Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡིག་ནོར་འདི་དག

Posted on 2017-08-032017-08-03 By ཁ་བརྡ་ 8 Comments on ཡིག་ནོར་འདི་དག

འཇུ་སྐལ་བཟང་། (རིག་འཛིན་གྱིས་འོས་སྦྱོར་བྱས།)

 
ཁོ་ཚོས་ཡིག་ནོར་བྲིས་བཞག
ཡིག་ནོར་འདི་ཚོ། ང་ཚོའི་མུན་པ་རེད། འུག་པ་རེད།
ཁྭ་ཏ་བཞིན་ཨག་སྐད་འཛེར་འཛེར་འབྱིན་གྱིན་འདུག
སྡིག་སྲིན་བཞིན་ཡན་ལག་ཤིགས་ཤིགས་འགུལ་གྱིན་འདུག
གོས་སྲུབས་སུ་འཚང་བའི་སོ་མ་བཞིན་བསལ་དུ་མེད་པར་འདུག
དེ་ཚོས་ང་ཚོར་སྐྱི་གཡའ་རུ་འཇུག་བཞིན། ཞེ་མེར་དུ་འཇུག་བཞིན།
ཟུག་རྔུ་བསྐྱེད་བཞིན། དངངས་སྐྲག་སློང་བཞིན་འདུག

ཡིག་ནོར་ཚོས་གཞུང་ལུགས་ན་གཡེང་རྐྱལ་བྱེད་ཀྱིན་འདུག
བསླབ་བྱ་ན་གཡོ་སྟོན་བྱེད་བཞིན་འདུག
རྩོམ་རིག་ན་བཅོས་འཛུམ་སྟོན་བཞིན་འདུག
ལོ་རྒྱུས་ཀྱི་འགག་མདོ་ན་རྩོད་གཞི་སློང་གིན་འདུག་ཅིང་།
མཚམས་ཁང་གི་སྒོ་དྲུང་ནས་ལོག་སྟོན་བྱེད་ཀྱིན་འདུག
ཐ་ན་སྨན་རྐྱལ་དུ་འཛུལ་ནས།
ཤི་གསོན་གྱི་གྱེས་སོ་ན་བརྡ་ལོག་རྒྱག་གིན་འདུག
མདོར་ན་ཡིག་ནོར་དེ་ཚོས་ཆོས་ལོག་འཆད་ཀྱིན་འདུག
སྲིད་ནོར་དུའང་འཁྲིད་ཀྱིན་འདུག་སྟེ་ཁོ་ཚོས་ག་སར་ཡིག་ནོར་བྲིས་བཞག
གཞུང་ཡིག་ན་ཡིག་ནོར་བྲིས་བཞག

ཐམ་ག་ན་ཡིག་ནོར་བྲིས་བཞག
སྒོ་བྱང་ན་ཡིག་ནོར་བྲིས་བཞག
ཡིག་ནོར་གྱི་སྙན་ཞུ་ལ།
ཡིག་ནོར་གྱི་ཆོག་མཆན་འགོད་ཅིང་།
ཡིག་ནོར་གྱིས་ལག་བསྟར་བྱེད་ཀྱིན་འདུག

ད་ལྟ་དེ་ཚོ་ཡམས་ནད་བཞིན་ག་སར་ཁྱབ་ཟིན།
ནམ་མཁའ་ནས་འབབ་ཀྱིན་འདུག
གྲོང་མཐའ་ན་ཉུལ་གྱིན་འདུག
ལྷས་འདབས་སུ་རུལ་བཞིན་འདུག
ང་ཚོས་ཁ་ནས་ཡིག་ནོར་ཟོས་ཟིན།
ང་ཚོའི་རྒྱབ་ཏུ་ཡིག་ནོར་གྱོན་ཟིན།
ད་ལྟ་ང་ཚོ།
ཡིག་ནོར་དང་ཁ་འབྲལ་ཐབས་མེད་པར་གྱུར་འདུག

ཁོ་ཚོས་ག་སར་ཡིག་ནོར་བྲིས་བཞག
ང་ཚོའི་གཙང་བོ་དང་ལོ་རྒྱུས་ཀྱི་མགོ་ཁུངས་ནས། ཡིག་ནོར་གྱིས་རྙོག་གིན་འདུག
མཐོ་སྒང་གི་རུས་སྒྲོམ་ཧྲིལ་བོ་ཡིག་ནོར་གྱིས་ཟ་གིན་འདུག
ཡིག་ནོར་ཚོ་མའི་མངལ་དུ་ཞུགས་ཟིན་པས།
རིགས་རྒྱུད་ཀྱི་ཕྱི་མ་ཚོ་རྙོག་འཐོམ་མེར་བཏང་འདུག

ཁོ་ཚོས་ག་སར་ཡིག་ནོར་བྲིས་བཞག
ཨ་ཁ་ཁ། ཁོ་ཚོས་ངའི་ཆེས་གཅེས་ཐང་ཆེ་བའི་རུས་མིང་དེ།
ཡིག་ནོར་གྱིས་བྲིས་བཞག
ངའི་དུར་བྱང་ལ་ཡིག་ནོར་བཏབ་བཞག

སྙན་ངག

Post navigation

Previous Post: ཨེ་མ་ཧོ་ཡི་རྩོམ་ཡིག་གསུམ།
Next Post: རྗེ་ཡི་མགུལ་ལྷ་བཅུ་གསུམ་དང་འབྲེལ་བའི་རྒྱལ་ཕྲན་སིལ་མའི་སྐོར།

Comments (8) on “ཡིག་ནོར་འདི་དག”

  1. ལ་དྭགས་འཇམ་དཔལ།། says:
    2017-08-03 at 6:08 am

    འཇུ་སྐལ་བཟང་ལེགས་ཀྱིས་བྲིས་པ་ལ་མངོན་པར་བསྟོད་འོས་པ་མཆིས། ཉེ་དུས་ཨ་རི་རུ། བདག་ལ་སྤར་ཕུད་དུ་ཕུལ། ཅེས་པའི་གླེགས་བམ། བརྗོད་བྱ་ལེགས་ཀྱང་། ཡིག་ནོར་དག་ཆ་མང་པོར་སྐྱོན་ཡོད་པར་མཐོང་བ་ནི།
    རྟགས་ཡང་དག་ལ། རྟག་ཡང་དག་དང་། རྟོག་པའི་དྲ་བ་རྣམ་བསལ་ཅིང་ལ། རྟོག་པའི་དྲ་བ་རྣམ་གསལ་ཞིང་། ཞེས་སོགས་མི་འཚམས་པ་ཡོད་པ་རྣམས་ལ་དག་བཅོས་ཀྱི་རེའུ་མིག་མེད་ན་བོད་ཡིག་འཆལ་འཆོལ་དུ་གྱུར་པ་ལས་ཀྱང་། ཆེས་འཆལ་འཆོལ་དུ་འགྱུར་བར་སེམས་སོ།

  2. ཨ་ཁུ་འབྲོག་པ། says:
    2017-08-03 at 8:11 am

    ཁོང་ཚོས་ཡིག་ནོར་བྲིས་པར་མ་ཟད། ང་ཚོས་ཀྱང་བྲིས་བཞག །
    མཐོ་སྒང་གི་རུས་སྒྲོམ་ཧྲིལ་པོ་ཡིག་ནོར་གྱིས་༼ཟ་གིན་༽འདུག་ཀྱང་ནོར་བཞག

  3. ཟུར་གནས་ says:
    2017-08-07 at 1:59 pm

    བོད་ཡིག་ལ་ཡིག་ནོར་མང་པོ་བྱུང་བ་འདི་ཡི་གེ་བཟོ་མཁན་དང་། ཡི་གེ་སློབ་མཁན། དེ་བཞིན་ཡི་གེ་སྦྱོང་མཁན་གསུམ་གར་འགན་འདུག ཡིག་ནོར་འདུག་ཅེས་ཁ་ཕོ་ཆེ་བ་དེ་ཚོ་ཡང་ཞར་དང་ཞོར་ལ་རང་ལ་གྲགས་པ་ཞིག་གི་རེ་བས་བསྐུལ་བ་ལས་ཤ་ཚ་གཅིག་པུ་ཡིན་མིན་འདུག་

    ཅིའི་ཕྱིར་ང་ཚོའི་ཡི་གེ་དེ་རྙོག་ཟིང་ཆེན་པོ་བཟོས་པ་རས། རྒྱལ་མཁན་ཀུན་ལ་སྔོན་འཇུག་དང་བརྩེགས་འདོགས་མེད་པར་སྟབས་བདེ་པོས་ཡི་གེ་བཟོ་ཐུབ་སར། ང་ཚོའི་ཡི་གེ་བཟོ་མཁན་ཚོས་ཅིའི་ཕྱིར་སྔོན་འཇུག་ཡང་འཇུག་མགོ་འདོགས་མད་འདོགས་བཟོས་པ་རས། དེ་ཚོ་ཡང་བསམ་བློ་གཏོང་དགོས་འདུག

    རྒྱ་ཡིག་ལས་སླ་པོ་བཟོས་འདུག དབྱིན་ཇི་དང་གཞན་སྔོན་ཐོན་རྒྱལ་ཁབ་ཀྱི་སྐད་ཡིག་དེ་དག་ཇི་འདྲའི་ལས་སླ་པོ་འདུག ཅིའི་ཕྱིར་བོད་ཡིག་འདི་ཆེད་དུ་གཉེར་ནས་མཁས་པའི་ང་རྒྱལ་ངོམས་ཆེད་ཁག་པོ་བཟོས་འདུག

    དེ་ཚོར་བསམ་གཞིགས་བྱེད་རོགས།

  4. ཟུར་གནས་ says:
    2017-08-07 at 2:02 pm

    ང་རང་བོད་ཡིག་ལོ་དྲུག་ནས་ད་ལྟ་ལོ་ལྔ་བཅུ་ཙམ་གྱི་བར་སྦྱོང་བཞིན་པ་ཡིན་རུང་ད་དུང་དཀའ་ངལ་འདུག ངས་རྒྱ་ཡིག་ལོ་བཞི་སྦྱངས་འདུག བཤད་དགོས་སམ་འབྲི་དགོས་རུང་དཀའ་ངལ་མིན་འདུག དབྱིན་ཡིག་ལོ་དྲུག་ཙམ་སྦྱངས་འདུག དཀའ་ངལ་མིན་འདུག

    བོད་ཡིག་ལ། བདག་གི་དངོས་པོ། གཞན་གྱི་དངོས་པོ། ཕོ། མོ། མ་ནིང་། གཞན་དབང་ཅན་གྱི་ཚིག་འཕྲད་དེ་ཚོ་ནི་ཤིན་དུ་རྗེས་ལུས་ཀྱི་ཐབས་ཤེས་རེད། གལ་ཏེ་ཁྱོད་ཀྱིས་ཚིག་འཕྲད་གཞན་དབང་ཅན་རྣམས་རང་དབང་ཅན་ལ་གྱུར་དང་། ཡིག་ནོར་བརྒྱ་ཆ་བདུན་ཅུ་མེད་པ་བཟོས་ཟིན། དེ་ཚོར་ཐབས་ཤེས་ཟེར།

  5. ཀརྡོ་རབ་འབྱམས་པ་ says:
    2017-08-07 at 3:24 pm

    ཟུར་གནས་ལགས་ཀྱིས་གསུངས་པ་འདི་བདེན་པ་རེད། བོད་ཡིག་དང་བོད་སྐད་དིང་དུས་དང་འཚམ་པའི་གསར་གཏོད་མ་བྱུང་བས་ལན་པ་རེད། ད་དུང་དེའི་སྟེང་དུ་བོད་སྤྱི་སྐད་ཀུན་བཀུར་ཞིག ཁ་དང་འདྲ་མཉམ་ལག་ཐོག་ཏུ་བྲིས་མ་ཞིག་གཏན་འབེབས་མ་ཐུབ་པ་འདིས། མ་བཟོས་པས་ལན་པ་རེད།
    གཅིག་གིས་གསར་གཏོད་བྱས་ན། གཞན་པ་ཞིག་གིས་ཕྲག་དོག་གིས་འབུར་འཇོམས་བྱེད་བགྱིད་རེད། བོད་རིགས་ཀྱི་སྐྱོན་ཆེ་ཤོས་དེ་བོད་རིགས་གཞན་པ་ཞིག་གི་རྐང་པ་མར་འཐེན་ཐུབ་ཙམ་བྱུང་ན་འཚིམ་འགྲོ་བ་དེ་རེད།

  6. ཀརྡོ་རབ་འབྱམས་པ་ says:
    2017-08-07 at 3:27 pm

    དུས་བབ། > གསར་འགྱུར། > Front Slider > སོན་རྩ་བྱིས་པའི་དེབ་ཕྲེང་ ༤༠ དབུ་འབྱེད་གནང་།
    རྩ་བྱིས་པའི་དེབ་ཕྲེང་ ༤༠ དབུ་འབྱེད་གནང་།

  7. བསོད་ནམས་རྡོ་རྗེ། says:
    2017-08-08 at 1:02 am

    ཤིགས་ཤིགས་མ་རེད་ཤིག་ཤིག་རེད། བསྐྱེད་བཞིན་མ་རེད་སྐྱེད་བཞིན་རེད། གཙང་བོ་མ་རེད་གཙང་པོ་རེད། ཟ་གིན་མ་རེད་ཟ་ཡིན་རེད། དང་པོ་མཛུབ་མོ་ནང་བཀུག་གིས། རང་གི་ཡིག་ནོར་ཤེས་པར་བྱོས། ང་ཚོ་ཞེས་སྨྲ་ཆོག་ཀྱང་རིགས། ཁོ་ཚོ་ཟེར་དུས་ཞེ་རེ་ཁྲེལ།

  8. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-08-08 at 5:24 am

    གཞན་གྱི་བྱ་བ་ལེགས་ལམ་མི་གཏོང་ཤིང་།
    རང་གི་འཇོན་སྟངས་མི་ལ་ངོམས་རིན་མེད་།
    ཕྲག་དཱོགས་འབྷུང་པོའི་རྣམ་ཤེས་སྟོང་པ་འདི་།
    བོད་ཀྱི་རུས་བརྒྱུད་ལས་དབང་སྲུབ་ཏུ་དཀའ་།
    ཧཧཧཨ་རོགས་སྐུ་རྩེད་ཞུས་ཡིན་ནོ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme