Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡིག་བསྒྱུར་བྱེད་སྟངས་རོབ་ཙམ་གླེང་བ།

Posted on 2014-09-062014-09-06 By ཁ་བརྡ་ 7 Comments on ཡིག་བསྒྱུར་བྱེད་སྟངས་རོབ་ཙམ་གླེང་བ།

བློ་བཟང་བསྟན་པ།

བོད་ཡིག་ཏུ་དབྱིན་ཡིག་ཕབ་བསྒྱུར་རམ་ཡིག་བསྒྱུར་བྱེད་སྟངས་རོབ་ཙམ་གླེང་བ།

(Tibetanization of Roman Script)

བོད་ཡིག་མ་ཡིན་པའི་དབྱིན་ཡིག་དང་གཞན་ཡིག་རིགས་ཁག་གི་མིང་ཚིག་རྣམས་བོད་ཡིག་ཏུ་ཡིག་བསྒྱུར་རམ་ཕབ་བསྒྱུར་བྱེད་སྐབས། གསར་ཤོག་དང་དཔེ་དེབ་ཁག་མང་པོའི་ནང་འདྲ་མིན་དང་གང་བྱུང་དུ་ཡིག་བསྒྱུར་བྱས་དང་བྱེད་བཞིན་ཡོད་པ་ལྟར། འདིར་དབྱིན་ཡིག་གམ་རོམཱན་ཡིག་གཟུགས་(roman script) གཅིག་མཚུངས་ཀྱི་ཡིག་རིགས་ཁག་རྣམས་བོད་ཡིག་ཏུ་ཡིག་བསྒྱུར་བྱེད་སྐབས། དེ་སྔར་ལེགས་སྦྱར་གྱི་ཡི་གེ་དེ་ཉིད་བོད་ཡིག་ཏུ་ཡིག་བསྒྱུར་རམ་ཕབ་བསྒྱུར་དེ་ཡི་གེ་སྤྱིའི་དབྱངས་གསལ་གང་ཡོད་རྣམས་ཕབ་བསྒྱུར་བྱས་ཡོད་པ་དེ་ཉིད་ཀྱི་དཔེ་སྟོན་དང་མཚུངས། དབྱིན་ཡིག་གི་དབྱངས་གསལ་གཉིས་ཀྱང་ཡིག་བསྒྱུར་རམ་ཕབ་བསྒྱུར་གང་ཐུབ་བམ་གང་འདྲས་བྱས་ནས་གང་འདྲ་ཞིག་ཡོང་མིན་ཐད་དེར་དཔེ་སྟོན་གྱི་མཚོན་ཆེད་ཡིག་བསྒྱུར་ཁག་རྣམས་ལྟ་ཚོད་ཀྱི་ཐོག རྩོམ་འཐུང་འདི་བརྒྱུད་དོན་སྤེལ་བྱས་པ་ཡིན།

དེ་ཡང་ཕབ་བསྒྱུར་དེ་གང་ཐུབ་ཀྱི་ཡིག་བསྒྱུར་(transliteration) བྱས་པ་ལས། སྒྲ་བསྒྱུར་(transcription) ཐོག་བྱས་མེད་ཀྱང་། དབྱིན་ཡིག་གི་མིང་ཚིག་གང་མང་ཞིག་སྒྲ་བསྒྱུར་མི་བྱེད་དཀའ་མེད་ཀྱང་ཡོང་། དེ་དག་ལ་མཁས་དབང་རྣམ་པས་གོ་བསྡུར་ཐོག་གཅིག་མཚུངས་གཏན་འབེབས་ཤིག་ཡོང་ན་གང་མ་ལེགས་སམ། དེ་ཡང་དབྱིན་ཡིག་གི་དབྱངས་ལྔ་དང་གསལ་བྱེད་ཉི་ཤུ་རྩ་དྲུག་དེ་དཔེ་མཚོན་ཙམ་ཡིག་བསྒྱུར་ཐོག་འཇོག་ན།

གོང་གི་གསལ་བྱེད་ཉི་ཤུ་རྩ་དྲུག་ནི་དབྱིན་ཡིག་གི་དབྱངས་ལྔའི་ནང་གསེས་གང་རུང་ཞིག་གིས་ནུས་ཤུགས་ཐོག་སྒྲ་གདངས་སམ་བརྗོད་པ་ཐོན་གྱི་ཡོད་པ་བཞིན། དེར་བོད་ཡིག་ཏུའང་ཡིག་བསྒྱུར་བྱེད་སྐབས་ངེས་པར་དུ་གང་ཐུབ་ཀྱིས་དབྱིན་ཡིག་དེའི་དག་ཆ་དང་མཐུན་པ་འབྲི་དགོས་པ་གལ་ཆེན་དུ་བཟུང་ན་དྲག་ཀྱང་། གོང་གི་གསལ་བྱེད་ཁག་ལ་བོད་ཡིག་གསལ་བྱེད་སུམ་བཅུ་ལས་གང་སྒྲ་མཐུན་པའམ་ཉེ་བ་ཞིག་གིས་དཔེ་སྟོན་མཚོན་པར་བྱས་ཡོད། ཡིན་ཡང་དྲི་བརྟགས་བཀོད་པའི་ཡིག་གྲངས་ལྔ་ལ་བོད་ཡིག་གི་ལོག་ཡིག་གཉིས་ཀྱང་བཀོད་པ་ཐུགས་ཀྱི་ཡོད་ཀྱང་། དེར་དེ་དག་ལ་གསལ་བྱེད་གཞན་གྱི་དཔེ་མཚོན་བྱུང་ན་དགའ་བསུ་ཞུ་ཡི་ཡིན། གཞན་དབྱིན་ཡིག་ཉི་ཤུ་རྩ་གཅིག་རྣམས་བོད་ཡིག་གསལ་བྱེད་ཁག་གང་འཐུས་མཚོན་ནུས་ཀྱི་འདུག

དེ་ཡང་དབྱིན་ཇིའི་ཡིག་འབྲུ་ Ball ཞེས་པར་ “€œབཱལླ”€ ཞེས་ཡིག་བསྒྱུར་བྱས་སྐབས། མིང་གཞི་བ་ཡིག་གི་འོག་ཏུ་ཨ་ཆུང་དེ་དབྱངས་ཡིག་ a དེ་མཚོན་པ་ཡིན། དེ་ནི་སྐད་ཡིག་གང་ཞིག་ཡིན་རུང་ཡིག་འབྲུ་དེ་ཡི་ནང་དབྱངས་གསལ་གཉིས་ལྷན་གཅིག་ཏུ་མེད་པར་བསྒྲུབ་མི་ཐུབ་པ་བཞིན། དབྱིན་ཡིག་ཏུ་དབྱངས་ཡིག་ཨ་གང་ཡོད་པ་དེའི་འོག་ཏུ་ཨ་ཆུང་ཱ གཅིག་ལྷན་སྦྱོར་བྱེད་ན་དབྱངས་གསལ་ཡིག་འབྲུ་ཆ་ཚང་བ་ཡིན་པའང་མཚོན་ནུས། དེ་ཙམ་མ་ཟད་བོད་ཡིག་མ་ཡིན་པའི་ཡིག་འབྲུ་ཡིན་པ་མངོན་གསལ་ཡོང་བའི་དགོས་པ་དང་། དེ་ཡང་ཡིག་བསྒྱུར་ “€œབཱལླ”€ ཞེས་མཐོང་མ་ཐག་ཀློག་པ་པོས་ཡིག་འབྲུ་དེ་ཉིད་བོད་ཡིག་མ་ཡིན་པ་དང་ཡིག་འབྲུ་དེ་ཉིད་ཀློག་སྐབས་བོད་སྐད་ཡིག་གི་སྒྲ་གདངས་དང་མ་འདྲ་བ་ཞིག་ཀློག་དགོས་པའི་དགོས་པ་དང་དོ་སྣང་སླེབས་པ་སོགས་ཀྱི་ཕན་ནུས་ཡོང་བའི་དགོས་པ་དང་གལ་ཆེན་དུ་མཐོང་། དེ་ཡང་དབྱིན་ཇིའི་མིང་ཚིག་མང་ཆེ་བ་ཞིག་བོད་ཡིག་ཏུ་དོན་བསྒྱུར་ཐོག་ད་ལྟའི་ཆར་སྒྲིག་གི་ཡོད་ཀྱང་། གང་ཟག་གི་མིང་དང་། སེམས་ཅན་གྱི་མིང་། ས་ཆའི་མིང་། དེ་དེ་བཞིན་མིང་ཚིག་གང་ཡང་བོད་ཡིག་ཐོག་བསྒྱུར་དཀའ་བ་ཡོད་པ་བཞིན། དེ་དག་ཡིག་བསྒྱུར་བྱེད་ཕྱོགས་ཐོག་འདིར་དཔེར་བརྗོད་ཁག་ཅིག་བཀོད་ཡོད་པ་ནི།

ཞེས་གོང་གི་ཡིག་བསྒྱུར་ཁག་གཅིག་ལ་ཨ་ཆུང་ཱ ཐོག་འཁོད་པ་དེ་ནི་དབྱངས་ཡིག་མཚོན་གྱི་ཡོད་པ་དང་། དེ་མིན་དབྱངས་ཡིག་གཞན་གང་ཡོད་དག་ཡིག་འབྲུ་དེའི་ཐོག་ནས་སྒྲ་གདངས་ཀྱང་རྗོད་ཀྱི་ཡོད་སྟབས། དེར་དབྱིན་ཡིག་ཀློག་སྐབས་གསལ་ཁ་སྟོན་ཐུབ་པ་དང་ལྷན། དབྱིན་ཡིག་གཅིག་མཚུངས་ནུབ་ཕྱོགས་ཀྱི་སྐད་ཡིག་ཁག་མང་པོའི་འབྲི་སྲོལ་ལྟར་ཚིག་འབྲུ་(syllable) གཅིག་གམ་འདུ་མའི་བསྒྲུབས་པའི་ཚེག་ཁྱིམ་གཅིག་ལས་ཡིག་འབྲུ་(word) གཅིག་བསྒྲུབས་པ་རྣམས་ཚེག་མེད་པར་ཚིག་འབྲུ་རྣམས་ཨ་ཆུང་ངམ་དབྱངས་ཡིག་གི་མཚོན་པའི་ཐོག་འབྲི་ན་ཀློག་བདེ་བའམ་བོད་ཡིག་མ་ཡིན་པའི་ཡིག་འབྲུ་ཞིག་ངོ་གསལ་ཡོད་པའི་དགོས་པ་གལ་ཆེན་ཞིག་ཏུ་མཐོང་།

དཔེར་ན། ཇོཧྣ་ཞེས་པ་ལྟར་ཚིག་འབྲུ་གཅིག་ལས་ཚེག་ཁྱིམ་གཅིག་ནང་བསྡུས་པའི་ཡིག་འབྲུ་གཅིག་ཀྱང་མཚོན། ཡང་ཨམཱེརཱིཀཱ་ཚིག་འབྲུ་བཞིའི་ཚེག་ཁྱིམ་གཅིག་ནང་བསྡུས་པའི་ཡིག་འབྲུ་གཅིག་ཡིན་ན་ཚིག་འབྲུ་དེ་དག་གི་བར་དུ་ཚེག་མེད་པར་གོང་གི་དཔེ་ལྟར་འབྲི་ན་ཡིག་འབྲུ་གཅིག་ཡིན་པའི་གོ་བ་ལེན་ཐུབ་པས་ཕན་ཐོག་སོགས་ཡོང་། གལ་ཏེ་དུས་རྒྱུན་བོད་ཡིག་ཏུ་གསལ་ཡོད་པ་ལྟར་ཨ་མེ་རི་ཀ་ཞེས་ཚིག་འབྲུ་རེ་རེ་བར་དུ་ཚེག་བཀོད་ནས་ཀློག་བདེ་ཡང་བྲིས་སྲོལ་དེ་ཉིད་དབྱིན་ཡིག་གི་བྲིས་སྲོལ་ཏེ་ཚིག་འབྲུ་གཅིག་དང་། ཡང་ན་དུ་མ་ལས་གྲུབ་པའི་ཡིག་འབྲུ་དང་མ་མཐུན་པའི་སྐྱོན་ཡོད།

དེ་བཞིན་གལ་ཆེན་ཞིག་ལ་ཡིག་བསྒྱུར་བྱེད་སྐབས་དོ་སྣང་གཙོ་ཆེར་གཅིག་ནི་དཔེར་ན། ཨམེརིཁཱ་ཞེས་པར། ཁའི་འོག་ཏུ་ཨ་ཆུང་བྲིས་ཀྱང་གཞན་དུ་མ་བྲིས་པ་གང་ཡིན་ཞེས་ན། “ཁཱ”ཡི་སྔོན་གྱི་ཚིག་འབྲུ་གསུམ་ལ་ནི་དབྱངས་ཡིག་རང་ཉིད་ཀྱི་གསལ་ཐུབ་ཀྱི་ཡོད་ཀྱང་ཁ་ཡི་འོག་ཏུ་ཨ་ཆུང་དེ་མེད་ན་དབྱངས་མེད་ཀྱི་ཡི་གེ་འགྱུར་ནས་ “€œཨ་མེ་རི་ཁཱ” €ཞེས་མ་ཀློག་པར་ “€œཨ་མེ་རིཁ” ཞེས་བརྗོད་པ་ནོར་བ་སོགས་ཀྱི་དཀའ་ངལ་བསླེབ་ཡོང་བས། དེར་གོང་བཞིན་ཡིག་བསྒྱུར་སོགས་འབྲི་སྲོལ་བྱུང་ན་དབྱངས་ཡིག་དང་ཚིག་འབྲུ་གང་ཡིན་གསལ་ཁ་སྟོན་པའི་དགོས་པའང་མཐོང་།

ཡིན་ཡང་ཡིག་བསྒྱུར་དེ་དག་དབྱངས་གསལ་གང་ཡོད་གང་འཁོད་དེ་རྣམས་ཀྱི་ཡིག་བསྒྱུར་ཡི་གེ་དེའི་སྒྲ་གདངས་དེ་དབྱིན་སྐད་དང་གཅིག་མཚུངས་རང་དུ་ཡིན་དགོས་པའི་ངེས་པ་མེད། གང་ཡིན་ཟེར་ན་དབྱིན་ཡུལ་དང་ཨཪི་དེ་བཞིན་དབྱིན་སྐད་ཤོད་མཁན་ཁག་གིས་ཡིག་གཟུགས་སམ་དག་ཆ་གཅིག་མཚུངས་བྲིས་ཀྱང་སྒྲ་གདངས་མ་འདྲ་བ་ཡོད། དེ་ལྟར་ན་རྩོམ་ཐུང་དེའི་བོད་ཡིག་ཏུ་དབྱིན་ཡིག་དང་འབྲེལ་བའི་གཞན་སྐད་ཡིག་ཁག་གི་རོམཱན་() ཡིག་གཟུགས་གཏོང་མཁན་གྱི་མིང་ཚིག་རྣམས་ཐོག་མར་ཡིག་བསྒྱུར་རམ་ཕབ་བསྒྱུར་གཅིག་མཚུངས་ཡོང་བའི་ཆེད་བསམ་ཆར་ཙམ་ཡིན། དེར་མཁས་དབང་དང་རྣམ་དཔྱོད་ལྡན་པ་རྣམས་ཀྱིས་མཚར་གཏམ་དང་བསམ་ཚུལ་གང་ཐུབ་འབུལ་ལམ་ཡོང་<བ་དང། དེ་མིན་སྐྱོན་བརྗོད་དམ་བཀའ་བཀྱོན་ཡང་དགའ་བསུ་ཞུ།

༢༠༡༤ ཟླ་བ་ ༩ ཚེས་ ༢ སྟེ་བོད་མིའི་དམངས་གཙོའི་ཉིན་མོར་ཇཱརམཱན་གྱི་གྲོང་ཁྱེར་ལཱཨིཔཛིག་སློབ་གྲྭ་ཆེན་མོ་ (University of Leipzig)རུ་བྲིས་པའོ།།

དཔྱད་རྩོམ།

Post navigation

Previous Post: དགེ་རྒན་ཉིན་མོ།
Next Post: རྗེས་རབས་པ་འདི་ཚོ།

Comments (7) on “ཡིག་བསྒྱུར་བྱེད་སྟངས་རོབ་ཙམ་གླེང་བ།”

  1. མིག་བརྒྱད་པ། says:
    2014-09-06 at 4:16 pm

    དཔྱད་པ་ཡག་པོ་གནང་འདུག །བཀའ་དྲིན་ཆེ། དབྱིན་ཇིའི་ཡིག་འབྲུ་ Ball ཞེས་པར་ “€œབཱལླ”€ ཞེས་ཡིག་བསྒྱུར་བྱས་པ་ཡིན་ན་ཡོངས་གྲགས་སམ་བོད་ཡིག་གི་འགྲོས་དང་མི་མཐུན་པས་ཀློག་ཚེ་(བཱ་ལ)་ཞེས་ཀློག་དགོས། བོད་སྐད་ཡིག་གི་སྒྲ་གདངས་དང་མ་འདྲ་བ་ཞིག་ཀློག་དགོས་པས་ཀློག་མི་ཤེས་བའི་དཀའ་ངལ་ཆེ། དེ་བས་སྔགས་ཡིག་ལྟར་འབྲི་ཅི་ཐུབ་བྱེད་ན་དགོས་པ་དང་དོ་སྣང་སླེབས་པ་སོགས་ཀྱི་ཕན་ནུས་ཡོང་བའི་དགོས་པ་དང་གལ་ཆེན་དུ་མཐོང་།

  2. རྡོ་རྗེ་སྐྱོབ་པ། says:
    2014-09-06 at 10:44 pm

    རྩོམ་ཡིག་འབྲི་མཁན་དེས་བོད་རང་གི་སྲོལ་རྒྱུན་གྱི་འབྲི་ཐབས་ལ་བསམ་བློ་གཏོང་དགོས་འདུག
    དོན་མེད་རང་བཟོས་ཅི་ཡང་ཕན་གྱི་མ་རེད།

    བོད་པ་རང་དང་ཕན་ལ་ཀློག་བདེ་བའི་དབང་དུ་མཛད་རྒྱུ་ཧ་ཅང་གལ་ཆེ། ཨ་མེ་རི་ཀ ཟེར་བ་ཧྥ་རན་སི།
    ཕ་རི་སི། ཟེར་བ་སོགས་འབྲི་བ་ལས། འ་ཆུང་དེས་བོད་པ་རང་ལ་ཕན་ཅི་ཡང་ཐོགས་ཀི་མ་རེད།
    དེ་ཤེས་པར་མཛོད།

  3. བློ་བཟང་བརྟན་པ་ says:
    2014-09-07 at 4:40 am

    གོང་གི་རྩོམ་ཡིག་དེ་བཞིན་བོད་ཀྱི་དུས་བབ་ཐོག་དཔེར་བརྗོད་དང་འཁོད་ཡོད་ལགས་ན་བོད་ཀྱི་དུས་བབ་ཐོགས་ལའང་གཟིགས་རོགས་གནང་།

  4. ཀརྡོ་གཉེར་ཕྱག་པ་ says:
    2014-09-07 at 6:38 am

    ཨ་མེ་རི་ཁྰ། ཁེ་ན་ཌ། ཕ་རན་སི། ཇྰར་མྰན། དིལླི། དྷ་ས་སོགས་ཀྱི་འབྲི་སྟངས་འདི་ཡག་པོ་འདུག

  5. གནམ says:
    2014-09-07 at 9:23 am

    དག་ཆ་ཟེར་བ་དེའི་ཐོབ་འདུག་ནི་བོད་ཡིག་རང་སྟེང་ནས་འབྲི་ཤེས་མིན་ལ་བསམ་བློ་འཁོར་མེད་པའི་འུར་གཏམ་ཞིག་ཡིན་པ་གསལ་པོ་རེད། ball ཟེར་བ་འདི་ལ་ཡང་དབྱིན་ཡིག་རང་སྟེང་ན་གོ་བ་གཅིག་ལས་མང་པ་ཡོད། ད་ཅི་ལྟར་བྱེད་དམ། དོན་གང་ལ་འཇུག་པ་དེ་ཅི་ལྟར་དབྱེས་སམ། ཧ་ཧ་ཧ། དགོད་ཤོར་སྤྱད་རེད།

  6. བསམ་ཤེས། says:
    2014-09-08 at 11:47 am

    དཀའ་ངལ་མང་པོ་འདུག བྲིས་མི་ཤེས། ཀློག་མི་ཤེས། དོན་མི་ཤེས། དེ་བས་འདོན་མི་ཤེས། དེས་ན་སྐད་ཡིག་གི་དགོས་པ་ཅི། ངས་ཤོད་བཞིན་པ་ནི་བོད་ཡིག་ནང་ལ་ཕྱི་མིའི་མིང་དང་ཡུལ་དངོས་ཀྱི་མིང་ཚིག་རེད།

    ཁྱོད་ཚོར་ཐབས་ཤེས་ཡོད་དམ།

    སྔོན་མ་དོམ་འབོར་དྲུང་ཡིག་ཞུ་བའི་སྡེ་པ་གཞུང་གི་དྲུང་ཡིག་སྐད་གྲགས་ཅན་ཞིག་ཡོད་ཚོད། ཁོང་གི་མིང་ཆ་ཚང་དང་དོམ་འབོར་ཟེར་བའི་དག་ཆ་མཁྱེན་མཁན་ཡོད་དམ།

    ཁོང་ལ་ས་གནས་ཀྱི་སྙན་ཞུ་འབྱོར་སྐབས། དེའི་ནང་ལ་ས་མིང་དང་མི་མིང་དག་ཆ་ནོར་བའམ། སྒྲ་མི་དག་པར་ཀློག་མ་ཐུབ་ན། ཁོང་ནས་སྙན་ཞུ་དེ་མར་བསློགས་ནས། དག་མེད་པའི་ཡི་གེ་དེ་དག་གི་ཟུར་ལ་དམར་མཆན་བཀོལ་སྲོལ་ཡོད་ཟེར། ཁོང་གི་དམར་མཆན་ལ་འདི་འདྲ་ཡོད་སྐད་ཟེར།

    དཔེར་ན། འབྲི་རུ་ཤན་ལ་དབུས་པས་བི་རུ་ཞེས་ཁ་སྐད་དང་མཚམས་རེ་དེ་ཡིག་ཐོག་བྲིས་ཚེ། དོམ་འབོར་དྲུང་ཡིག་གིས་དེའི་ཟུར་ལ། ༼འདི་སྐྱག་པ་ལ་གོ་འམ། ༼ལེགས་སྦྱར་སྐད་འདོད་ལ་དྲི་ཆེན་ལ་བི་ཡོད་པ་འདྲ།༽༽ཟེར་ནས་མི་འདོད་པའི་དམར་མཆན་བྲིས་པ་མཐོང་རྒྱུ་ཡོད་ཟེར། དེ་མིན་མིའི་མིང་ལ་གཡང་འཛོམ་ལྟ་བུ་ལ་དབྱངས་འཛོམ་ཞེས་བྲིས་ཚེ། དེའི་མཆན་ལ། ༼ཁྱོད་ཀྱི་གཡང་བསྐྱུར་ནས་དབྱངས་འདོན་པ་འདིའི་རྟེན་འབྲེལ་ལ་གྲམ་པའི་སྟེང་ལ་ལྕག་སྨྱུག་བཞི་ཐོབ།༽ཞེས་མཆན་བཀོལ་ནས། ཐེངས་གཅིག་ཡི་གེ་པ་ལ་འགྲམ་ལྕག་ཐོབ་པ་བྱུང་ཡོད་སྐད།

  7. ཨ་ར་དཀར་པོ says:
    2014-09-08 at 12:28 pm

    ང་ཡོད་ས་རྒྱ་གར་སྡེ་ར་ལྡུན་ Dehradun ཡིན། མི་ལ་ལས་འབྲས་ར་གྲོང་དང་ལ་ལས་དྷེ་ར་ཌོན་སོགས་འབྲི། བོད་གཞུང་གི་ཡིག་ཆ་ཁག་ནང་སྡེ་ར་ལྡུན་འབྲི་བཞིན་ཡོད། ང་རང་གི་བློ་ལ་འབབ་ཤོས་ཀྱང་དེ་ག་རང་རེད། སྡེ་ར་ལྡུན་བྲིས་ན་བོད་ཡིག་ནང་དམིགས་བསལ་གོ་རྒྱུ་ཅང་མེད་པས་བོད་སྐད་མིན་པ་ཤེས་ཐུབ་ལ་འབྲི་ཚུལ་བོད་ཡིག་རང་གི་འགྲོས་དང་མཐུན་པས་ཀློག་བདེ་བའང་འདུག མིང་གང་འདྲ་ཞིག་ཡིན་ཡང་བོད་སྒྱུར་བྱེད་སྐབས་འབྲས་ར་གྲོང་ལྟ་བུ་བོད་སྐད་ནང་གོ་བ་གང་འཚམ་ལེན་རྒྱུ་ཡོད་པ་ཅན་དང་ཌེ་ར་ཌུན་ནམ་དྷེ་ར་ཌོན་ལྟ་བུ་བོད་ཡིག་མིན་པའི་སང་སྐད་ལྟ་བུ་མིན་པར་བོད་ཡིག་དབྱངས་གསལ་སོ་བཞི་བོ་རང་སྤྱད་ནས་སུས་ཀྱང་ཀློག་ཐུབ་ལ་ཀློག་བདེ་བ་ཞིག་བྱུང་ན་ཡག་པོ་འདུག་སྙམ། པདྨ་ལ་པད་མ་དང་སེངྒེ་ལ་སེང་གེ་ལྟར་བྱས་ན་བདེ་སྙམ བསམ་ཚུལ་ཙམ་ཡིན། རྩོམ་འབྲི་མཁན་གྱི་ལྷག་བསམ་ལ་ཡི་རང་བཅས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme