Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡིག་ཚད་ཀྱི་བརྒྱ་ཆར་དགའ་ཞེན་ཆེ་བའི་ཤེས་ཡོན་སློབ་གསོ།

Posted on 2016-04-222016-04-22 By ཁ་བརྡ 3 Comments on ཡིག་ཚད་ཀྱི་བརྒྱ་ཆར་དགའ་ཞེན་ཆེ་བའི་ཤེས་ཡོན་སློབ་གསོ།

སྐལ་བཟང་དོན་གྲུབ།

 
ཤེས་ཡོན་ཐད་ཡར་རྒྱས་སྔོན་ཐོན་གྱི་རྒྱལ་ཁབ་མང་པོ་ཞིག་ནང་སློབ་མ་ཞིག་གི་སྤྱི་ཡོངས་ཀྱི་འཚར་ལོངས་ལ་ཡིག་ཚད་བརྒྱ་ཆ་དེ་གལ་ཆེ་ཤོས་སུ་མི་བརྩི་བ་དང། དེ་ལས་སློབ་མ་དེས་སྤྱི་ཚོགས་ལ་སེམས་ཁུར་དང་བསམ་བློའི་ནུས་པ། རང་ཉིད་ཀྱི་དབྱིངས་ལ་བརྟེན་ནས་སྒྱུ་རྩལ་གྱི་ནུས་པ་སོགས་ལ་གདེངས་འཇོག་ཆེན་པོ་བྱེད་ཀྱི་ཡོད་ཀྱང། ཉེ་ཆར་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་གསལ་བསྒྲགས་ནང་ལ་ཚང་མ་བརྒྱ་ཆ་ལ་གཞི་བཞག་འདུག་པ་དེས། སྲིད་སྐྱོང་བློ་བཟང་སེང་གེ་དང་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་སྡེ་ཚན་གྱི་འབྲེལ་ཡོད་ཐག་གཅོད་བྱེད་པོ་རྣམས་ཡིག་ཚད་བརྒྱ་ཆར་འཁྲུལ་སྣང་དང་དགའ་ཞེན་ཆེན་པོ་ཡོད་པ་མངོན།

དེ་ཡང་སློབ་མ་ཞིག་གི་མི་ཚེའི་ནང་རང་ཉིད་ཀྱི་དབྱིངས་དང་ནུས་པ་མི་འདྲ་བས་ཡིག་ཚད་བརྒྱ་ཆ་ཁོ་ནས་སློབ་མ་དེར་སློབ་ཡོན་ཐོབ་མིན་ཐག་གཅོད་བྱས་ཚེ་དེ་ནི་བསམ་བློ་རྙིང་པ་ལས་ཕུགས་རྒྱང་རིང་པོའི་ཐག་གཅོད་ཅིག་མིན་པར་ངོས་འཛིན་བྱེད་ཀྱི་ཡོད། བཙན་བྱོལ་བོད་པའི་སློབ་གྲྭ་ཁག་ནང་ཡིག་ཚད་དེ་གལ་ཆེ་ཤོས་ལ་བརྩིས་ནས། འགྲན་རྩོད་དང་སློབ་ཕྲུག་གི་སེམས་ལ་གནོན་ཤུགས་ཆེན་པོ་བཟོ་ཡི་ཡོད་པས། སློབ་ཕྲུག་ཚོས་ཡིག་ཚད་ཀྱི་ཀློག་དེབ་ལ་བལྟ་བ་ལས། དེ་ལས་གཞན་པའི་བསམ་བློའི་ནུས་པའམ་གནས་ལུགས་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏོང་བའི་ནུས་པ་རྒྱ་བསྐྱེད་ཡོང་བའི་དེབ་ཀློག་མཁན་ཤིན་ཏུ་ཉུང་ཉུང་ཡིན་པས། དེང་གི་ཆར་མཐོ་སློབ་ཐོན་ཡང་ཤེས་ཚད་རང་རྐྱ་འཕེར་བ་མི་འདུག་ཅེས། སྤྱི་ཚོགས་ནང་སྐད་ཤོར་གྱི་ཡོད་པས། བློ་བཟང་སེང་གེ་དབུས་པའི་ཤེས་རིག་ལས་ཁུངས་ཀྱིས་སློབ་མའི་སྤྱི་ཡོངས་ཀྱི་ཤེས་ཡོན་གནས་ཚད་དང། རང་ཐག་རང་གཅོད་བྱེད་ཐུབ་པའི་བསམ་བློའི་ནུས་པ་འཕེལ་རྒྱས་ཡོང་ཐབས་ཀྱི་བྱེད་སྒོ་ལ་ཤུགས་རྒྱག་དགོས་པ་ལས། སྤྱི་ཚོགས་ནང་གཟི་བརྗིད་ཁོག་སྟོང་སྟོན་བྱེད་ཀྱི་ཡིག་ཚད་བརྒྱ་ཆར་ཁོ་ནར་དམིགས་ན་ཕན་ཐོགས་མེད་པ་རེད།

སྤྱིར་ཡིག་ཚད་ཀྱི་བརྒྱ་ཆ་མེད་ན་སློབ་མ་དེ་མཐོ་སློབ་སོགས་ལ་བསྐྱོད་པར་དཀའ་ངལ་ཡོད་པ་རེད་དེ། ཡིག་ཚད་ཁོ་ནའི་ཆེད་དུ་སློབ་སྦྱོང་བྱས་ཚེ། ལག་ཁྱེར་ཡོད་ཀྱང་གནས་ཚད་མེད་པ། གནས་ལུགས་རྒྱུ་མཚན་གྱིས་བསམ་བློ་གཏོང་མི་ཐུབ་མཁན་གྱི་བཟོ་གྲྭ་གཅིག་ནས་བཏོན་པའི་དངོས་ཆས་ལྟ་བུའི་སློབ་ཕྲུག་ཤ་སྟག་ཐོན་ཡོང་ཚེ། མ་འོངས་པར་བོད་མིའི་སྤྱི་ཚོགས་དེ་ལ་ག་འདྲ་ཞིག་ཆགས་རྒྱུ་ཡིན་པའི་འགན་དེ། ད་ལྟའི་ཆར་ཤེས་ཡོན་ཐད་ལས་ཀ་བྱེད་མཁན་དེ་དག་གིས་འགན་ལེན་དགོས་པ་རེད། བློ་བཟང་སེང་གེ་ཁོང་གིས་ཨ་རི་ལ་སློབ་སྦྱོང་བྱེད་མྱོང་ཡོད་པས། ཁོང་གིས་ནུབ་ཕྱོགས་མཐོ་སློབ་ཁག་ལ་ཡིག་ཚད་ཀྱི་བརྒྱ་ཆ་དེ་གལ་ཆེ་ཤོས་སུ་བརྩི་ཡི་མེད་པ་ཤེས་གསལ་རེད་དེ། ད་དུང་སྲིད་སྐྱོང་གི་སློབ་ཡོན་སོགས་བརྒྱ་ཆ་ལ་གཞིགས་པས་སློབ་ཡོན་གསར་བཟོ་བྱས་པ་དེ་ཕྱོགས་གཅིག་ནས་བོད་པའི་སློབ་ཕྲུག་ཚོས་ཀྱང་རྒྱ་གར་གྱི་སློབ་ཕྲུག་དང་འདྲ་བར་བརྒྱ་ཆ་མཐོན་པོ་ལེན་ཐུབ་ཀྱི་ཡོད་པའི་ཕྱིའི་རྣམ་པ་ཞིག་སྟོན་པར་ཕན་གྱི་ཡོད་པ་རེད་དེ། ཕྱོགས་གཅིག་ནས་ཕྲུ་གུའི་ཕ་མ་དང་སློབ་ཕྲུག་སོགས་ལ་ཡིག་ཚད་ཀྱི་བརྒྱ་ཆ་ནི་མེད་དུ་མི་རུང་བ་ཡིན་པའི་བརྡ་ལན་ནོར་བ་སྤྲད་ནས་གནོད་མང་བ་སྐྱེལ་གྱི་ཡོད་པར་སེམས།

སློབ་ཡོན་སྤྲད་ཐུབ་པ་ཙམ་གྱིས་ཧང་སང་དགོས་རྒྱུ་གང་ཡང་ཡོད་པ་མ་རེད། དཔལ་འབྱོར་དེ་ཚོ་ཡང་ཕྱི་རྒྱལ་རོགས་ཚོགས་ཁག་ལས་ཐོབ་པ་ཡིན་པ་ལས། བོད་མིའི་སྒྲིག་འཛུགས་ཀྱིས་ངལ་རྩོལ་བྱས་ནས་བྱུང་བ་ཞིག་མིན་པ་རེད། ཤེས་ཡོན་ཐད་འགྲོ་སོང་གཏོང་དགོས་ངེས་རེད། འོན་ཀྱང་སློབ་ཡོན་སྤྲད་སྟངས་ལ་འཆར་འགོད་དང་ཕུགས་རྒྱང་རིང་པོའི་བསམ་བློ་དང། སྤྱི་ཚོགས་ཀྱི་གནས་སྟངས། ཕྲུ་གུའི་སེམས་ཁམས་སོགས་ལ་བརྟག་དཔྱད་བྱས་ནས་ཐག་གཅོད་དགོས་པ་ལས། སློབ་ཡོན་གསལ་བསྒྲགས་རྫིག་པོ་འདྲ་བྱས་ནས་བསྡད་ན། ཕན་མེད་ནུས་མེད་རེད། ངས་ད་བར་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་གྱིས་བཙན་བྱོལ་ནང་ལ་ཤེས་ཡོན་གོང་འཕེལ་ཐད་གྲུབ་འབྲས་བྱུང་མེད་པ་རེད་ཟེར་གྱི་མེད་ཀྱང། བརྒྱ་ཆ་ཁོ་ནར་དམིགས་པ་དེ་གནས་ལུགས་དང་མ་མཐུན་པ་རེད་ཟེར་གྱི་ཡོད།

དེ་བཞིན་རྒྱ་གར་རྒྱལ་ཡོངས་ཡིག་ཚད་ལ་བརྒྱ་ཆ་༥༠ མན་ཆད་རྣམས་དྭང་སློབ་འམ་མིང་གཞན་ནས་བརྗོད་ན་དམག་མི་ལ་འགྲོ་དགོས་པའི་སྒྲིག་གཞི་དེས། ཕྲུ་གུ་ཁ་ཤས་ད་ལྟ་རྒྱ་གར་དང་བོད་མིའི་ཤེས་ཡོན་གྱི་སྒྲོམ་གཞིའི་ནང་ཡོད་པའི་སློབ་ཚན་ལ་དབྱིངས་མེད་ཀྱང། རི་མོའི་སྒྱུ་སྩལ་དང་གློག་བརྙན་བཟོ་རྒྱུ་སོགས་ལས་རིགས་གཞན་པ་ལ་དབྱིངས་ཡོད་པའི་དབང་གིས། ཡིག་ཚད་གྲུབ་འབྲས་ལ་གཞིགས་པའི་སྲིད་བྱུས་དེས་ཁོ་ཚོའི་མདུན་ལམ་བཀག་པ་དང་གཅིག་མཚུངས་རེད། ཕ་མ་ཕྱུག་པོ་ཡིན་པའི་ཕྲུ་གུ་ཞིག་ལ་ཤེས་རིག་གི་སློབ་ཡོན་མ་ཐོབ་ན་ཁྱད་པར་གང་ཡང་འགྲོ་ཡི་མེད་ནའང་། ཉམ་ཐག་སློབ་ཡོན་ཁོངས་ལ་ཡང་ཡིག་ཚད་བརྒྱ་ཆ་༥༠ ཡི་འོག་ལ་ཡིན་ཚེ། ཐོག་མར་དྭང་སློབ་ལ་གཟུགས་གཞིའི་ལས་འཕེར་བརྟག་དཔྱད་བྱེད་པར་འགྲོ་དགོས་པ་དང། གལ་ཏེ་དྭང་སློབ་ལ་མ་ཚུད་ན་གཞི་ནས་སློབ་ཡོན་སྤྲོད་རྒྱུའི་སྒྲིག་གཞི་དེ་ནི། བསམ་ཤེས་མེད་པའི་སྒྲིག་གཞི་ཞིག་ཏུ་མཐོང་སོང། དྭང་སློབ་ཏུ་འགྲོ་འདོད་མེད་པར་མུ་མཐུད་སློབ་གཉེར་བྱེད་འདོད་ཡོད་མཁན་ཞིག་ལ་མཚོན་ན། ཉིན་དེ་ནས་སློབ་སྦྱོང་གི་མདུན་ལམ་འགག་མི་སྲིད་པ་ཡང་མ་རེད།

མདོར་བསྡུས་ན་བློ་བཟང་སེང་གེས་ལོ་ལྔའི་ནང་ཁྱད་ལས་པ་ག་ཚོད་བཏོན་ཀྱང། ཚང་མ་གནས་ཚད་མེད་པའི་ལག་ཁྱེར་རག་ཐོབ་ཙམ་གྱི་ཁྱད་ལས་པའི་མིང་ཁྱེར་མཁན་ཤ་སྟག་མ་ཐོན་པའི་སྔོན་དུ། སྤྱི་ཚོགས་ལ་ཕན་པ་དང་སློབ་ཕྲུག་རང་ཉིད་ཀྱི་མི་ཚེ་ལ་ཡང་ཕན་པའི་ཆེད་དུ་འགན་ཡོད་མཁན་རྣམས་ཀྱིས་བསམ་བློ་ཞིབ་མོ་གཏོང་དགོས་པར་མཐོང།།

བསམ་ཚུལ།

Post navigation

Previous Post: ལོ་ ༩༠ ཐོག་གྲུབ་པའི་སྨོན་ལམ།
Next Post: ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡པ་དགེ་འདུན་ཆོས་ཀྱི་ཉི་མའི་སྐོར།

Comments (3) on “ཡིག་ཚད་ཀྱི་བརྒྱ་ཆར་དགའ་ཞེན་ཆེ་བའི་ཤེས་ཡོན་སློབ་གསོ།”

  1. ལྷ་སྒང་ཆོས་གྲགས། says:
    2016-04-23 at 2:20 am

    ཡིག་ཚད་ཀྱི་བརྒྱ་ཆ་ཁོ་ནའི་ཆེད་དུ་སྦྱངས་པའི་སློབ་སྦྱོང་ཁག་ནི་ནེ་ཙོས་མ་ཎི་སྦྱངས་བ་དང་ཆ་རེད། ད་དུང་བརྒྱ་ཆ་མཐོ་པོ་ལེན་མཁན་གྱི་སློབ་ཕྲུག་མང་ཆེ་བ། རྒྱུགས་རྭའི་ཕྱིར་ཐོན་པ་དང་ལྷན་དུ་རང་ཉིད་ཀྱི་མཚན་ཕུད་བཏང་ནས་སྦྱངས་པའི་སྦྱོངས་ཚན་ཁག་དྲན་པའི་ཀློང་ནས་འཇའ་ལྟར་ཡལ་མཁན་ཏག་ཏག་རེད། གཞན་ཡང་། བརྒྱ་ཆ་ཁོ་ན་གཙིགས་ཆེར་འཛིན་པ་ནི་དོ་དམ་གྱི་ཤེས་ཡོན་ཐོབ་པའི་འགག་རྡོ་ཆེ་ཤོས་དེ་རེད། དེ་ཡང་ཡིན་ཏེ། བརྒྱ་ཆ་མཐོ་པོ་བ་མང་ཆེ་བ་ནི་དགེ་རྒན་གྱིས་ནག་པང་ཐོག་བྲིས་པ་དང་སློབ་དེབ་ཆུང་ངུ་དེར་གང་ཡོད་པ་ཀ་ནས་ཨ་བར་ངག་སྐྱོར་གཏོང་ནུས་མཁན་ཤ་སྟག་ལས། དེ་ལས་སྤྲོས་པའི་དཔེ་དེབ་རིགས་བཀླགས་ན་དུས་ཚོད་ཆུད་ཟོས་སུ་བརྩིས་བ་དང་། དེབ་གཞན་རྣམས་མདུན་ལམ་ལ་ཕན་ཐོགས་གང་ཡང་མེད་པའི་ཤོག་སྙིགས་ལ་བརྩིས་པས་རེད།

  2. གནམ says:
    2016-04-23 at 11:47 am

    གང་སྐྱིད་ན་རྫབ་ཚེན་ཚོགས་པའི་རུལ་དྲི་ལས་ཅི་གང་མི་འདུག། བྱ་བྱེད་བྱས་ལས་ཚང་མ་ང་ཚོ་ཁ་མར་སྐོར་སྤྱད་ཀྱི་ལས་ལམ་ལ་འདེད་པ་ཙམ་ལས་ད་ནི་སྒྲིག་འཛུགས་འདིའི་འོག་ལ་ཕྱིན་ན་ཚར་བཞག།

    བོད་ནང་གི་བོད་མིའི་བདེ་སྡུག་བསམ་ནས། ཨ་ཕོ་དེ་ཚོ་ལ། ཁ་གཏད་ཚོགས་པ་ཞིག་ཡོང་རྒྱུ་མེད་ན། ལོ་ལྔའི་རིང་རི་སུལ་ནས་བྱང་སྟོང་ལ་ཕྱིན་ཏེ་ལྟོ་གོས་བཙལ་ན་ཡག་ཤོས་རེད།

  3. ཟླ་བ་དོན་གྲུབ། says:
    2016-04-23 at 10:49 pm

    བཙན་བྱོལ་སྤྱི་ཚོགས་སུ་ཡིག་ཚད་ཀྱི་སྐར་མ་ཁོ་ན་བརྩིགས་ཆེར་འཛིན་པའི་སློབ་མའི་འདུ་ཤེས་དེར་རྒྱུ་རྐྱེན་མང་དག་ཅིག་ཡོད་ངེས། དེ་ནི་སློབ་མ་འབའ་ཞིག་གི་བྱ་སྤྱོད་ལས་བྱུང་བ་ཞིག་གཏན་ནས་མིན། གཙོ་བོ་དབྱིན་ཇིའི་ལུགས་ཀྱི་དེང་གི་རྒྱ་གར་བའི་ཤེས་ཡོན་སྲིད་ཇུས་དང་འབྲེལ་བ་ཡོད། ལྷག་པར་དུ། བརྒྱ་ཆ་ལ་ལྟོས་ནས་མ་འོངས་པའི་མདུན་ལམ་ཁ་ལོ་བསྒྱུར་བའི་ཤེས་ཡོན་སྲིད་ཇུས་ནང་རང་ཉིད་རྒྱལ་ཁ་འཐོབ་རྒྱུར་བརྒྱ་ཆར་མ་བརྩོན་ཀ་མེད་ཀྱི་གནད་དོན་ཞིག་གི་དབང་གིས་ཡིན་པ་ཤེས་དགོས།
    དེ་མིན། རང་རེའི་སྲོལ་རྒྱུན་རིག་གཞུང་ཁྲོད་རྩ་ཚིག་བློ་འཛིན་གྱི་སྒོ་ནས་གཞུང་དོན་གོ་བ་བླངས་རྒྱུ་ཡོད་པ་གཅིག་མཚུངས་སུ་སྣང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme