Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡིག་ཚང་མཉེན་ཆས་ ༢༠༡༣ གྱི་རྣམ་པ།

Posted on 2013-04-282013-04-28 By ཁ་བརྡ་ 1 Comment on ཡིག་ཚང་མཉེན་ཆས་ ༢༠༡༣ གྱི་རྣམ་པ།

བསོད་ནམས་ཟླ་བ།

དེ་རིང་ངས་ཡིག་ཚང་མཉེན་ཆས་༢༠༡༣ ཐོན་རིམ་གསར་ཤོས་དེ་དྲ་རྒྱ་བརྒྱུད་ཕབ་ལེན་གྲུབ་རྗེས་ཚོད་ལྟ་ཞིག་བྱས། དངོས་གནས་བཟོ་བཀོད་ནི་སྔར་ལས་གྲལ་འགྲིག་པ་དང་ཡིད་དབང་ཤོར་དགོས་པའི་སྤྱོད་བདེ་བ་འདུག མཉེན་ཆས་ཀྱི་ངོ་སྤྲོད་རྩོམ་ཡིག་འདི་ཡང་ Word2013 དེ་རང་སྤྱད་དེ་དྲ་གྲོགས་ལྷན་རྒྱས་ཆེད་དབུགས་ཐེངས་གཅིག་གིས་བྲིས།

Office 2013 Suite མཉེན་ཆས་ཆ་ཚང་ལ་ 670MB ལས་མེད་པས་དྲ་ལམ་བརྒྱུད་འགྲེམ་སྤེལ་དང་ཕབ་ལེན་བྱེད་བདེར་སོང་འདུག Word དང་ Excel, PowerPoint, Outlook, Access རྣམས་ཀྱི་བྱེད་ལས་རང་སོར་བཞག་པའི་སྟེང་མཐུན་རྐྱེན་གསར་པ་ཡང་ཁ་སྣོན་བྱས་ཡོད་པ་གཤམ་དུ་རྒྱས་པར་བཀོད་ཡོད།

Word 2013 – ཡིག་ཆའི་རྣམ་བཞག་ PDF རྣམས་ Word2013 ནང་ཐད་ཀར་ཁ་ཕྱེ་ནས་བཟོ་བཅོས་རྒྱག་པ་དང་། དེ་ནས་ PDF ཐོག་ཡང་བསྐྱར་ཉར་ཚགས་བྱེད་ཐུབ། དཔར་དང་འབྲེལ་བའི་གདམ་བྱའི་རྣམ་པ་གསར་པ་དང་། Insert Image, Live Layout, དེ་བཞིན་(Insert Video) གློག་བརྙན་ཡང་འཇོག་རྒྱུ་ཡོད།

Excel 2013 – Excel ནང་སྔར་ལས་ལྷག་པའི་འགྱུར་བ་བཏང་ཡོད། འགྱུར་བ་གསར་པ་གཅིག་ནི་ FlashFill ཟེར་བ་དང་། དེས་ཕྲད་བསྟར་ནང་ཡོད་པའི་གྲངས་ཐོ་མྱུར་མོས་བཀང་ཐུབ། གྲངས་ཀྱི་རེའུ་མིག་ Chart བཟོ་བཀོད་བྱེད་བདེ་དང་འདེམས་ཀ་མང་དུ་བཏང་ཡོད་པས་རྩིས་གཞི་དང་འབྲེལ་བའི་འགྲེལ་བཤད་ཡག་ཏུ་གཏོང་ནུས།

Outlook 2013 – གློག་འཕྲིན་བརྒྱུད་ཡིག་འབྲེལ་གྱི་དམིགས་གཏད་གཙོ་བོར་ཟིན་པའི་ Outlook 2013 ནང་དུའང་ཡར་རྒྱས་མང་དག་ཅིག་མཐོང་རྒྱུ་ཡོད། དང་པོ་དེ་ནི་དྲ་རྒྱ་བརྒྱུད་ Hotmail ནང་གི་གློག་འཕྲིན་འབྲི་ས་དང་གཅིག་མཚུངས་བཟོས་ཡོད། གློག་འཕྲིན་ཁ་བྱང་ཉར་ཚགས་དང་། གློག་འཕྲིན་གསར་པ་འབྱོར་བ་དང་ཁ་བསྔོག་མི་དགོས་པར་ཐད་ཀར་ཀློག་ཐུབ་པས་མ་ཚད་འཕྲིན་ལན་དེ་མ་ཉིད་དུ་སློག་རྒྱུ་ཡོད། དེ་བཞིན་ལོ་ཐོ་(Calendar) དང་ཉིན་རེའི་ལས་བྱ་(Task) སོགས་སྟབས་བདེ་རུ་བཏང་འདུག

PowerPoint 2013 – གལ་ཏེ་སློབ་སྟོན་དང་འགྲེལ་བཤད་བྱེད་པའི་སྐབས་རང་ཉིད་ཀྱི་ Presentation དེ་དམིགས་བསལ་དང་ཡིད་དབང་འགུག་ནུས་པ་ཞིག་བཟོ་འདོད་ན་ PowerPoint2013 སྤྱོད་དང་། ནང་དོན་གྱི་དཔེ་རིས་ལ་གཞིགས་པའི་ཚོན་མདོག་འདེམས་བྱེད་ Eye Dropper གྱི་ལག་ཆ་གསར་དུ་བསྣན་ཡོད་ཁར་བཟོ་བཀོད་སྤུས་ཀ་ལེགས་གཏོང་གི་འདེམས་བྱང་ཡང་ལེགས་བཅོས་བྱས་ཡོད། རང་ཉིད་ཀྱི་ Presentation དེ་ MP4 གི་ཡིག་ཆའི་རྣམ་བཞག་ཐོག་བཟོ་རྒྱུ་ཡང་འདུག

ཡིག་ཚང་མཉེན་ཆས་དེ་དག་རེ་རེ་ལ་ཡར་རྒྱས་དང་འགྱུར་བ་བཏང་ཡོད་པ་དང་སྦྲགས་ཡིག་ཚང་མཉེན་ཆས་ཐོན་རིམ་འདིའི་ནང་ཕྱོགས་ཡོངས་ཀྱི་འགྱུར་བའང་གང་འཚམས་ཐེབས་ཡོད་པ་ནི།

༺ ཐོད་ཀྱི་ FILE གནོན་སའི་སྡེ་ཚན་ནང་མངོན་གསལ་དོད་པོའི་འགྱུར་བ་མང་པོ་ཞིག་བཏང་ཡོད།
༺ ཡིག་ཚང་གཉེན་ཆས་དེ་ནས་དྲ་སྟེང་དུ་ཡོད་པའི་དཔེ་དཔང་(Template) དང་། པར་རིས་(image/clipArt) སྟོང་ཕྲག་ལྷག་ཕབ་ལེན་བདེ་རུ་བཏང་ཡོད།
༺ Ribbon ཞེས་པའི་ལག་ཆ་འཇོག་སའི་སྡེ་ཚན་ཆ་ཚང་གྲལ་བསྟར་འགྲིག་པོ་དང་། Ribbon Display Option འདེམས་ག་གསར་པ་བསྣན་ཡོད།
༺ བཟོས་ཟིན་པའི་ཡིག་ཆ་རྣམས་ SkyDrive དྲ་སྟེང་དུ་འཇོག་ཐུབ་པ་དང་། རྩིས་འཁོར་དང་ལག་ཐོག་གློག་ཆས་འདྲ་མིག་ནང་བསྔོག་ཐུབ་པ།
༺ ཡིག་ཆ་གཅིག་གི་ཐོག་མི་གཅིག་གིས་དུས་གཅིག་ལ་བཟོ་བའམ། ཡིག་ཆ་གཅིག་གི་ཐོག་མི་མང་པོ་མཉམ་རུབ་ཀྱིས་བཟོ་བཅོས་བྱེད་ཐུབ་པ།
༺ ཡིག་ཆ་གང་ཞིག་གི་ཐོག་གསང་ཨང་(password) བཏགས་ཀྱང་ཐོན་རྙིང་པའི་ཡིག་ཚང་མཉེན་ཆས་ལས་བཙན་པ་ཡོད།

ཡིག་ཚང་མཉེན་ཆས་ཟེར་དུས་ Word, Excel, PowerPoint དེ་དག་ཙམ་དུ་མ་ཟད། ད་དུང་ OneNote2013 དང་ Project2013, Publisher2013, Lync2013, Visio2013, InfoPath2013 སོགས་ལ་རང་རང་གི་བྱེད་ལས་དམིགས་བསལ་རེ་ཡོད་པ་དང་། དེ་དག་ལ་འགྱུར་བ་མི་ཉུང་བ་ཞིག་ཐེབས་ཡོད་པས་མཉེན་ཆས་དེ་ཚོར་ཡང་གཟིགས་རྒྱུ་དང་། མཉེན་ཆས་ཕབ་ལེན་དང་གསང་ཨང་རྣམས་སྒེར་གྱི་ཟིན་བྲིས་ https://sonamdawa.blogspot.com དུ་ཡོད་ངེས་པས་གཟིགས་པར་འཚལ།

གློག་ཀླད་ཤེས་བྱ།

Post navigation

Previous Post: ཐེག་ཆེན་གྱི་སྡེ་སྣོད་རྣམས་ལྷ་ཀླུ་ལྷ་མིན་དྲི་ཟའི་ཡུལ་དུ་ཕེབས་པའི་སྐོར།
Next Post: དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ། -གྲོགས་པོ་མགོན་པོ་ཚེ་རིང་རྗེས་སུ་དྲན་པ། (བདུན་པ།)

Comments (1) on “ཡིག་ཚང་མཉེན་ཆས་ ༢༠༡༣ གྱི་རྣམ་པ།”

  1. བསམ་གཏན་སྒྲོལ་མ། says:
    2013-04-29 at 3:12 am

    ཐུགས་རྗེ་ཆེ་་་་བསོད་ནམས་ཟླ་བ་ལགས་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme