Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡུ་རོབ་བོད་དོན་ལས་འགུལ་སྐབས་ཀྱི་སྲིད་སྐྱོང་གི་གསུང་བཤད།

Posted on 2015-03-172015-03-17 By ཁ་བརྡ No Comments on ཡུ་རོབ་བོད་དོན་ལས་འགུལ་སྐབས་ཀྱི་སྲིད་སྐྱོང་གི་གསུང་བཤད།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ

 

སྲིད་སྐྱོང་མཆོག་གིས་ཡུ་རོབ་བོད་དོན་ལས་འགུལ་ནང་མཉམ་ཞུགས་ཀྱིས་གསུང་བཤད་གནང་བ།

ཕྱི་ལོ་༢༠༡༥ ཟླ་༣ ཚེས་༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡ ཐོག་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་ཡུ་རོབ་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ་སོགས་ཐུན་མོང་གིས་གོ་སྒྲིག་འོག་བོད་དོན་གོམ་འགྲོས་ཀྱི་ཞི་བའི་ལས་འགུལ་ཞི་རྒྱ་ཆེ་བ་ཞིག་སྤེལ་འདུག སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་མེ་ཐིའུ་མེ་ཀ་ཅི་མཆོག ཕ་རན་སིའི་ཁྲིམས་དོན་བློན་ཆེན་ཟུར་པ་སྐུ་ཞབས་རོ་བྷར་ཊི་བྷ་ཏིན་ཌར་(Robert Badinter) མཆོག ཡུ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་བཀྲས་མཐོང་དབང་པོ་ལགས། བྷར་སེལ་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས། ཕ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས། གཞན་ཡང་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་བ་དང་བྷར་སེལ་སྐུ་ཚབ་དོན་ཁང་གི་ལས་བྱེད། དེ་བཞིན་ཕ་རན་སི་དང་། སྦེལ་ཇམ། སུད་སི་སོགས་ཡུ་རོབ་རྒྱལ་ཁབ་ ༡༥ ཙམ་ནས་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༡༠༠༠༠ ལྷག་འདུ་འཛོམས་བྱུང་ནས་ལག་ཏུ་བོད་ཀྱི་རྒྱལ་དར་དང་འབྱར་ཡིག་སྣ་ཚོགས་འཁྱེར་ནས་བོད་ནང་རང་དབང་དགོས་པ་དང་། བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་དགོས་པའི་འབོད་སྒྲ་སྒྲོག་བཞིན་ཞི་བའི་གོམ་འགྲོས་གནང་འདུག

སྐབས་དེར་ཐོག་མར་ཕ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་གཏམ་བཤད་སྤེལ། དེ་རྗེས་ཕ་རན་སིའི་ཁྲིམས་དོན་བློན་ཆེན་ཟུར་པ་ཝོབ་བྷི་བྷ་ཏིན་དེག་ལགས་ཀྱིས་གཏམ་བཤད་གནང་བའི་སྙིང་དོན་ནི། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དབུ་འཁྲིད་པའི་བོད་མིའི་འཐབ་རྩོད་དེ་བདེན་པར་གཞི་བཅོལ་བའི་འཚེ་མེད་ཞི་བའི་འཐབ་རྩོད་ཅིག་ཡིན་ཞིང་། རྒྱ་གཞུང་གིས་བོད་ལ་བསྟུད་མར་བཙན་གནོན་དབང་སྒྱུར་བྱས་པའི་ཉེར་ལེན་གྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་རུང་། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འཚེ་མེད་ཞི་བར་གཞི་བཅོལ་བའི་ནང་པའི་ལྟ་གྲུབ་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མི་འགྱངས་བར་ཉིན་གཅིག་བོད་དོན་བདེན་མཐའ་གསལ་ངེས་ཡིན་སྐོར་གསུངས།

IMG_5758

དེ་ནས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཐོག་མར་ཐེངས་འདིའི་ལས་འགུལ་ནང་ཡུ་རོབ་ལུང་པ་འདྲ་མིན་ནས་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་སྟོང་ཕྲག་མང་པོ་འདུ་འཛོམས་བྱུང་བ་དེ། བོད་པའི་འཐབ་རྩོད་ཉམས་མི་སྲིད་པའི་རྣམ་པ་གསལ་སྟོན་བྱས་ཡོད་སྐོར་བརྗོད་པ་དང་། ཕ་རན་སི་ནི་འཛམ་གླིང་གི་རང་དབང་དང་འདྲ་མཉམ་གྱི་ཕ་ས་ལྟ་བུ་ཆགས་ཡོད་སྟབས། དེ་རིང་འདི་ལྟ་བུའི་འདུ་འཛོམས་བྱུང་བ་འདི་བོད་ལ་རང་དབང་གི་ཉི་མ་འཆར་ལ་ཉེ་བའི་རྟེན་འབྲེལ་ཡག་པོ་བྱུང་ཡོད། ཅེས་གསུངས་ཡོད།

ཁོང་གིས་མུ་མཐུད་དུ། ཉེ་ཆར་རྒྱ་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༸གོང་ས་མཆོག་གི་ཡང་སྲིད་རྒྱ་གཞུང་རང་ངོས་ནས་ངོས་འཛིན་བྱ་རྒྱུ་ཡིན་ཚུལ་བཤད་འདུག་ཀྱང་། རྒྱ་གཞུང་ནི་ཆོས་དུག་ཏུ་རྩི་མཁན་ཞིག་དང་༸གོང་ས་མཆོག་བདུད་དུ་ངོས་འཛིན་བྱེད་མཁན་ཞིག་ཡིན་སྟབས། ༸གོང་ས་མཆོག་གི་ཡང་སྲིད་འཚོལ་རྒྱུར་ཐེ་བྱུས་བྱེད་དབང་མེད་ཅིང་། གལ་སྲིད་ཡང་སྲིད་བཙལ་རུང་སྔོན་ལ་མའོ་ཙེ་ཏུང་དང་ཏུན་ཞོ་ཕིན། ཀྲུའུ་ཨེན་ལེ་བཅས་ཀྱི་ཡང་སྲིད་ཚོལ་དགོས་སྐོར་སོགས་གསུངས་སོང་།
དེ་བཞིན་ཁོང་གིས། ༸གོང་ས་མཆོག་གི་ཡང་སྲིད་དེ་བོད་ལ་རང་དབང་མ་འཐོབ་པར་རྒྱའི་བཙན་དབང་འོག་ནམ་ཡང་འཁྲུངས་སྲིད་ཀྱི་མ་རེད། ཁོང་གི་ཡང་སྲིད་དེ་རང་དབང་དང་མང་གཙོའི་ལུང་པ་ཞིག་ཏུ་ཕེབས་ཏེ། བོད་པའི་བདེ་སྡུག་ཆེད་མཛད་འཕྲིན་མུ་མཐུད་བསྐྱང་ངེས་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།

14March_024_BAS95341-1024x681

སྲིད་སྐྱོང་མཆོག་གིས་མུ་མཐུད་གསུང་བཤད་གནང་བའི་ནང་། བོད་ཀྱི་ཁོར་ཡུག་ནི་ད་ལྟའི་དུས་སྐབས་འདིར་ཧ་ཅང་གལ་གནད་ཅན་ཞིག་ཆགས་ཡོད་པ་མ་ཟད། དེང་སང་ས་གཤིས་རིག་པ་བ་མང་པོ་ཞིག་གིས་ཐུན་མོང་ཐོག་བོད་ནི་འཛམ་གླིང་གི་སྣེ་གསུམ་པར་ངོས་འཛིན་དང་། ལྷག་པར་བོད་ནས་བཞུར་བའི་རྒྱུགས་ཆུའམ་གཙང་ཆུ་བཅུ་གྲངས་ཤིག བོད་དང་ས་འབྲེལ་ཡིན་པའི་ཨེ་ཤ་ཡའི་རྒྱལ་ཁབ་པཱ་ཀི་སི་ཐན། བྷང་ལ་ཌེ་ཤི འབར་མ། ཀམ་པོ་ཌི་ཡ། རྒྱ་གར་གཙོས་མི་འབོར་དུང་ཕྱུར་བཅུ་གྲངས་ལྷག་གི་འཚོ་བར་ཐད་ཀར་འབྲེལ་བ་ཡོད་པར་སོང་། བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་དང་བོད་ཀྱི་ཁོར་ཡུག་ལ་རྒྱབ་སྐྱོར་གནང་བ་དེ་ནི། བོད་མི་ས་ཡ་དྲུག་ལ་རྒྱབ་སྐྱོར་བྱས་པ་ཙམ་མིན་པར། དྲང་བདེན་ལ་རྒྱབ་སྐྱོར་དང་འཚེ་མེད་ཞི་བར་རྒྱབ་སྐྱོར་བྱས་པ་ཞིག་ཡིན་ཞེས་གསུང་འདུག

ངོ་སྤྲོད།

Post navigation

Previous Post: རྒྱལ་བ་ཀརྨ་པ་མཆོག་གི་ཨ་རིའི་ནང་གི་མཛད་འཕྲིན།
Next Post: ཉི་ཐིག་གིས་འཚོས་པའི་གྲྭ་ཤག་གི་སྒེའུ་ཁུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme