཡེ་རྡོ་ལ་དགག་དེབ་ཅིག་འགྲེམ་སྤེལ་བྱེད་དགོས་ངེས་རེད། ང་ཚོ་ལ་དམག་དང་མཚོན་ཆའི་སྟོབས་ཤུགས་མེད་ཀྱང་བདེན་པའི་གཏམ་བཤད་ཀྱིས་ཐོག་ནས་རྩོམ་ཡིག་གི་སྟོབས་ཤུགས་རླབས་ཆེན་ཞིག་ཡོད་པས་སྟོབས་ཤུགས་འདི་ངོམས་དགོས།

  22. རྫ་ཕྲུག says:
    2012-06-20 at 2:49 am

    ཡེ་རྡོ་རྒྱ་རིགས་མ་རེད་བོད་རིགས་རེད། གུང་དམར་དང་རྒྱལ་ངན་གཉིས་ཀྱི་རྗེས་འཇུན་བྱེད་མཁན་གཙོ་བོ་ཞིག་ཡིན་རབས་འདུག

  23. ལོག་སྨྲ་ཚར་གཅོད་ནས། says:
    2012-06-20 at 2:51 am

    བོད་ཀྱི་སྨུག་ཐོག་པ་ཚོ། ཕྱི་ལ་གླ་ཕོའི་མཆེ་བ་དང་ནང་ལ་ཨབ་རའི་སོ་རྩེ་ཟེར་བ་བཞིན་མ་བྱེད་ནས་ཡེ་རྡོ་ལ་དགག་པ་རྒྱོབས་དང་།

  24. ཚེ་བསམ་ says:
    2012-06-20 at 3:05 am

    ཡེ་རྡོར་ཟེར་བ་དེ་རྒྱ་རོ་ཡིན་ཁོ་ཐག་རེད།

  25. མེ་ཏོག་དཀར་པོ། says:
    2012-06-20 at 3:48 am

    ཡེ་རྡོ། བལྟས་ངན། མ་རབས། ལྐུགས་པ། ཞ་ར། ལོངས་བ། དམ་ཉམས། རྒྱུགས་ཁྱི། རྫུན་མཁན། ཁྱོད་ཤི་རྒྱུ། ན་རྒྱུ། དམྱལ་བར་འགྲོ་རྒྱུ། མའོའི་རྐུབ་ལྡག ཏིང་ཞོ་ཕིང་གི་གཅིན་འཐུང། ལི་ཕང་གི་སྨྱང་མ་འཐུང་། ཅང་ཙེ་མིང་གི་མཇེ་འཇིབ། བོད་མི་རིགས་ཀྱི་རླ་བཙོང་། མེས་པོ་དམ་པའི་རྐང་འདྲེན། རྩམ་པ་འབུ་དང་བརྗེ་མཁན། མ་ར་ཡ་ཕཊ:

  26. མེ་ཏོག་དཀར་པོ། says:
    2012-06-20 at 3:58 am

    གོང་གི་མ་རྩོམ་དེ་དྲངས་དུས་མཐའ་མ་དེར་ཕན་པ་ཆེན་པོ་ཡོད་པ་རེད། ཅེས་བཀོད་འདུག་ཅེས་འབྲི་དགོས་ངེས་མཐོང་དེ་མིན་ཁ་བརྡ་ཚང་གི་ཞེ་འདོད་ངོ་མ་འདྲ་པོ་མཐོང་གི་འདུག་ག

  27. སྤྲིན་དཀར་གྲོང་གཙོ says:
    2012-06-20 at 4:02 am

    རྒྱ་དམར་ཚང་གི་སྲིད་དབང་སྒེར་གཅོད་པའི་འགོ་ཁྲིད་དག་ངོ་གནས་སེམས་པ་རེད་དམ།

  28. སྤྲིན་དཀར་གྲོང་གཙོ says:
    2012-06-20 at 4:09 am

    རྣམས་པ་ཚང་མས་ཡེ་རྡོ་ལ་གཤེ་གཤེ་གཏོང་གིན་འདུག་་བསམ་བློ་གཏོང་རོགས་ཕལ་ཆེར་ཁྱེད་ཚོ་རྒྱ་མའི་ཁྲིམས་ཀྱི་དྲོ་བ་མྱང་མ་མྱོང་བ་ཡིན་རྒྱུ་རེད་དོན་ངོ་གནས་ངས་ཡེ་རྡོ་ཞེས་པ་ངོ་མི་ཤེས་ལ་ཤེས་འདོད་ཡང་མི་འདུག་གང་ལྟར་ཁོང་ལ་ཡང་དཀའ་ངལ་ངེས་ཅན་ཞིག་ཡོད་པའི་སྒོ་ནས་དེ་འདྲ་ཞིག་མི་འབྲི་ཐབས་མེད་ཆགས་པ་ཡིན་མིན་ཐེ་ཚོམ་རེད། ཁོ་རང་གི་ངོས་ནས་འདི་འདྲ་ཞིག་འབྲི་འདོད་མེད་ན་ཐང་དེའི་ཕྱིར་འདིའི་སྐོར་་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད།

  29. amdo baglab says:
    2012-06-20 at 5:04 am

    ཡེ་རྡོར་ལ་བཀའ་རྒྱུགས་མང་པོ་མ་བཏང་། ཁོ་ཡང་རང་གི་ཁ་ཕོ་ལ་བསམ་བློ་བཏང་དགོས་རེད་པ། ཁོས་རང་གི་ཕ་ཁོར་གང་བ་ལ་དམིགས་ནས་འདི་འདྲ་བྲིས་པ་ལས་དངོས་སུ་བྲིས་པ་ག་ལ་ཡིན། བོད་པའི་ཤ་རུས་ཁྲག་གསུམ་གཙང་མ་ཅན་ཞིག་རེད་པ། བོད་པ་ཟེར་བ་དེ་དངོས་གནས་འདྲ་གི་མ་རེད་ད།

  30. དྭངས་བླངས་པ says:
    2012-06-20 at 5:12 am

    རྒྱ་དམར་གིས་ཡང་སྲིད་བརྫུན་མ་བཟོ་མིན་དེ་༧གོང་ས་མཆོག་ལ་ཐུག་ཡོད་པ་ལས་གཞན་སུས་ཀྱང་བཀག་འགོག་བྱེད་མི་ཐུབ། དེར་ཡང་༧གོང་ས་མཆོག་གིས་གསུངས་ན་ཁོང་གིས་སྐུའི་ཡང་སྲིད་དགོས་མིན་དེ་བོད་མི་མང་ལ་རག་ལས་ཡོད་གསུངས་པའི་ཟུར་ལ་བལྟོས་དང། ཡང་སྲིད་གཉིས་མི་འབྱུང་བའི་སྔོན་བརྡ་ཡིན་པ་ཧ་གོ་དགོས་རེད། གལ་སྲིད་བོད་ལ་སྐུའི་ཡང་སྲིད་དགོས་ན་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ནས་འབྱུང་བའི་སྐུའི་ཡང་སྲིད་ཞིག་ཡིན་པ་ལས། སྐུའི་ཡང་སྲིད་འདི་ཡིན་དང་འདི་རེད་ཟེར་བའི་ཐོབ་ཐང་དེ་སུ་ལ་ཡང་མེད་པ་༧གོང་ས་མཆོག་གིས་བཀའ་སློབ་བསྩོལ་ཟིན་པ་རེད།

  31. འུག་པ། says:
    2012-06-20 at 5:19 am

    ངས་བལྟས་ན། ཡེ་རྡོར་ཟེར་བ་དེ་བོད་པ་ཡིན་ས་མ་རེད།
    གཞན། ཉེ་ལམ་ཞིག་ནས་རང་དབང་གླེང་སྟེགས་རྩོམ་སྒྲིག་པ་རེ་ཟུང་གིས། དྲ་ཚིགས་ཁག་ནས་གསར་འགྱུར་བསྡུ་ཚུར་ལེན་བྱེད་སྐབས། གསར་འགྱུར་འབྲི་མཁན་སོའི་མིང་ཚབ་ཏུ་སོ་སོའི་མིང་བྲིས་འདུག སྔོན་མའི་རང་དབང་གླེང་སྟེགས་རྩོམ་སྒྲིག་པ་ཟུར་པ་ཚོས། གསར་འགྱུར་ཡོང་ཁོངས་དང་གསར་འགྱུར་འབྲི་མཁན་ཚོའི་མིང་ཏག་ཏག་འགོད་ཀྱི་ཡོད་སྟབས། དེའི་ཕྱོགས་ལ་ཐུགས་སྣང་ཡག་པོ་གནང་རོགས། འདི་ནི་དྲན་སྐུལ་ཙམ་ལ་སྐྱོན་བརྗོད་མིན་ལགས།

  32. ཕུག་རོན། says:
    2012-06-20 at 5:25 am

    རང་དབང་གླེང་སྟེགས་རྩོམ་སྒྲིག་པ་ལགས་སུ་དྲན་སྐུལ་ཞུ་རྒྱུ་ཞིག་ལ། དྲ་ཚིགས་ཁག་ནས་གསར་འགྱུར་ཚུར་ལེན་གནང་སྐབས། གསར་འགྱུར་འབྲི་མཁན་ཚོའི་མཚན་དང་ཡོང་ཁུངས་གསལ་པོ་འགོད་རྒྱུ་ཧ་ཅང་གལ་ཆེ། ཀློག་པ་པོ་ཁ་ཤས་ཀྱིས་ང་ལ་བཤད་ན། འགྱུར་འགྱུར་འབྲི་མཁན་གྱི་མིང་ཚབ་ཏུ་ཁྱེད་རང་ཉིད་ཀྱི་མིང་བྲིས་འདུག་ཟེར།བདེན་པ་མིན་ཡིན་མིན་མི་ཤེས་ཀྱང་ཤ་ཚའི་ཚུལ་དུ་ཞུས་པ་ཡིན།

  33. གསེར་འབྲུག་སྡེར་ལྔ་ says:
    2012-06-20 at 6:33 am

    ཡེ་རྡོར་ནི་བོད་པ་རེད་ལ་དབུས་འཐབ་ཕྱོགས་ཅིག་གྱུར་པུས་གསོ་སྐྱོང་བྱས་པའི་རྩོམ་བྲིས་པ་དང་ཟིན་བྲིས་པ་རེད། འོན་ཀྱང་ཁོ་པས་བྲིས་པའི་རྩོམ་བཏུས་དང་ཆེད་རྩོམ་ནི་ཁོ་པ་རང་ཉིད་ཀྱི་ལྟ་ཚུལ་ཡིན་མིན་མི་ཤེས་ཀྱང་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་དགོངས་དོན་ངོ་མ་དེ་རེད། དེ་ནི་ཁོ་པ་རང་ཉིད་ལ་ཡང་གདམ་ཀ་དང་རང་དབང་ཡོད་མི་སྲིད་ལ་རང་དབང་རང་བཞིན་ལྡན་པའི་རྩོམ་ཡིག་སྤེལ་བའི་འཁོར་ཡུག་དེ་ཡང་མེད་པ་དེ་རེད། བྱས་ཙང་ང་ཚོས་ཁོ་པའི་མི་གཞི་ལ་སྡིག་སྨོད་བྱས་པས་མི་ཕན་ལ་ང་ཚོོའི་རྩོམ་བྲིས་པ་ཚོས་སྨྱུག་ཁ་ངེས་པར་དུ་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་གཏད་དགོས་པ་རེད།
    དེ་སྔོན་ཀྲུང་གོའི་བོད་ལྗོངས་དྲ་བའི་སྟེང་སྤེལ་བའི་ཆེད་རྩོམ། ཏཱ་ལའི་བླ་མའི་”དབུ་མའི་ལམ་”ཞེས་པར་རང་ཉིད་ཀྱི་ལྟ་ཚུལ་བརྗོད་པ། ཞེས་པའི་རྩོམ་ཡིག་དེའི་ནང་དོན་དངོས་དང་མི་མཐུན་པའི་ལོག་བཤད་རྐྱང་རྐྱང་བྱས་འདུག། གང་ལྟར་ཡེ་རྡོར་ནི་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་རྩོམ་བྲིས་པ་དང་ཟིན་བྲིས་པ་རེད་ལ། དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ནི་ཀྲུང་ནན་ཧེའེ་ཡི་གཏམ་བརྗོད་ཟློས་གར་བ་རེད། གཏམ་བརྗོད་དང་ཟློས་གར་ག་རེ་འཁྲབ་དགོས་མིན་ཀྲུང་ནན་ཧེ་ཡི་བཀའ་གསུང་ཅི་བསྒྲུབ་ཞུ་དགོས་པ་ལས་རང་སྣང་གང་དྲན་ཡོད་མི་སྲིད། དེས་ན་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཀྲུང་ནན་ཧེའེ་ཡི་བཀའ་གསུང་དང་ལེན་ཞུ་གི་ཡོད་པ་རེད་ལ་ཡེ་རྡོར་གྱིས་ཀྱང་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བཀའ་གསུང་དང་ལེན་ཐོག་དགོངས་དོན་ངོ་མ་ཟིན་བྲིས་བརྒྱབ་ནས་རྩོམ་ཡིག་གི་ལམ་ནས་གསལ་སྟོན་བྱེད་ཀྱི་ཡོད་པ་རེད།

  34. མེ་ཏོག་དཀར་པོ། says:
    2012-06-20 at 6:57 am

    འགའ་ཤས་བཀའ་སྐྱོན་གཏོང་དགོས་ཟེར། བཀའ་སྐྱོན་ཡིན་བསམ་བསམ་ཞིག་བཏང་ཡོད། ཡང་འགའ་ཤས་ཀྱིས་བཀའ་སྐྱོན་མ་གཏོང་ཟེར། ད་ཁ་བཙུམ་ནས་འདུག་གི་ཡིན།

  35. རེབ་ཐོག་མདའ says:
    2012-06-20 at 7:23 am

    ཡེར་རྡོ་ཟེར་བ་དེ་བོད་མི་ཞིག་ཡིན་པ་མ་ཟད་བོད་གཞུང་ལྷ་སའི་དམར་ཤོག་ཚོས་ནང་གི་གནད་ཡོད་ཅིག་ཡིན་པ་འདྲ། གང་ཡིན་ཟེར་ན་གཉིས་སྟོང་བརྒྱད་དང་དགུ་ལ་བོད་མིའི་བསྒྲིགས་འཛུགས་དང་གོང་ས་མཆོག་ལ་ཁ་བཏང་བའི་རྩོམ་མང་པོ་ཞིག་རྒྱ་ཡིག་གི་ནང་དུ་མང་པོ་ཞིག་སྤྱི་ཚོགས་འདིའི་སྟེང་ལ་སླེབས་རེད། མ་ཟད་ཁོང་ལ་བོད་གཞུང་ལྷ་ས་ནས་གོ་གནས་ཡང་ཅུང་ཙམ་མཐོན་པོ་ཡོད་པ་འདྲ།
    ཡིན་ཡང་ང་ལ་ཡང་གསལ་བོ་ཞིག་བྱེད་ཀྱི་མེད། ངའི་ཁོ་བོད་པ་རེད་ཟེར་པ་དེ་ཉིས་སྟོང་བརྒྱད་ལོའི་དེབ་ཅིག་འམ་གསར་འགྱུར་གང་རུང་ཞིག་ནང་དུ་མཐོང་སོང་། ཡིན་ཡང་གསལ་བོ་ཉམས་ཞིབ་བྱས་རྗེས་འདིར་ཕབས་ཆོག

  36. ལུང་རྟོགས། says:
    2012-06-20 at 7:45 am

    འདི་ནི་རྒྱ་གཞུང་གི་ལྟ་བ་དེ་ཡེ་རྡོར་གྱི་མིང་ཐོག་ནས་སྤེལ་བ་ཞིག་ཡིན་པ་ཐག་གི་ཆོད། དེས་ན་ང་ཚོས་ཡེ་རྡོར་ལ་སྡིག་པ་ལས་རྩོམ་ཡིག་གི་ནང་དོན་ལ་དགག་པ་རེ་ཨེ་ཕོག་བལྟས་ན་བཟང་།

  37. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2012-06-20 at 8:03 am

    ཟམ་གདོང་རིན་པོས་གསུངས་ན། ཡེ་རྡོར་ཟེར་བའི་འདི་ཞིན་ཧྭ་གསར་འགྱུར་ཁང་གི་རྩོམ་སྒྲིག་པ་ཞིག་ཡིན་རབ་འདུག། ངས་ཀྱང་གསལ་པོ་ཞིག་ཤེས་མ་སོང་།

  38. ཇ་མ་ says:
    2012-06-20 at 10:27 am

    དྲ་གྲོགས་ཚོ། ཡེ་རྡོར་ཟེར་བ་འདི་རྒྱ་བོད་མི་རིགས་བར་ལ་དབྱེན་དཀྲུག་རྒྱག་མཁན་གྱི་ཁ་བྲལ་རིང་ལུགས་པ་དངོས་གནས་དེ་རེད། ཁོས་གདོང་པ་དང་ལག་པ་སྟོང་པ་རྒྱ་དམར་ལ་བསྟན་ནས་ལྟོ་སློང་པའི་སློང་མོ་བ་ཞིག་རེད།

  39. ཇ་མ་ says:
    2012-06-20 at 10:30 am

    བོད་རྒྱ་ཁ་བྲལ་གཏོང་མཁན་ལོགས་སྤྱོད་པ་ཡེ་རྡོར་ཅན།

  40. ཀརྡོ་གཉེར་ཕྱག་པ་ says:
    2012-06-20 at 10:59 am

    ཡེ་རྡོར་གྱི་་ཚིག་དོན་གཉིས་ཀ་རྩ་གཏོར་གྱི་ཆེད་དུ་བྲིས་པ་འདྲ།

  41. དོན་འགྲུབ། says:
    2012-06-20 at 11:41 am

    ཡེ་རྡོར་ཟེར་བ་ནི་མི་གཅིག་གི་མིང་མིན་ཏེ། དུས་རྟག་ཏུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་སྐྱོན་འཛུགས་དང་ཁ་གཏད་གཅོག་པའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཁོངས་གཏོགས་ཀྱི་སྡེ་ཚན་ཞིག་ཡིན་མོད། བོད་མིང་ཡེ་རྡོར་ཟེར་བའི་སྒེར་མིང་ལྟ་བུ་ཞིག་བཀོལ་ནས་ཚོགས་པ་དེས་དུས་རྟག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ཡིག་ཆ་ཁག་དང་གནས་མེད་པའི་དགག་གཞག་གི་འུར་སློང་བཞིན་ཡོད།

  42. ཚེ་རིང་། says:
    2012-06-20 at 12:00 pm

    ཡེ་རྡོར་མི་གཅིག་གི་མིང་མིན་པར་འཐབ་ཕྱོགས་གཅིག་གྱུར་ཁང་ཡིན་པ་ཡིན་ན་ང་ཚོར་ཁོའི་རྩོམ་ཡིག་འདི་ཚོ་གནད་འགག་ཆེན་པོ་ཆགས་ཀྱི་རེད། གང་ཡིན་ཟེར་ན་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་འདིའི་མཚོན་གྱི་རེད། འོན་ཀྱང་། ད་ལྟ་བར་དུ་དེ་ལྟ་བུའི་གནས་ལུགས་རང་བྱུང་མེད། ཡིན་ཡང་། ཡེ་རྡོའི་རྩོམ་ལས་རྒྱ་གཞུང་གི་སྲིད་ཇུས་ཚོར་རྒྱུར་ཕན་ཐོགས་འབྱུང་ནའང་། ཁ་ཚོན་གཅོད་མི་ཐུབ། ཟམ་གདོང་ཚང་ཀྱང་འདི་ལ་ཨུ་ཐུག་ཐབས་ཟད་ནས་གྲོས་ཚོགས་སུ་རྒྱ་གཞུང་གི་སྲིད་ཇུས་གླིང་ཆེན་གྱི་མཆེ་བ་འདྲ་བོ་ཡིན་པའི་སྡོམ་ཚིག་བཀོད་པ་རེད།

  43. སྣྲོན་ངག་ཁྲི། says:
    2012-06-20 at 1:15 pm

    ངས་སྔོན་མ་གསར་འགྱུར་བརྒྱུད་ལམ་ཞིག་ནས་གོ་ཡས་ལ་བོད་པ་དང་། རྒྱ་མི་ལྷག་བསམ་ཅན་འགའ་ཞིག་ནས་མ་སྐུལ་དང་བསླངས་ཀྱི་སྒོ་ནས་དེ་སྔོན་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་དམའ་འབེབ་དང་། གཞི་མེད་བསྙོན་འཛུགས་ཀྱིས་སྐུར་འདེབས་བྱེད་པའི་ཧམ་སེམས་ཅན་གྱི་བོད་པའི་དངོས་
    མིང་ངམ་སྨྱུག་མིང་གདགས་གཞིའི་སྙིང་རྗེའི་ཡུལ་དེ་ཐབས་ཤེས་གང་ཡོད་ཀྱིས་རྩད་
    བཅད་ཀྱང་མི་ངན་ཡེ་རྡོར་རམ་ཡེ་ཤེས་རྡོ་རྗེར་བརྫུས་པའི་བོད་པའི་མིང་ཅན་གྱི་ནང་སྲི་
    དཔྱད་གཏམ་པ་དེ་མེད་པའི་སྐོར་ཞིག་གོ་ཐོས་བྱུང་བ་དོན་ལ་གནས་ངེས་སུ་གདོན་མི་ཟ་བས། མིང་དེ་ནི་རྒྱ་དམར་ནག་གི་གཞུང་དང་དོད་རྒྱལ་རྗེས་འབྲངས་གི་ཚོགས་པ་
    སོགས་ཀུན་སློང་ཤིན་ཏུ་ངན་ཞིང་སྦྱོར་བ་ཆེས་གཏུམ་དྲག་ཆེ་བའི་འཇིག་སྐུལ་རིང་
    ལུགས་པ་དག་གི་ཡུན་རིང་འཆར་འགོད་བྱས་པའི་ནག་ཚོགས་ཤིག་གི་མིང་ཡིན་པར་
    འདོད་ན་ད་གཟོད་ང་ཚོས་འཚེ་མེད་ཞི་བའི་རིགས་འཕྲུལ་གྱི་སྣག་ཤོག་གོ་མཚོན་བཟུང་སྟེ་
    ཕྱོགས་གང་ས་ནས་ཁ་གཏད་གཅོག་ཐུབ་ངེས་ཡིན་པས་ཀུན་གྱིས་བྱ་བ་དེའི་ཐད་སྒོ་གསུམ་དུ་མས་འབད་པ་བླ་ལྷག་བགྱི་བར་རིགས་སོ་སྙམ།

  44. རྡོ་དོན་ says:
    2012-06-20 at 2:08 pm

    ཡེ་རྡོར་ཞེས་པ་འདི་མིང་ཞིག་རེད། འདི་ནི་གང་ཟག་བྱེ་བྲག་པ་ཞིག་གི་མིང་མ་ཡིན་པར་མིང་འདིའི་འོག་ཏུ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་གསོ་སྐྱོང་བྱས་པའི་མི་བུ་བློ་ལོག་པ་མང་པོ་ཞིག་སྦས་ནས་ཡོང་པ་ཐག་ཆོད་རེད། ཡེ་རྡོར་ནི་རྒྱ་མི་ཡིན་ལ་བོད་མི་ཡང་ཡིན་ངེས། ད་དུང་མི་རིགས་གཞན་པ་ཡང་ཡོད་ངེས། ཁོ་སུ་ཞིག་ཡིན་ན་ཡིན་དུ་ཆུགས། ང་ཚོར་དགོས་པ་ནི་ཡེ་རྡོར་གྱི་མིང་འོག་ནས་ཐོན་པའི་ལོག་དེབ་འདིས་ག་རེ་བཤད་ཀི་ཡོད་པ་དང་། དེ་ཡང་བོད་ཡིག་གི་ཐོག་ཏུ་ཕབ་བསྒྱུར་གྱིས་རང་རེའི་དོ་དམ་གྱི་ཤེས་ཡོན་པ་འགའ་ཆེད་འཛུགས་ཀྱིས་ལན་འདེབས་གནད་ལ་ཕུགས་པ་ཞིག་བྱ་དགོས། དེ་མིན་རྗེས་སོར་ཡེ་རྡོར་གྱི་ལོག་གཏམ་དངོས་བདེན་དུ་འའཁྲུལ་ཉེན་ཡོད་པས་སོ།

  45. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-06-21 at 12:17 am

    ཁྱི་རྒན་སྨྱོན་པ་ཀླད་མེད་དེ་འདྲ་ཞིག་བོད་པའི་ཞབས་འདྲེན་ངོ་མ་རེད་མྱུར་དུ་ཤིན་ཇི་འདྲའིོ་སྐྱིད་པ་ལ་

  46. སྐལ་བཟང་། says:
    2012-06-21 at 1:06 am

    ཡེ་རྡོར་སུ་ཡིན་རྩོད་དོན་མི་འདུག ལོག་བཤད་མང་བོ་སྒྲིག་མཁན་མི་བཅུ་ཉི་ཤུ། བརྒྱ་ཉིས་བརྒྱའི་ཚོགས་པ་རྒྱའི་དབང་འོག་ན་འགྲོ་ཤེས་འདུག་ཤེས་ཀྱི་རིག་པ་ཉིན་མཚན་མེད་པར་བསྒྲིམ་བཞིན་པའི་བོད་མི་སྐོར་ཞིག་ལ་བཏགས་པ་ཡིན་སྲིད། དེའི་ནང་ན་གྲྭ་བ་ཡོན་ཏན་ཅན། སློབ་མ་ལ་རྒྱ་ཅན། རྒྱ་གར་བ་སེམས་ཤུགས་ཅན་ཅི་ཡང་ཡོད་སྲིད་དེ། རྒྱ་ནག་རྡོ་རྗེ་འཆང་ཚང་གིས་ཏཱ་ལས་ཕམ་པར་རྒྱག་པའི་ཡང་སྲིད་དུ་ངེས་འཛིན་གནང་ཙ་ནས། མགོ་བོར་རྡོ་སྣུམ་བླུག་ན་མ་གཏོགས་མཐར་ལམ་མེད། བཙན་བྱོལ་དུ་སླེབས་ན་ཧོར་གཙང་འཇིགས་མེད་བྱེད་ཆོག་པ་ལ། བོད་དུ་ལྷག་ན་ཡེ་ཤེས་རྡོ་རྗེ་མི་བྱེད་རང་བྱེད་རེད། ཚིག་གཅིག་ཆད་ཉེས་ན་རང་གི་མགོ་བོ་ཆད་སྲིད་ལ། ཚིག་གཅིག་འདོགས་ཉེས་ན་ལུས་ལ་གཅོང་ནད་ཅིག་ཐོགས་སྲིད། རྩོམ་འཆལ་དེ་གོང་རིམ་ནས་ཞིབ་གཤེར་དག་ཐེར། སྣོན་འཕྲི་ཁ་སྐོང་། ཡར་བསྒྱུར་མ་བསྒྱུར་བྱས་བྱས་ནས་འབྲོང་བུ་སོགས་ཀྱིས་ཚིག་སྦྱོར་གྱི་ཞབས་ཞུ་ཞུས་ཡོད་པ་སྨོས་མི་དགོས། དེས་ན་ངས་རྩོམ་ཡིག་འདིའི་མིང་ལ་ཏང་གིས་གཏན་འབེབས་བྱས་པའི་ཏཱ་ལས་བྱ་སྤྱོད་ཅེས་འབོད་པ་ཡིན་ནོ།།

  47. སྟག་གཞེར། says:
    2012-06-21 at 7:20 am

    ཡེ་རྡོར་ནི་་དམར་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ཁང་ཟེར་བའི་ལག་ཆ་ཞིག་རེད། ཁོས་བཤད་པ་ནི་ལབ་རྡོལ་རེད། དམར་པོའི་ཐོ་བ་མགོ་ལ་ཕོགས་པས་རེད། ཀླད་རྐྱོན་ཡོད་པ་རེད། སྨན་པར་བསྟན་ན་དྲག་གི་རེད། མ་བསྟན་ཡང་སྨྱོ་གཏམ་གྱིས་མི་ཐུབ་པའི་དཔེ་མེད། ཆང་འཐུང་དང་། སྨྱོན་པ། བཙན་གནོན་འོག་གི་མི་གཏའ་མ། མདོར་ན་ཇག་པའི་སྟར་གྲིའི་འོག་གི་མགོ་བོ་ལ་ཁ་བརྒྱ་ཡོད་ཀྱང་དྲང་གཏམ་བརྗོད་པའི་དབང་མེད་ལ། བཤད་པ་གང་ཡང་དྲང་གཏམ་དུ་སུ་ཡིས་ཀྱང་རློམས་མི་སྲིད།

  48. བཀྲ་ཤིས། says:
    2012-06-21 at 7:22 am

    ཡེ་རྡོར་། ཟེར་བ་ནི་ཁྱི་ལོ་ལོན་ཞིག་རེད།
    སུས་ལྟོ་སྤྲད་ན་དེ་ལ་རྔ་མ་གཡུག་གི་རེད།

  49. སྤྲིན་དཀར་གྲོང་ཚོ། says:
    2012-06-21 at 9:46 am

    ཏཱ་ལའི་བླ་མ། ཞེས་པའི་མིང་ཚིག་འདི་བོད་མི་མང་གི་ཚེ་སྲོག་ཡིན་ཕྱིར། མིང་ཚིག་འདི་ལ་འགོག་བརྒོལ་དང་། ངན་བཤད། ཉེས་འགེབ་སོགས་བྱས་ན། བོད་མི་མང་གི་ཚེ་སྲོག་ལ་སྟ་གྲི་བཏབ་པ་ཕྱིར། རྒྱའི་མི་ངན་བྱེད་གཏེ་ང་ཚོས་ནམ་ཞིག་ལ་དམར་གསོད་དུ་བཏང་གི་ཡོད།

  50. ཇོ་ཇོ། says:
    2012-06-22 at 2:58 am

    དང་བླངས་པ་ལགས།
    ༸གོང་ས་མཆོག་གིས་ཡང་སྲིད་གཉིས་མི་འབྱུང་བའི་སྔོན་བརྡ་གནང་བ་མ་ཟད། མ་འོངས་སྐུ་ཕྲེང་རྗེས་མའི་སྐོར་གཏན་འབེབས་འགའ་ཞིག་གནང་བ་དང་། ༸རྒྱལ་བ་དགེ་འདུན་གྲུབ་ཀྱི་སྐུ་ཚེའི་ཚད་ཙམ་ནས་གསལ་པོར་གཏན་འབེབས་གནང་རྒྱུའི་བཀའ་ཡིག་ཀྱང་ཕེབས་ཡོད། དེ་བཞིན་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་༸གོང་ས་མཆོག་ལ་ཡོད་པ་བཞིན་ཡོད་ཅེས་གསུངས་པ་དང་། ༸ཡང་སྲིད་ངོ་མའི་ཐོག་འབབ་ཐུབ་པའི་རེ་ཞུ་རྒྱ་གཞུང་ལ་དངོས་སུ་གསུངས་ཡོད་ཀྱང་། གནས་སྟངས་ཅི་འདྲར་གྱུར་སོང་ངམ། གནས་སྟངས་དེ་སྐུ་ཕྲེང་བཅོ་ལྔ་པའི་སྐབས་ཀྱི་མ་འོངས་ལུང་བསྟན་རེད།

  51. ཀརྡོ་གཉེར་ཕྱག་པ་ says:
    2012-06-22 at 3:09 am

    ཡེ་རྡོར་ངོ་སྤྲོད་དང་ལོག་ལམ་ལས་ཐར་བའི་སྨོན་ལམ།

    ཡེ་རྡོར་ལྟ་བུའི་བོད་རིགས་ངན་པ་སྐྱེས་མྱོང་ངམ། །
    ཡེ་རྡོར་ལྟ་བུའི་རྒྱ་རིགས་ངན་པ་དེང་སང་མེད། །
    ཡེ་རྡོར་སྤྲང་འཁྱམས་ཁྱི་ངན་སྨྱོ་བའི་སྨྱོ་ལབ་རེད། །
    ཡེ་རྡོར་རྒྱྱུག་ཁྱིས་རྒྱ་སྒོར་རུས་པ་མུར་ནས་སྨྲས། །

    ཡེ་རྡོའི་མིག་རྣ་གསལ་ལ་རིག་འཚོ་ཟིན་པར་ཤོག །

  52. འཇའ་བ་རི་ནག says:
    2012-06-22 at 1:54 pm

    ཡེ་རྡོ་ལགས། ་ཁྱོད་ཀྱིས་༸གོང་ས་མཆོག་ལ་མཚན་སྨོན་ཇི་ལྟར་བྱས་ཀྱང་འཛམ་གླིང་གི་མི་དམངས་སུ་ཡང་ཡིད་མི་ཆེས།
    ལྷག་ཏུ་བོད་མི་ས་ཡ་དྲུག་པོ་སུ་གཅིག་ཀྱང་མགོ་བསྐོར་གཏང་མི་ཐུབ།
    ང་ཚོ་བོད་མི་ཚོས་རང་གི་མི་རིགས་ཀྱི་ལ་ཞེན་དང་རྒྱལ་ཁབ་སླ་གསོ་ཆེད་བློས་གཏང་བྱེད་དགོས་པ་ནི་འོས་འགན་ཞིག་་རེད། ནམ་ཞིག་ཆོལ་གསུམ་ཆིག་བསྒྲིལ་གྱི་རྒྱལ་ཁའི་དར་ཆེན་གངས་སེང་ཁ་སྤྲོད་དེ་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་འཛུགས་སྐབས་བོད་མིང་ཁྱེར་བའི་མི་ཁྱོད་ཀྱི་ཀླད་པ་འགད་ངེས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme