Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡུ་རོབ་ཁུལ་གྱི་དགེ་ལས་ཚོགས་ཆེན་ཐེངས་གཉིས་པ།

Posted on 2014-05-212014-05-21 By ཁ་བརྡ་ 14 Comments on ཡུ་རོབ་ཁུལ་གྱི་དགེ་ལས་ཚོགས་ཆེན་ཐེངས་གཉིས་པ།

གནས་ཚུལ་གཏོང་མཁན། ཨ་འཇིགས།

unnamed-1ཕྱི་ཟླ་༥ ཚེས་༡༦ ནས་༡༨ བར་ཉིན་གསུམ་རིང་། སྦེལ་ལྗམ་གྱི་རྒྱལ་ས། སྦལ་སིལ་དུ་ཡུ་རོབ་ཁུལ་གྱི་བོད་དགེ་དང་འགན་འཛིན་རྣམ་པའི་ཚོགས་ཆེན་ཐེངས་གཉིས་པ་སྐོངས་ཚོགས་ཀྱིས། ཡུ་རོབ་ཁུལ་གྱི་བོད་ཕྲུག་རྣམས་ཀྱི་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་སློབ་སྦྱོང་དང་ཐབས་ལམ། སློབ་དེབ། ཐུན་མོང་གི་བསྒྲུབ་བྱ། དམིགས་འབེན་སོགས་ཀྱི་ཐོག་བགྲོ་གླེང་དང་གྲོས་ཆོད་བཞག
ཕྱི་ཚེས་༡༦ གི་དགོང་དྲོ་ཚོགས་ཞུགས་པ་རྣམས་སྣེ་ལེན་དང་འབྲེལ། སྦེལ་ལྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ངོ་སྤྲོད་དང་། ས་གནས་སོ་སོའི་སློབ་གྲྭ་དག་ངོ་སྤྲོད། ཕན་ཚུན་སོ་སོ་ངོ་སྤྲོད་དང་ཚོགས་ཆུང་ཁག་བགོས་སོགས་བྱས།

ཕྱི་ཚེས་༡༧ ཞོགས་པའི་ཆུ་ཚོད་དགུ་བའི་ཐོག་ཚོགས་འདུ་དངོས་སུ་དབུ་འཛུགས་ཀྱིས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སློབ་སྤྱི་དཔལ་ལྡན་ལགས་ནས་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་དང་། དེ་ནས་སྐུ་མགྲོན་གཙོ་བོ་སྦལ་སིལ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་གིས།ཚོགས་འདུ་འདི་ཚོགས་དགོས་དོན་ཡང་དུས་དང་རྣམ་པ་ཀུན་ཏུ་༸གོང་ས་མཆོག་གི་བཀའ་སློབ་དགོངས་དོན་སྙིང་ལ་བཅངས་ནས་གོ་སྒྲིག་ཞུས་པའི་ཚོགས་འདུ་ཞིག་ཡིན་དུས།གལ་ཆེ་ཤོས་དེ་ཚོགས་བཅར་བའི་གྲུབ་ཆ་དང། ཆ་ཤས་བཞེས་སྟངས། དགོངས་པ་བཞེས་སྟངས། དགོངས་ཚུལ་འདོན་སྟངས་སོགས། ལྷག་བསམ་ཟོལ་མེད་ཀྱི་ཐོག་ནས་བོད་སྤྱི་པའི་དོན་དང་། བྱེ་བྲག་ཏུ་ང་ཚོ་ནུབ་ཕྱོགས་ཁུལ་དུ་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་གཞོན་སྐྱེས་རྣམས་ཀྱི་མ་འོངས་མདུན་ལམ་གྱི་ཆེད་དུ། གང་དགའ་ཅི་འོས་ཀྱི་གྲོས་བསྡུར་གནང་སའི་སྡིང་ཆ་གལ་ཆེན་པོ་ཞིག་ཡིན་སྐོར་བཀའ་སློབ་ལམ་སྟོན་ཟབ་མོ་གནང།༼རྒྱས་པ་ཟུར་དུ་ཕུལ་ཡོད།༽

unnamed-2

དེའི་རྗེས། ཆེད་དུ་གདན་ཞུ་གནང་བའི་ལམ་སྟོན་གཏམ་བཤད་གནང་མཁན་ཆུང་ཚེ་རིང་ལགས་ནས། ཕྱི་སྡོད་བོད་ཕྲུག་ཚོར་སློབ་ཁྲིད་ཀྱི་ཐབས་ལམ་ཇི་འོས་དང་ཚགས་ཚུད་གཏོང་ཕྱོགས་སྐོར་ལ་གསུང་དོན། ཁོར་ཡུག་ཁག་པོ་ཞིག་དང་དུས་ཡུན་ཧ་ཅང་ཐུང་ཐུང་ཞིག་གི་ནང་དུ་བོད་ཀྱི་སྐད་ཡིག་སློབ་དགོས་དུས། དམིགས་ཡུལ་ཆེན་པོ་ཞིག་འགྲུབ་ཐབས་མེད་པའི་དོན་དངོས་གླེང་སློང་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་ཕྲུག་རྣམས་ལ། ཕལ་སྐད་གལ་ཆེར་བཟུང་ནས། ཕར་བཤད་ཐུབ་པ་དང་ཚུར་གོ་ཐུབ་པ་ཞིག་དགོས་པའི་དམིགས་འབེན་གསལ་སྟོན་དང་སྦྲགས། རིམ་པ་དང་པོ། བཤད་པ་གཙོ་བོར་བཟུང་ནས་འབྲི་ཀློག་ཕལ་བར་འཛིན་པ། རིམ་པ་གཉིས་པ། བཤད་ཀློག་གཅིག་མཚུངས་བྱེད་པ། རིམ་པ་གསུམ། ཀློག་འབྲི་གཉིས་གཙོར་བཟུང་བྱེད་དགོས་པའི་སློབ་སྦྱོང་གི་ཐབས་ལམ་གསལ་སྟོན་གནང་། བོད་ཡིག་མིག་མདུན་ལ་རྒྱུན་དུ་མངོན་ཐབས་གཙོ་བོར་བཟུང་ནས་ནང་སྦྱོང་ལས་སླ་བོའི་རིགས་ངེས་པར་སྤྲོད་དགོས་པ་དང་། དེ་མཚུངས་ཕ་མའི་གཞོགས་འདེགས་ངེས་པར་མཁོ་བས།ཕ་མ་དང་ཕྲུ་གུ་ནང་གཅིག་ལ་ཡོད་ནའང་འཇིག་རྟེན་གཉིས་ལ་ཡོད་པའི་ཟོལ་འདྲ་བོ་ཆགས་པ་ནི་ནོར་འཕྲུལ་ཆེན་པོ་ཡིན་པ་སོགས་ཀྱི་གལ་ཆེའི་ལམ་སྟོན་མཛད། གོང་འཁོད་བརྗོད་གཞིའི་ཐོག་ཚོགས་ཆུང་ཁག་བགོས་ཀྱིས་བགྲོ་གླེང་སྦྱངས་བཤད་ཞིབ་ལྷུག་བྱས་མཐར་གྲོས་ཆོད་དོན་ཚན་བརྒྱད་བཞག

ཉིན་རྒྱབ་ཆེད་དུ་གདན་ཞུ་གནང་བའི་ལམ་སྟོན་གཏམ་གནང་མཁན་རྒན་ལྷ་མོ་སྐྱབས་ལགས་ནས་ཡུ་རོབ་ཁུལ་དུ་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་རྣམས་ཀྱི་བོད་ཡིག་ཤེས་ཚད་དང་། དམིགས་འབེན་གྱི་ཐོག བོད་ཡིག་གསར་དུ་སློབ་མཁན་དང་རྨང་གཞི་ཅུང་ཟད་ཡོད་པ་ཚང་མར། ཡུལ་དུས་གནས་བབས་དང་མཐུན་པའི་དོན་དངོས་གཞི་ལ་བཞག་ནས། དངོས་སུ་ལག་བསྟར་ཡོང་ཐབས་ཀྱི་ཐབས་ལམ་གསལ་སྟོན་མཛད།༼རྒྱས་པ་ཟུར་དུ་ཕུལ་ཡོད།༽ གོང་འཁོད་བརྗོད་གཞིའི་ཐོག་ཚོགས་ཆུང་ཁག་བགོས་ཀྱིས་བགྲོ་གླེང་སྦྱངས་བཤད་ཞིབ་ལྷུག་བྱས་མཐར་གྲོས་ཆོད་དོན་ཚན་གསུམ་བཞག
གདན་ཞུས་གཏམ་བཤད་པ་དམ་ཆོས་བསམ་འཕེལ་ལགས་ནས་ཕ་སྐད་ཡར་རྒྱས་དང་ཁྱབ་སྤེལ་གཏོང་ཕྱོགས་སྐོར་ལ་གཏམ་བཤད་དང་། འདི་གའི་བོད་དགེ་ལྷག་པ་ཚེ་རིང་ལགས་ནས་ཁྲིད་གཞིའི་སློབ་དེབ་གཅིག་གྱུར་དགོས་མེད་དང་གཏན་འབེབས་ཇི་ལྟར་བྱ་རྒྱུའི་ཐོག་གཏམ་བཤད་གནང་རྗེས། ཚོགས་ཆུང་ཁག་བགོས་ཀྱིས་བགྲོ་གླེང་སྦྱངས་བཤད་ཞིབ་ལྷུག་བྱས་མཐར་གྲོས་ཆོད་དོན་ཚན་གཅིག་བཞག
སྦལ་སིལ་བོད་ཀྱི་དོན་གཅོད་ཁང་དང་སྦེལ་ལྗམ་བོད་རིགས་ཚོགས་པ། སྦེལ་ལྗམ་ས་གནས་གནས་གཞོན་ནུ་ཚོགས་པ་སོགས་མཉམ་འབྲེལ་གྱིས། ཡུ་རོབ་རྒྱལ་ཁབ་ཁག་ནས་ཕེབས་པའི་ཚོགས་ཞུགས་པ་ཡོངས་ལ་དགོང་མོའི་གསོལ་ཚིགས་འདེགས་འབུལ་ཞུས་རྗེས། སློབ་ཕྲུག་ཚོས་གཞས་དང་ཞབས་བྲོ་གཟིགས་འབུལ་ཞུས་པ་དང་སྦྲགས། ཚོགས་ཞུགས་པ་རྣམས་ཀྱིས་ཀྱང་གཞས་དང་ཞབས་བྲོ། སྙན་ངག་གྱེར་འདོན་སོགས་ཀྱི་ཆ་ཤས་བླངས། unnamed-3

ཕྱི་ཚེས་༡༨ ཉིན། ཆེད་དུ་གདན་ཞུ་གནང་བའི་ཆེད་ལས་གཏམ་བཤད་གནང་མཁན་སྐྱེས་མ་ཏ་མ་ར་ TamaraFoubert ལགས་ནས། སྐད་ཡིག་སློབ་ཁྲིད་ཀྱི་ཐབས་ལམ་སྐོར་ལ་ཟབ་སྦྱོང་དང་། ཆུང་ཚེ་རིང་ལགས་ནས་བོད་ཕྲུག་རྣམས་ཀྱི་ཤེས་ཚད་སྔར་ལྷག་གོང་མཐོར་གཏོང་སླད་ཐུན་མོང་གི་བསྒྲུབ་བྱ་ཇི་ཡོད་སྐོར་ལམ་སྟོན་དུ། བོད་ཀྱི་སྐད་ཡིག་མུ་མཐུད་གནས་ཐབས་ལ་ཕ་མས་སོ་སོའི་ཕྲུ་གུ་དང་ཚ་བོ། ཡང་ཚ་སོགས་མི་རྒྱུད་རིམ་པ་དང་། ཁྲོམ་སྲང་དང་སྤྱི་གླིང་སོགས་སྤྱི་ཚོགས། སྒྲིག་འཛུགས། བརྗོད་བྱ་སོགས་ཀྱི་ཐོག་ནས་སྐད་ཡིག་སྲུང་སྐྱོབ་དང་། ཤེས་ཚད་གོང་མཐོར་གཏོང་ཐབས་གནང་དགོས་པའི་ཐབས་ལམ་གཙོ་འདོན་དང་འབྲེལ། ཕ་སྐད་ཀྱི་རྨང་གཞི་བརྟན་པོ་ཡོད་ན་སྐད་ཡིག་གཞན་ལས་སླ་བོར་ཤེས་ཐུབ་པ་དང་། ཕྲུ་གུ་རྣམས་ཀྱི་སྐད་ཆ་དང་པོ་བཤད་ས་དང་སེམས་ཐག་ཉེ་ས་དེ་ཕ་མ་ཡིན་དུས་ཁྱིམ་ཚང་ནས་མགོ་འཛུགས་དགོས་པ་ཧ་ཅང་གལ་ཆེན་ཡིན་པ། བོད་ཡིག་སློབ་གྲྭ་ལ་མཚོན་ན། ས་གནས་སློབ་གྲྭ་ལས་ལེགས་པ། སྤྲོ་སྣང་ཡོད་པ་བརྩེ་སེམས་ཡོད་པ་ཞིག་ཡིན་དགོས་པ་དང་། དགེ་རྒན་གྱིས་གྲ་སྒྲིག་ཀྱང་ཡག་པོ་གནང་ནས་མང་པོ་མེད་པའི་ཐོག་ཚིག་གསར་ཡོད་པ། སེམས་ཐག་ཉེ་བོ་དང་ཐབས་ལམ་མང་པོ་བེད་སྤྱོད་གནང་དགོས་པ་སོགས་ཀྱི་ལམ་སྟོན་གནང་། གོང་འཁོད་བརྗོད་གཞིའི་ཐོག་ཚོགས་ཆུང་ཁག་བགོས་ཀྱིས་བགྲོ་གླེང་སྦྱངས་བཤད་ཞིབ་ལྷུག་བྱས་མཐར་གྲོས་ཆོད་དོན་ཚན་བཞི་དང་། ལོ་རྗེས་མའི་ཚོགས་ཆེན་དེ་ཧྥ་རན་སི་ནས་ཚོགས་འདུ་གོ་སྒྲིག་ཡོང་བའི་རེ་སྐུལ་གྲོས་ཆོད་དང་བཅས་ལེགས་པར་གྲུབ།

ཐེངས་འདིའི་ཚོགས་ཆེན་གོ་སྒྲིག་གནང་མཁན་ནི་སྦེལ་ལྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ཡིན་ལ། སུད་སི་དང་ཧྥ་རན་སི། ཧོ་ལན། སྦེལ་ལྗམ་བཅས་ཡུ་རོབ་རྒྱལ་ཁབ་བཞི་ཡི་དགེ་རྒན་དང་འགན་འཛིན་སུམ་ཅུ་ཙམ་དངོས་སུ་ཚོགས་འདུར་ཞུགས་ཡོད།

གསར་འགྱུར།

Post navigation

Previous Post: འོད་ཀྱི་རྒྱལ་སྲས།
Next Post: འདི་འདྲ་ཞིག་མ་བཤད་ཐབས་མེད་རེད་འདུག

Comments (14) on “ཡུ་རོབ་ཁུལ་གྱི་དགེ་ལས་ཚོགས་ཆེན་ཐེངས་གཉིས་པ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-05-21 at 12:38 am

    ་་་་་་་་ཚོགས་ཆེན་ཐེངས་གཉིས་པ་སྐོངས་ཚོགས་ཀྱིས། ཡུ་རོབ་ཁུལ་གྱི་བོད་ཕྲུག་རྣམས་ཀྱི་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་སློབ་སྦྱོང་དང་ཐབས་ལམ། སློབ་དེབ། ཐུན་མོང་གི་བསྒྲུབ་བྱ། དམིགས་འབེན་སོགས་ཀྱི་ཐོག་བགྲོ་གླེང་དང་གྲོས་ཆོད་བཞག་་་་་་་་་

  2. ཀརྡོ་གཉེར་ཕྱག་པ་ says:
    2014-05-21 at 12:41 am

    ཕ་སྐད་ལས། མ་སྐད་ཅེས་པའི་ཚིག་དར་ན་ལེགས་པ་མི་འདུག་གམ། ལགས།

  3. ཀརྡོ་གཉེར་ཕྱག་པ་ says:
    2014-05-21 at 12:48 am

    མ་སྐད། འདི་ལེགས་ཏེ། ཨིན་སྐད་དུ། Mother-tongue ཞེས་ཆེས་དར་ཟིན་པ་དང་། བོད་ཕྲུག་ཡིན་ན། ཨ་མ་ཡོད་པས་ཁྱབ་ཀྱང་། ཨ་ཕ་ཡོད་པས་མ་ཁྱབ། གལ་སྲིད་ཨ་ཕ་མེད་ན། མ་མེད་པར། ཕ་སྐད་སུས་སློབ་བགྱི་རེད། ལགས། ཅིག་སོམས་དང་།

  4. ཀརྡོ་གཉེར་ཕྱག་པ་ says:
    2014-05-21 at 12:49 am

    མ་མེད་པར། ཕ་སྐད་སུས་སློབ་བགྱི་རེད།
    འདི།
    ཨ་ཕ་མེད་པར། ཕ་སྐད་སུས་སློབ་བགྱི་རེད།

  5. ཀརྡོ་གཉེར་ཕྱག་པ་ says:
    2014-05-21 at 12:58 am

    ཨིན་སྐད་ཀྱི། Mother-tongue ལ། བོད་སྐད་དུ་རིམ་པ་གསུམ་འདུག
    ༡༽ རང་སྐད།
    ༢༽ མ་སྐད།
    ༣༽ ཕ་སྐད།

  6. ལྷ་རིག says:
    2014-05-21 at 3:24 am

    ཀརྡོལགས་ ཁྱེད་ཀྱི་གོ་མྱོང་ངམ་བོད་ཀྱི་ཁ་དཔེ་ལ ཕ་ཡུལ་བརྗེད་ཀྱང་ཕ་སྐད་མ་བརྗེད་ཞེས་པ་དེ་།དཔེ་འདི་ལ་བསམ་བློ་བཏང་ནས་སྐད་ཆ་བཤད་དགོས།ཡང་ཁ་དཔེ་ཅིག་ལ ལྕམ་སྐུ་ཞབས་ཀྱི་འགྲོ་སྟངས་དེ་མ་ཤེས།རང་ཉིད་ཀྱི་འགྲོ་སྟངས་དེ་ཡང་བླག ཞེས་ལྟར་མ་རེད་དམ།འདི་བསམ་སྲིད་གཞན་པའི་སྐད་དང་གོམས་གཤིས་དེ་ང་ཚོ་ལས་བཟང་སྙམ་མོད་།ཁྱོད་དངོས་སུ་ཁོ་ཚོ་སྤྱི་ཚོགས་འཚོ་བའི་ཁྲོད་སོང་ཚེ་གཞི་ནས་གསལ་བོར་རྟོགས་ཐུབ།

  7. ལྷ་རིག says:
    2014-05-21 at 3:26 am

    ཀརྡོལགས་ ཁྱེད་ཀྱི་གོ་མྱོང་ངམ་བོད་ཀྱི་ཁ་དཔེ་ལ ཕ་ཡུལ་བརྗེད་ཀྱང་ཕ་སྐད་མ་བརྗེད་ཞེས་པ་དེ་།དཔེ་འདི་ལ་བསམ་བློ་བཏང་ནས་སྐད་ཆ་བཤད་དགོས།ཡང་ཁ་དཔེ་ཅིག་ལ ལྕམ་སྐུ་ཞབས་ཀྱིས་འགྲོ་སྟངས་དེ་མ་ཤེས།རང་ཉིད་ཀྱིས་འགྲོ་སྟངས་དེ་ཡང་བླག ཞེས་ལྟར་མ་རེད་དམ།འདི་ལྟར་བསམ་སྲིད་གཞན་པའི་སྐད་དང་གོམས་གཤིས་དེ་ང་ཚོ་ལས་བཟང་སྙམ་མོད་།ཁྱོད་དངོས་སུ་ཁོ་ཚོ་སྤྱི་ཚོགས་འཚོ་བའི་ཁྲོད་སོང་ཚེ་གཞི་ནས་གསལ་བོར་རྟོགས་ཐུབ།

  8. ཀརྡོ་གཉེར་ཕྱག་པ་ says:
    2014-05-21 at 3:57 am

    ལྷ་རིག་ལགས།
    ཕ་ཡུལ་བརྗེད་ཀྱང་མ་སྐད་མ་བརྗེད། ལབ་ན་སྡིག་པ་ཡོད་དམ།
    ཡང་ན།
    མ་ཡུལ་བརྗེད་ཀྱང་། མ་སྐད་མ་བརྗེད། ཅེས་ལབ་ན་ཁྱེད་ཚོ་། ཧོན་འཐོར་འགྲོའམ། ལགས།

  9. ཀརྡོ་གཉེར་ཕྱག་པ་ says:
    2014-05-21 at 4:06 am

    ཁྱེད་ལྟར་ན། སྔར་གྱི་གཏམ་དཔེར།
    ལུང་པ་རེར་ལ། སྐད་ལུགས་རེར། བླ་མ་རེར་ལ། ཆོས་ལུགས་རེར།
    ཞེས་པ་ལྟར།
    ཕ་སྐད་མིན་པར། རང་གི་སྐད་ལུགས་ཞེས་བརྗོད་དགོས་པ་ཡང་ཐལ་ལོ།།

  10. ལྷ་རིག says:
    2014-05-21 at 6:21 am

    ཀརྡོ སྡིག་པ་ཟེར་བ་ཅི་ཡིན་ནམ ཁྱོད་མགོ་སེར་རྗེས་ལ་འགྲོ་མཁན་ཞིག་ཡིན་པ་གསལ་བོར་གཏོགས་ཐུབ།མགོ་སེར་ཨ་མ་གཅིག་ལ་ཨ་ཕ་མི་གཅིག་པས་བྱིས་པ་གཉིས་གསུམ་ནི་རང་བཞིན་ཙམ་ཡིན་པས་ཁྱོད་ཡང་དེ་ལྟ་བུ་ཅིག་མིན་མན།མ་སྐད་ཟེར་མཁན་དེ་རིགས་ལ་ཁྱོད་ཀྱིས་ལྟོས་དང་རང་ལ་ལྟ་བ་དང་མི་རིགས་ཀྱི་གཤིས་ཀ་མེད་མཁན་རྐྱང་མ་རེད་དམ།

  11. བན་དེ་བ། says:
    2014-05-21 at 8:57 am

    རྒན་ཀརྡོ་ལགས།
    ༼ སྔར་གྱི་གཏམ་དཔེར།
    ལུང་པ་རེར་ལ། སྐད་ལུགས་རེར། བླ་མ་རེར་ལ། ཆོས་ལུགས་རེར།༽
    ལུང་པ་རེ་ལ་དགོན་ཆུང་རེ། དགོན་ཆུང་རེ་ལ་བླ་མ་རེ། བླ་མ་རེ་ལ་ཆོས་ལུགས་རེ།
    ལུང་པ་རེ་ལ་སྐད་ལུགས་རེ། བླ་མ་རེ་ལ་ལུགས་སྲོལ་རེ། ཞེས་བརྗོད་དགོས་པ་མིན་ནམ།
    ཁྱེད་ཀྱི་ལ་དོན་གཉིས་མཉམ་སྦྱར་བྱས་པ་འདི་ལ་དགོས་པ་ཡོད་དམ། ལགས་གཅིག་གསུང་དང། སྐུ་རྩེད་ཞུས་ཡིན་དྷ།

  12. ཀརྡོ་གཉེར་ཕྱག་པ་ says:
    2014-05-21 at 8:58 am

    ལྷ་རིག་ལགས།
    ཤར་ཕྱོགས་རྗེས་ལུས་ཐེབས་པའི་ཡུལ་མ་གཏོགས། ཕྱི་རྒྱལ་ཡར་ཐོན་ཅན་མང་པོར། ཨ་མའི་མིང་འབྲི་བ་མ་གཏོགས། ཨ་ཕའི་མིང་དྲི་མཁན་མེད་པ་ཡང་། ཁྱོད་ཀྱིས་ཀྱང་མཁྱེན་པར་མཛོད་ཅིག

  13. ཀརྡོ་གཉེར་ཕྱག་པ་ says:
    2014-05-21 at 9:03 am

    ཨ་ཕ་མེད་པའི་ཕྲུ་གུ་མང་། །
    ཨ་མ་མ་བྱུང་གཅིག་ཀྱང་མེད། །

    ལྷ་རིག་པས་འདི། བློ་ལ་འཛིན་ཤིགུ

  14. ཀརྡོ་གཉེར་ཕྱག་པ་ says:
    2014-05-21 at 9:15 am

    ཡང་ན། ལྷ་རིག་པས། འདི་བློ་ལ་བཟུང་ཤིག

    མ་ལས་མ་སྐྱེས་གཅིག་ཀྱང་མེད། །
    ཨ་ཕ་མེད་པའི་ཕྲུ་གུ་མང་། །
    དཔེར་ན་ཏིང་ཤོ་པ་ཝོ་བཞིན། །
    ཉ་ལུ་ཁོ་ལ་ཨ་ཕ་མེད། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme