Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡིག་སྒྱུར་བ་ཚོར་སྡིག་པ་དང་འགྱུར་ཡིག་ལ་འཕྱ་བ་དག་གིས་ཁ་ཚུམས་ཨ།

Posted on 2021-03-13 By ཁ་བརྡ No Comments on ཡིག་སྒྱུར་བ་ཚོར་སྡིག་པ་དང་འགྱུར་ཡིག་ལ་འཕྱ་བ་དག་གིས་ཁ་ཚུམས་ཨ།

གཡུང་དྲུང་ཚེ་བརྟན།

དེ་རིང་། གཟའ་ཉི་མ་ལ། “ལ་རྩེ་དཔེ་མཛོད་ཁང་གིས་“འགྱུར་བརྒྱ་རྩ་བརྒྱད་”ཀྱི་ལས་གཞི་དང་། ཡིག་བསྒྱུར་སྐོར་ལ་“འགྱུར་བརྒྱ་རྩ་བརྒྱད་”ཀྱི་ལས་གཞི་གོ་སྒྲིག་བྱེད་མཁན་གྲས་དགེ་འདུན་རབ་གསལ་ལགས་དང་ ། དེ་བཞིན་ལོ་ཙྭ་བ་པད་མ་ཚེ་དབང་ཤཱསྟྲི་ལགས་དང་མཉམ་དུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་དཔལ་ལྡན་རྒྱལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་གཟིགས་གནང་རོགས།།” ཞེས་པའི་གསལ་བཤད་ཅན་གྱི་བརྙན་ཞིག་དྲ་བྱང་ https://fb.watch/4a8ZdPWgda འདི་ན་འདུག་པར་བལྟ་ཉན་བྱས།

དེའི་ནང་། ཡིག་སྒྱུར་བ་པད་མ་ཚེ་དབང་ཤཱསྟྲི་ལགས་ཀྱི་གསུང་སྟངས་གཅིག་ལ་དོ་སྣང་བྱེད་དགོས་པ་ཞིག་བྱུང་། མ་གཞི་ཡིག་སྒྱུར་བ་རྒན་པ་ཞིག་གི་ལྟ་ཚུལ་གསུང་གི་ཡོད་པ་ཡིན་ཙ་ན། བདེན་པ་གང་འཚམ་ཡོད་པ་རེད་དྲན། ཡང་ན། ཁོང་གིས་དེང་སང་གི་ཡིག་སྒྱུར་ལ་ལྟ་སྟངས་འདི་འདྲ་རེད་ཟེར་དགོས་མིན་འགྲོ གཤམ་གྱི་འདི་ནི་ཁོང་གི་གསུང་དུམ་ཉན་ནས་ཡི་གེ་བཀོད་པ་དེ་ཡིན། གསུང་དངོས་དང་མཐུན་མིན་ལ་དོགས་པ་ཡོད་ན། བརྙན་ངོ་མའི་དྲ་བྱང་བརྒྱད་ནས་གསན་བསྡུར་གནང་རོགས།

“འགྱུར་གང་འདྲ་ཞིག་ཡིན་ནའང་སྐད་ཡིག་གཉིས་པ་དེའི་ནང་ལ་སླེབས་ཚར་བའི་རྗེས་ལ། སྐད་ཡིག་དང་པོའི་ནང་ལ་ཡོད་པའི་བྲོ་བ་དེའི་བརྒྱ་ཆ་ལྔ་བཅུ་བརླག་ཚར་བ་རེད། ཡང་སྒྱུར་བ་པོ་དེ་སྒྱུར་རྩལ་ཞེ་པོ་ཡག་པོ་ཡོད་མཁན་དང་། དཔེར་ན། སྐད་ཡིག་ཨ་མ་དེ་དབྱིན་ཇིའི་ནང་བྲིས་ཡོད་པ་དང་། དེ་བོད་ཡིག་ནང་ལ་སྒྱུར་མཁན་དེ་དབྱིན་ཇི་ཞིག་ཡིན་ན། སྐད་ཡིག་དང་པོའི་ནང་ལ་ཡོད་པའི་བྲོ་བ་དང་། དེ་ག་ནང་བཞིན་ཉམས་མྱོང་དང་། འགྲོས་དང་། སྦྱོར་བ་དེ་ཚོ་གང་ལ་གང་འཚམ་ཞིག་ཏན་ཏན་སླེབས་ཀི་རེད་བསམ་གི་འདུག དེ་འདྲ་མ་ཡིན་པར། སྐད་ཡིག་དང་པོ་དེ་དབྱིན་ཇིའི་ནང་ལ་བྲིས། སྒྱུར་མཁན་དེ་བོད་པ་ཞིག་ཡིན་ན། རིག་གཞུང་དེ་རྦད་དེ་མ་འདྲ་བ་ཞིག་ཡིན་དུས། དེ་ནས་སྐད་ཡིག་གཉིས་པ་ལ་བསྒྱུར་ཚར་དུས་ཕལ་ཆེར་བྲོ་བ་བརྒྱ་ཆ་ལྔ་བཅུ་བརླག་ཚར་བ་རེད། དེ་ནས་ད་དུང་སྐད་ཡིག་གཞན་པ་ལ་བསྒྱུར་ན། དེ་ལས་བྲོ་བ་བརླག་གི་རེད།”

ཁོང་གིས་གསུང་བ་ནི་གོང་གི་འདི་རེད། དེང་སང་གི་འགྱུར་ཡིག་ཡག་པོ་མི་འདུག འགྱུར་ཡག་པོ་དགོས་ཀྱི་འདུག་ཅེས་སྐད་རྒྱག་མཁན་མང་། ཡིན་ནའང་། འགྱུར་ཡག་པོ་མི་ཡོང་བའི་གནས་ལུགས་རྒྱུ་མཚན་འདི་ཤེས་མཁན་ཧ་ཅང་ཉུང་། ཡིག་སྒྱུར་བ་པད་མ་ཚེ་དབང་ཤཱསྟྲི་ལགས་ནི་ལ་རྩེའི་འགྱུར་བརྒྱ་རྩ་བརྒྱད་ཀྱི་ཡིག་སྒྱུར་བའི་ནང་གི་རྒན་ཤོས་དང་ཉམས་མྱོང་ཆེ་ཤོས་དེ་ཡིན་ཙ་ན། ང་ཚོས་ཁོང་གི་གསུང་དུམ་འདིར་གནས་ལུགས་ངེས་ཅན་ཡོད་པ་ཤེས་དགོས།

ལྷག་པར་དུ། “སྐད་ཡིག་དང་པོ་དེ་དབྱིན་ཇིའི་ནང་ལ་བྲིས། སྒྱུར་མཁན་དེ་བོད་པ་ཞིག་ཡིན་ན། རིག་གཞུང་དེ་རྦད་དེ་མ་འདྲ་བ་ཞིག་ཡིན་དུས། དེ་ནས་སྐད་ཡིག་གཉིས་པ་ལ་བསྒྱུར་ཚར་དུས་ཕལ་ཆེར་བྲོ་བ་བརྒྱ་ཆ་ལྔ་བཅུ་བརླག་ཚར་བ་རེད།” ཅེས་པའི་གནས་ལུགས་འདི་ཤེས་དགོས། འདི་ཤེས་སོང་བ་ཡིན་ན། ད་གཟོད་ང་ཚོར་འགྱུར་ཡག་པོ་དེ་འདྲའི་རེ་བ་རྒྱག་ས་ལྷག་མེད་པ་དེ་ཤེས་འགྲོ །དེ་ནས་ཡིག་སྒྱུར་བ་ཚོར་སྡིག་དམོད་བྱེད་པ་དང་། འགྱུར་ཡིག་དང་འགྱུར་དེབ་ལ་འཕྱ་ལད་རྒྱག་པའང་རང་བཞིན་གྱིས་འགག་འགྲོ་བ་ཡིན།

ང་ཚོས་ག་དུས་ཡིན་ནའང་། དེང་སང་གི་འགྱུར་ཡིག་ཀློག་དུས། མ་ཡིག་གི་བྲོ་བ་བརྒྱ་ཆ་ལྔ་བཅུ་ཉམས་ཚར་བ་ཞིག་ཀློག་གི་ཡོད་པའི་གནས་སྟངས་འདི་ཤེས་དགོས། ག་རེད་ཟེར་ན། “འགྱུར་གང་འདྲ་ཞིག་ཡིན་ནའང་སྐད་ཡིག་གཉིས་པ་དེའི་ནང་ལ་སླེབས་ཚར་བའི་རྗེས་ལ། སྐད་ཡིག་དང་པོའི་ནང་ལ་ཡོད་པའི་བྲོ་བ་དེའི་བརྒྱ་ཆ་ལྔ་བཅུ་བརླག་ཚར་བ་རེད།” ཅེས་པའི་སྡོམ་ཚིག་འདི་ཡིད་ལ་དྲན་པ་བྱེད་ཐུབ་ན། ཡིག་སྒྱུར་བ་ཚོའི་འགྱུར་ཡིག་ལ་འདོད་པ་མ་ཁེངས་པའི་རྣམ་འགྱུར་སྟོན་པའི་བསམ་བློ་དེ་འགག་འགྲོ དེ་འགག་སོང་ན། དགོས་མེད་ཀྱི་རྩོིད་གླེང་རིགས་བྱེད་པར་རིན་ཐང་མེད་པའང་ཤེས་འགྲོ ། དེ་སེམས་པ་ངེས་པ་བྱེད་དགོས།

སྤྱིར། སྒྲ་སྒྱུར་གྱི་སྐབས་ན། སྐད་ཡིག་གཉིས་ཀྱི་རང་བཞིན་མི་མཚུངས་པ་ལས་བྱུང་བའི་དཀའ་སེལ་ཕྱིར་བོད་འདིར་སྒྲ་སྒྱུར་གཞུང་ལུགས་སྒྲ་སྦྱོར་བམ་གཉིས་བྱུང་བ་ཡིན། དེང་ནི་དེའི་བསྟན་དོན་ཉམས་སུ་བསྟར་བ་ཉིན་སྐར་ཙམ་གྱི་སྐབས་ཡིན། དེ་ཡང་། གང་ཞིག་ལོ་ཙཱ་བའི་ཟླ་ལ་པཎྜིཏ་མེད་པ་དང་། པཎྜིཏའི་ཟླ་ལ་ལོ་ཙཱ་བ་མེད་པར་བསྒྱུར་མི་ཆོག་པའི་བཀས་བཅད་ཀྱི་སྲོལ་ཡང་ནུབ་པར་གྱུར། གང་བསྒྱུར་བ་དེ་དཔྱད་ཞིབ་བརྒྱུད་ནས་དག་པར་བྱེད་པ་དང་དཀར་ཆག་ཏུ་འགོད་པ་སོགས་བརྒྱུད་ནས་འགྲེམས་སྤེལ་གྱི་གནའ་སྲོལ་བཟང་པོ་ཡང་ནུབ། ལྷག་ཏུ་གསར་རྩོམ་ཚིགས་བཅད་སྙན་པོ་ཙམ་རེ་ཡང་མི་འཁྱོངས་པ་འགའ་རེ་ཡང་ཡིག་སྒྱུར་ལ་ཞུགས་པའི་གནས་སྟངས་ལས་བརྒྱ་ཆ་ཕྱེད་ཀྱི་བྲོ་བ་ཅན་གྱི་འགྱུར་ལས་ཐོན་གྱིན་མེད་པ་ཡིན་གདའ།

གནས་ལུགས་འདི་ཤེས་པ་བྱས་ཏེ། ཡིག་སྒྱུར་བ་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་སྡིག་རྒྱུ་མཚམས་འཇོག་རོགས། འགྱུར་ཡིག་ལ་འཕྱད་ལད་རྒྱག་པའི་བྱ་སྤྱོད་རིགས་མཚམས་འཇོག་རོིགས། སོ་སོས་གང་ཀློག་གི་ཡོད་པའི་འགྱུར་ཡིག་དེ་ནི་མ་ཡིག་གི་བྲོ་བའི་བརྒྱ་ཆ་ལྔ་བཅུ་ལ་ལོངས་སུ་སྤྱོད་བཞིན་པ་ཡིན་པའི་དྲན་ཤེས་བསྟེན་ནས་ཀློག་དགོས། འདི་ལ་མ་འདོད་པ་བྱེད་དགོས་མ་རེད། འཇོན་ན་སོ་སོས་བརྒྱ་ཆ་བརྒྱའི་བྲོ་བ་ཡོད་པ་རེ་བསྒྱུར་ནས་སྣེ་ཁྲིད་གནང་རོགས།

བསམ་ཚུལ།

Post navigation

Previous Post: ལྷ་རྩེ་མང་མཁར་གནས་ཆེན་མྱུ་གུ་ལུང་གི་གནས་ཡིག་གསར་མ།
Next Post: ཞལ་གསུང་དྲོན་མོ་ནི་ཁ་སྐད་ཀྱི་ཞེ་ས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme